ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཨ་རིའི་ཙུང་ཐུང་འདེམས་བསྐོ་ལ་དངུལ་ག་ཚོད་གཏོང་གི་ཡོད་དམ།

2024-11-05
       ཨ་རིའི་ཙུང་ཐུང་གི་འདེམས་བསྐོ་ཆེན་མོ་དེ་ནི་སྔར་ནས་བཟུང“དངུལ”དང་འབྲེལ་ཞིང་། དེ་ཡང་འདེམས་བསྐོ་ཆེན་མོ་ཐོན་ལ་ཉེ་བ་དང་བསྟུན་ནས། ད་ལོའི་ཙུང་ཐུང་འདེམས་བསྐོ་ནི་ཨ་རིའི་ལོ་རྒྱུས་ཐོག་གི་དངུལ་སྤྱོད་པ་ཆེས་མང་བའི་སྐབས་ཤིག་ཏུ་འགྱུར་ཡོད། ཕེང་པོ་གསར་འགྱུར་ཁང་གིས་ཟླ11པའི་ཚེས1ཉིན་རྩོམ་ཡིག་སྤེལ་གསལ། ཆབ་སྲིད་ཚོགས་པ་ཁྲི1.1གིས་ཨ་རིའི2024ལོའི་འདེམས་བསྐོ་ཆེན་མོའི་བྱེད་སྒོར་ཨ་སྒོར་དུང་ཕྱུར147འགྲོ་སོང་བཏང་ཡོད་ཅེས་བརྗོད།
       རྩོམ་ཡིག་གི་འགོ་བརྗོད་ནས་བསྟན་དོན། ཨ་རིའི་ཆབ་སྲིད་མ་ལག་ནི་དངུལ་དང་ཁ་བྲལ་ཐབས་མེད་ཅིང་། དངུལ་འབོར་ཆེན་གཏོང་དགོས་ཀྱི་ཡོད། ཨ་རིའི་བཅའ་ཁྲིམས་ཀྱིས་ཨ་རིའི་ཙུང་ཐུང་གི་འདེམས་བསྐོ་དང་རྒྱལ་ཚོགས་ཀྱི་གྲོས་མིའི་འདེམས་བསྐོའི་ཐད་མ་དངུལ་གཏོང་རྒྱུར་ཚོད་འཛིན་བྱས་མེད་པས། དམངས་གཙོ་དང་སྤྱི་མཐུན་ཏང་གཉིས་དབར་གྱི་འཐབ་རྩོད་ཛ་དྲག་ཏུ་སོང་བ་དང་བསྟུན་ནས། བརྡ་ཁྱབ་དང་། འཕྲིན་ཐུང་། སྦྲག་བསྐུར་སོགས་འདེམས་ཤོག་འཕེན་སྐུལ་གྱི་ནང་དོན་འདེམས་དམངས་ལ་ཁྱབ་པར་བྱེད་ཀྱི་ཡོད།
       ཨ་སྒོར་དུང་ཕྱུར147དེ་དག་བརྙན་འཕྲིན་བརྡ་ཁྱབ་དང་། དངུལ་གྲབས་གསོག་གི་བྱེད་སྒོ། དེ་བཞིན་སྒོ་རྩར་འདེམས་ཤོག་འཕེན་སྐུལ་ལ་བསྐྱོད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་ཐད་སྤྱོད་ཀྱི་ཡོད་ཅིང་། ཨ་རིས་ཞལ་འདེབས་བརྒྱབ་པའི་གཞི་གྲངས་ཀྱི་མཛོདOpensecretsཡིས་སྔོན་དཔག་བྱས་པར་གཞིགས་ན། གཞི་གྲངས་དེས2024ལོའི་འདེམས་བསྐོའི་དུས་འཁོར་ཧྲིལ་པོའི་འགྲོ་སོང་བསྡོམས་འབོར་གྱི92%བཟུང་ཡོད།
       ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་འདེམས་བསྐོ་ཨུ་ལྷན་གྱི་ཡིག་ཆར་གཞིགས་ན། ཆབ་སྲིད་ཚོགས་པ11000གིས2024ལོའི་འདེམས་བསྐོའི་དུས་འཁོར་ཁྲོད་མ་དངུལ་བཏང་བའི་ནང་ཨའེ་ལུང·མ་སི་ཁེ་ལྟ་བུའི་ཕྱུག་བདག་ཀྱང་ཧ་ཅང་མང་པོ་ཡོད།
       གཞན་ཡང་ད་ལོ་ཨ་རིའི་འདེམས་བསྐོ་ཆེན་མོ་དེར་མི་སྣ་གྲགས་ཅན་ཚོས་དངོས་སུ་ཞལ་འདེབས་རྒྱག་པ་དང་འདེམས་ཤོག་འཕེན་སྐུལ་གྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད།
       ཟླ10པའི་ཚེས19ཉིན། པིང་ཞི་ཧྥ་ཉི་ཡཱ་ཁུལ་དུ་གཉེར་བའི་ཐེ་རོན་ཕུའི་འགྲན་འདེམས་ལ་ཤུགས་རྒྱག་པའི་བྱེད་སྒོ་ཞིག་གི་ཐོག ཨ་རིའི་ཚན་རྩལ་ཁེ་ལས་མཁས་ཅན་ཨའེ་ལུང·མ་སི་ཁེས་ཨ་སྒོར་ཁྲི100ཡི་དངུལ་འཛིན་ཞིག་བྱེད་སྒོའི་ཡུལ་དངོས་སུ་ལྟད་མོ་བ་ཞིག་ལ་སྤྲད་ཡོད། དེ་སྔོན་མ་སི་ཁེས་དྲ་ཐོག་ནས་ཨ་རིའི་རྩ་ཁྲིམས་ལ་རྒྱབ་སྐྱོར་བྱེད་པའི་དྲ་ཐོག་རེ་འདུན་ཞུ་ཡིག་ཅིག་བཏོན་པ་དང་འབྲེལ། ཟླ11པའི་ཚེས5ཉིན་གྱི་ཨ་རིའི་འདེམས་བསྐོ་ཆེན་མོའི་ཉིན་གྱི་གོང་། ཉིན་རེར་རེ་འདུན་ཞུ་ཡིག་ལ་མིང་རྟགས་འགོད་མཁན་གཅིག་ལ་ཨ་སྒོར་ཁྲི100སྤྲོད་རྒྱུའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད། ལུའུ་ཐུའུ་གསར་འགྱུར་ཁང་གི་རྩོམ་ཡིག་ནང“དངུལ་དེ་དག་ནི་མ་སི་ཁེས་རང་གི་རྒྱུ་ནོར་འབོར་ཆེན་སྤྱད་དེ་ཐེ་རོན་ཕུ་དང་ཧ་ལི་སི་དབར་གྱི་འགྲན་འདེམས་ཛ་དྲག་ལ་ཤུགས་རྐྱེན་བཟོས་པའི་དཔེ་མཚོན་གསར་ཤོས་ཤིག་རེད”ཅེས་བཀོད་ཡོད།
       ཧ་ལི་སིར་ཡང“ཕྱུག་བདག”གིས་རྒྱབ་སྐྱོར་བྱེད་མཁན་ཡོད་ཅིང་། ཟླ10པའི་ཚེས22ཉིན《ཉིའུ་གཡོད་སྐབས་དོན་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་ནས། ལོ་བཅུ་ཕྲག་བསྟུད་མར་ཆབ་སྲིད་ལ་ཐེ་གཏོགས་མི་བྱེད་པར་འཛམ་གླིང་ཡོངས་ཀྱི་ཕྱུག་ཤོས་ཀྱི་གྲལ་དུ་ཚུད་པའི་མཉེན་ཆས་ཕྲ་མོའི་ཀུང་སིའི་སྲོལ་གཏོད་པ་པིར·ཀའེ་ཚིས་ཧ་ལི་སིར་ཞལ་འདེབས་ཨ་སྒོར་ཁྲི5000བརྒྱབ་ཡོད།
       《ཧྥུའུ་པུའུ་སི》དུས་དེབ་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཧ་ལི་སིར་སྒོར་དུང་ཕྱུར་མང་པོ་ཡོད་པའི་ཕྱུག་བདག80ཙམ་གྱི་རྒྱབ་སྐྱོར་ཐོབ་པ་དང་། ཐེ་རོན་ཕུར་སྒོར་དུང་ཕྱུར་མང་པོ་ཡོད་པའི་ཕྱུག་བདག་ཁྲི50ཙམ་གྱི་རོགས་རམ་ཐོབ་ཡོད།
       ཨ་རིའི་བརྡ་ཁྱབ་འཚོལ་འདེད་ཀུང་སིAdImpactཡིས་སྔོན་དཔག་བྱས་པར་གཞིགས་ན། 2024ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོ་དེ་ལོ་རྒྱུས་ཐོག་གི་རིན་གོང་མཐོ་ཤོས་ཤིག་ཏུ་འགྱུར་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག