ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སུའུ་ཀྲོའུ་བཟོ་ལས་གླིང་ནས་ཀྲུང་སིང་མཉམ་ལས་ཀྱི་གསོན་ཤུགས་གསར་པ་མངོན་པ།

2024-11-04
འདི་ནི་སུའུ་ཀྲོའུ་བཟོ་ལས་གླིང་གི་ཡུལ་ལྗོངས་ཡིན་པ།
  ཉེ་ཆར། སུའུ་ཀྲོའུ་བཟོ་ལས་གླིང་སིང་ཀ་ཕོར་ཕྱོགས་ཀྱི་པུའུ་ཀྲང་ཁྲེན་ཀྲེང་ཧྲེང་གིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། དེང་དུས་ས་འབྲེལ་ཆབ་སྲིད་ཀྱི་ཆགས་སྟངས་གཡོ་འགུལ་ཆེ་བའི་རྒྱབ་ལྗོངས་འོག ཀྲུང་སིང་སུའུ་ཀྲོའུ་བཟོ་ལས་གླིང་གིས་ཀྲུང་གོ་དང་འཛམ་གླིང་དབར་གྱི་འབྲེལ་བ་ཟབ་མོ་གང་ལེགས་མངོན་པར་བྱས་ཡོད་ཅེས་བརྗོད་པ་རེད།
  1994ལོར། སུའུ་ཀྲོའུ་བཟོ་ལས་གླིང་དེ་ཀྲུང་གོ་ཅང་སུའུ་ཞིང་ཆེན་དུ་བཙུགས་པ་དང་། དེ་ནི་ཀྲུང་གོ་དང་སིང་ཀ་ཕོར་སྲིད་གཞུང་དབར་གྱི་མཉམ་ལས་རྣམ་གྲངས་ཐོག་མ་དེ་ཡིན་ལ། རྒྱལ་ཁབ་གཉིས་པོས་བཟོ་ལས་ཅན་གྱི་ཉམས་མྱོང་དང་བཅོས་སྐྱོང་བྱ་ཐབས་མཉམ་སྤྱོད་བྱེད་པའི་ལས་སྟེགས་ཀྱང་རེད། ཀྲུང་གོའི་རྩེར་སོན་བཟོ་ལས་གླིང་གི་གྲས་ཤིག་ཡིན་པའི་ངོས་ནས། 2023ལོར་སུའུ་ཀྲོའུ་བཟོ་ལས་གླིང་གིས་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3686ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་5.9%འཕར་བ་དང་སུའུ་ཀྲོའུ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་15%ཙམ་བཟུང་ཡོད། ད་ཆ་གླིང་ཁུལ་གྱི་གཙོ་གནད་ཁྱབ་ཁོངས་ཀྱང་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་དུས་བསྟུན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། མིག་སྔར་ནུས་རྒྱུ་གཙང་མ་དང་། སྐྱེ་དངོས་གསོ་རིག་སྨན་རྫས། གྲངས་འཛིན་ཅན་གྱི་གསར་གཏོད་སོགས་ཁྱབ་ཁོངས་ལ་དོ་ཁུར་དེ་བས་མང་པོ་ཐོབ་ཡོད།
  གྲངས་གཞི་ལས་མངོན་པར། ཀྲུང་གོ་ལོ་10བསྟུད་མར་སིང་ཀ་ཕོར་གྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། སིང་ཀ་ཕོར་གྱིས་ལོ་10བསྟུད་མར་ཀྲུང་གོའི་གསར་འཕར་མ་འཇོག་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་རྒྱུན་འཁྱོངས་བྱས་ཡོད།
  —— སིང་ཀ་ཕོར་ཨེ་ཤེ་ཡ་གསར་འགྱུར་ལས་ཁུངས་དྲ་ཚུགས་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང་།
འབྲེལ་ཡོད་རྩོམ་ཡིག