ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལི་ཁེ་ཆང་གིས་སུད་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཧྲེ་ནད་ཏེ་ཨ་མན་དང་མཇལ་འཛོམས་གནང་བ།

2016-04-08
        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་7ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སུད་སིའི་རྒྱལ་ཕྲན་མཉམ་འབྲེལ་ཀྱི་ཀྲུའུ་ཞི་ཧྲེ་ནད་ཏེ་ཨ་མན་དང་མཇལ་འཛོམས་གནང་བ་རེད།
        ལི་ཁེ་ཆང་གིས། ཀྲུང་གོའི་ཕྱོགས་ནས་སུད་སིའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ནས་སྤྱི་ཚེས་8ཉིན་སྐུ་ཉིད་དང་མཇལ་མོལ་གནང་རྒྱུ་རེད། རྒྱལ་ཁབ་གཉིས་པོའི་རང་མོས་ཉོ་ཚོང་གྲོས་ཆོད་ལ་ནུས་པ་ཐོན་ནས་ལོ་གཉིས་ཙམ་སོང་རིང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་། ན་ནིང་ཀྲུང་གོ་དང་སུད་སིའི་ཕྱོགས་གཉིས་ཉོ་ཚོང་དེ་ཀྲུང་གོ་དང་ཡོ་རོབ་ཉོ་ཚོང་སྤྱི་ཡོངས་ནས་ཆག་འགྲོ་བའི་རྒྱབ་ལྗོངས་འོག་ལྡོག་འཕར་བྱུང་ཡོད། ཀྲུང་གོའི་ཕྱོགས་ནས་སུད་སི་དང་མཉམ་དུ་སྲོལ་རྒྱུན་མཛའ་བཤེས་དར་སྤེལ་དང་དངོས་གཉེར་མཉམ་ལས་ཟབ་ཏུ་གཏོང་བ། ཉོ་ཚོང་དང་དངུལ་རྩའི་འགུལ་ཤུགས་གཉིས་ལ་བརྟེན་པ་དང་། གསར་སྐྲུན་མཉམ་ལས་དེ་འཕར་གནས་གསར་པར་བརྩིས་ནས། ཀྲུང་གོ་དང་སུད་སིའི་མཉམ་ལས་རིམ་འཕར་མགྱོགས་པོ་ཡོང་བར་རམ་འདེགས་བྱས་པ། མུ་མཐུད་ནས་ཀྲུང་གོ་དང་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་འབྲེལ་བའི་ནང་ཁྲིད་སྟོན་དང་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་དང་།
        ལི་ཁེ་ཆང་གིས། གསར་སྐྲུན་ནི་ཀྲུང་གོའི་དཔལ་འབྱོར་བརྗེ་སྒྱུར་རིམ་འཕར་གྱི་བགྲོད་ལམ་ཉག་ཅིག་དེ་ཡིན། སུད་སི་ནི་གསར་སྐྲུན་གྱི་རྒྱལ་ཁབ་ཅིག་ཡིན་ལ། བཟོ་རྩལ་པའི་སྙིང་སྟོབས་ཀྱིས་ཕྱུག་པ་ཞིག་ཡིན་པས། ཕྱོགས་གཉིས་པོར་གསར་སྐྲུན་མཉམ་ལས་བྱེད་པའི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཁེ་ལས་དང་མཐོ་རིམ་སློབ་གྲྭ ཚན་ཞིབ་ལས་ཁུངས་སོགས་ནས་གསར་སྐྲུན་མཉམ་ལས་སྒྲིག་གཞིའི་སྟེགས་བུ་འཛུགས་པའི་རེ་བ་ཡོད། དུས་མཚུངས་སུ་སྤྱི་ལོ་2025ལོའི་ཀྲུང་གོས་བསྐྲུན་ཞེས་པ་དང་སུད་སིའི་བཟོ་ལས་4.0ཞེས་པ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན། ཕྱོགས་གཉིས་པོས་གྲངས་གཞི་ཅན་དང་བཟོ་ལས་4.0གྱི་རླབས་རྒྱུན་ཁྲོད་མདུན་གྲལ་དུ་བསྐྱོད་རྒྱུར་རམ་འདེགས་བྱས་ཏེ། སྲོལ་རྒྱུན་གྱི་ཉོ་ཚོང་དང་མ་འཇོག་འབྲེལ་བ་ལས་ཚད་བརྒལ་ཡོང་བ་བྱེད་པ་དང་། བང་རིམ་སྔར་བས་མཐོ་བའི་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་དགོས་ཞེས་བསྟན་འདུག
        ཧྲེ་ནད་ཏེ་ཨ་མན་གྱིས། སུད་སི་དང་ཀྲུང་གོ་ནི་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་རོགས་པ་ངོ་མ་ཡིན་ཅིང་། དཔལ་འབྱོར་མཉམ་ལས་ཐད་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད། སུད་སི་ཕྱོགས་ནས་ཀྲུང་གོས་མུ་མཐུད་དངུལ་རྩ་དང་ཡུལ་སྐོར། ལུས་རྩལ་སོགས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་པ་དང་། གཙོ་གནད་དུ་གསར་སྐྲུན་དང་ཚན་རྩལ་མཐོ་བ། རྩེར་སོན་བཟོ་སྐྲུན་སོགས་ཁྱབ་ཁོངས་ལ་གཞིགས་ནས། སྟབས་བསྟུན་གྱི་སྟེགས་བུ་འཛུགས་རྒྱུའི་ཐད་གྲོས་བསྡུར་ཧུར་ཐག་བྱ་རྒྱུ་དང་། མཉམ་ལས་གསར་པ་རྒྱ་བསྐྱེད་གཏོང་འདོད་ཡོད་ཅེས་གསུངས་འདུག
འབྲེལ་ཡོད་རྩོམ་ཡིག