ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་དབྱིན་ཇིའི་ཡོར་ཁེའི་མཚན་ཐོབ་རྒྱལ་སྲས་ཨན་ཏེ་ལུའུ་དང་མཇལ་འཛོམས་གནང་བ།

2016-04-06 བྱུ་རུ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚེས5ཉིན་མི་དམངས་ཚོགས་ཁང་ཆེན་མོར་དབྱིན་ཇིའི་ཡོར་ཁེའི་མཚན་ཐོབ་རྒྱལ་སྲས་ཨན་ཏེ་ལུའུ་དང་མཇལ་འཛོམས་གནང་།

ཞིས་ཅིན་ཕིང་གིས་ན་ནིང་གི་ཟླ10པར། ངས་གྲུབ་འབྲས་ཡོད་པའི་སྒོ་ནས་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་ཞིང་། དབྱིན་ཇིའི་རྒྱལ་པོ་ཚང་དང་སྲིད་གཞུང་གིས་སེམས་རྩ་འཁོལ་བའི་ངང་མཛའ་མཐུན་སྣེ་ལེན་བྱས་བྱུང་། ང་དང་དབྱི་ལི་ཧྲ་པེ་རྒྱལ་མོ་སྐུ་ཕྲེང་གཉིས་པ་སོགས་རྒྱལ་པོ་ཚང་གི་ཁོངས་མིས་མཛའ་བརྩེ་ལྡན་པའི་ངང་གླེང་མོལ་སྤེལ་རེས་བྱས་པ་དེས་ང་ལ་བག་ཆགས་ཟབ་མོ་དང་མཛེས་སྡུག་ལྡན་པའི་ཕྱིར་དྲན་ཞིག་བཞག་སོང་། ང་ཚོས་དབྱིན་ཇིའི་རྒྱལ་པོ་ཚང་གིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་གཏིང་ཟབ་ཏུ་གཏོང་བར་བྱས་རྗེས་ཕུལ་བར་བསྔགས་བརྗོད་བྱེད་ཀྱིན་ཡོད་ཅེས་བསྟན།

ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་དབྱིན་འབྲེལ་བའི“རྫོགས་ལྡན་དུས་སྐབས”ཀྱི་འགོ་ཚུགས་པའི་ལོ་ཡིན། ང་ཚོས་དབྱིན་ཇི་ཕྱོགས་དང་ཐུན་མོང་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་རིམ་པ་ཁག་གི་མཛའ་མཐུན་འགྲོ་འོང་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་འདུན་པ་བཅངས་ཡོད། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་སྔར་བས་མཐོ་རིམ་འགྲོ་འོང་དམ་ཟབ་དང་ཕྱོགས་གཉིས་ཀས་ཐུན་མོང་གིས་ལམ་སྲོལ་རང་བཞིན་གྱི་གཏམ་བཤད་སྤེལ་རེས་བྱེད་པ་དང་། ཟམ་མི་ཆད་པར་དོན་གཉེར་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་དགོས། ཀྲུང་དབྱིན་རྒྱལ་ཁབ་གཉིས་ནི་དཔལ་ཡོན་དར་བའི་གནའ་བོའི་རྒྱལ་ཁབ་དང་རིག་གནས་དར་བའི་རྒྱལ་ཁབ་ཆེན་པོ་ཡིན་ཞིང་། ཕྱོགས་གཉིས་ཀས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་སུ་ཕན་ཚུན་སྤེལ་རེས་དང་མིག་ལྟོས་བྱེད་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་པ་བཅས་བྱེད་དགོས། ངས་དབྱིན་ཇིའི་རྒྱལ་པོ་ཚང་གིས་མུ་མཐུད་དུ་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་གཏིང་ཟབ་ཏུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས། ཀྲུང་དབྱིན་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་བརྟན་པའི་དམངས་བློའི་རྨང་གཞི་འདིང་བར་རེ་སྒུག་བྱས་ཡོད།

ཨན་ཏེ་ལུའུ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ན་ནིང་གི་ཟླ10 པར་གྲུབ་འབྲས་ཡོད་པའི་སྒོ་ནས་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་སྟེ། དབྱིན་ཇིའི་རྒྱལ་པོ་ཚང་དང་དབྱིན་ཇི་མི་དམངས་ལ་བག་ཆགས་ཟབ་མོ་བཞག་སོང་། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འགྲོ་འོང་དམ་ཟབ་ཡོང་བ་མཐའ་འཁྱོངས་བྱེད་པ་དང་། ཟམ་མི་ཆད་པར་རིག་གནས་སྤེལ་རེས་ལ་སྐུལ་མ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་ལོན་དང་། ཕྱོགས་གཉིས་ཀའི་དོན་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དབྱིན་ཀྲུང་གི“ རྫོགས་ལྡན་དུས་རབས” གཟི་འོད་འབར་བར་བྱ་རྒྱུའི་འདུན་པ་ཡོད་ཅེས་བསྟན།

རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་སོགས་མཇལ་འཛོམས་ནང་ཞུགས།

འབྲེལ་ཡོད་རྩོམ་ཡིག