ཟླ ༡༢ པའི་ཚེས ༡༠ ཉིན། ཝུ་རུ་མུ་ཆི་གྲོང་ཁྱེར་གྱིས་སྐབས་བཅོ་ལྔ་བའི་དམངས་ཆེན་རྒྱུན་ཨུའི་ཚོགས་འདུ་ཐེངས་ཉེར་གཅིག་པ་བསྡུས་ཤིང་། དེར《ཝུ་རུ་མུ་ཆི་གྲོང་ཁྱེར་གྱི་མི་མང་འདུ་སར་གདོང་ཁེབས་ཐོག་ལྭ་གྱོན་མི་ཆོག་པའི་ཆོད་དོན》དང《ཝུ་རུ་མུ་ཆི་གྲོང་ཁྱེར་གྱིས་སྒྲིག་འགལ་ཨར་ལས་རྩད་གཅོད་པའི་སྲོལ་ཡིག》གཉིས་ལ་གྲོས་བསྡུར་མོས་མཐུན་བྱུང་ཞིང་། རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ཨུ་ཚོགས་པ་ནས་ཆོག་མཆན་ཐོབ་རྗེས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་འདུག(རྩོམ་འགན་པ། རྟ་མགྲིན)