ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཐེ་ཝན་གྱི་སྐར་རྒྱན་ཨ་ཡཱའི་ཁྱོ་ག་ནི་སྤྲུལ་སྐུ་ཞིག་རེད།

2015-05-18

ཐེ་ཝན་གྱི་སྐར་རྒྱན་ཨ་ཡཱ(柳翰雅)ཡིས་སྔ་ལོར་ལོ༧ལ་འགྲོགས་པའི་དགའ་རོགསTonyདང་ཨ་རི་ནས་གཉེན་སྒྲིག་ཐོ་འགོད་བྱས་པ་དང་བུ་མོAvaཡང་བཙས།ཁོ་མོས་དུས་རྒྱུན་དྲ་ཐོག་ནས་བྱིས་པ་གཉོར་སྐྱོང་བྱེད་པའི་མྱོང་ཚོར་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་གི་འཚོ་བ་ཀུན་ལ་མཉམ་རོལ་བྱེད་ཀྱི་ཡོད།འོན་ཀྱང་ཁོ་མོས་རང་གི་ཁྱོ་ག་ནི་ག་འདྲ་ཞིག་ཡིན་པ་གཏན་ནས་ཕྱིར་བསྒྲག་མ་མྱོང་།བསམ་ཡུལ་ལས་འདས་པ་ཞིག་ལ།ཁ་སང་རྒྱལ་ནང་གི་དྲ་ཚིགས་དག་ཏུ“ཨ་ཡཱའི་ཁྱོ་ག་ནི་སྤྲུལ་སྐུ་ཞིག་རེད”ཅེས་སྤྲུལ་སྐུ་དེའི་འདྲ་པར་དང་བཅས་གང་སར་བསྒྲགས་པས་དྲ་གྲོགས་མང་པོ་ཞིག་དེ་མུར་འུར་ཆིལ་ལེར་བཏང་།

དྲ་སྟེང་དུ་བརྗོད་པ་ལྟར་ན།ཨ་ཡཱའི་ཁྱོ་ག་ནི་རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་ཀརྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཞུ་བ་དེ་ཡིན་ཞིང་།ཁོང་གཉིས་མཐུན་ནས་ལོ་བདུན་ལྷག་འགོར་ཡོད་ཀྱང་སོ་སོ་ཕན་ཚུན་དང་ཁ་ཐག་རིང་སར་བསྡད་ཡོད་པའི་རྐྱེན་གྱིས་ལོ་གཅིག་གི་ནང་དུ་ཐེངས་གསུམ་བཞི་ཙམ་ཞིག་ལས་ཕྲད་ཐུབ་ཀྱི་མེད།༢༠༡༢ལོར་ཁོ་གཉིས་འགལ་ནའང་མཐའ་མར་བརྩེ་དུང་གི་འོ་ཆུ་དགར་བར་མ་ཐུབ་པར་བསྐྱར་དུ་མཐུན།ཁོ་གཉིས་བསྐྱར་དུ་མཐུན་རྗེས་བྱིས་པ་སྐྱེ་རྒྱུའི་ཐག་བཅད་ཅིང་། ༢༠༡༤ ལོར་བུ་མོAvaསྐྱེས་ནས་ཟླ་གཉིས་འགོར་བའི་རྗེས་སུ་གཉེན་སྒྲིག་ཐོ་འགོད་བྱས།

ཚེས༡༣ཉིན་ཨ་ཡཱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་རང་གི་ཁྱོ་ག་སྤུལ་སྐུ་ཞིག་རེད་ཅེས་སྒྲོག་པ་ནི་བདེན་པ་ཡིན་པར་བཤད་ཅིང་།རང་གི་ཁྱོ་ག་ནི་མོའི་ཚེ་གྲོགས་ཆེས་བཟང་པོ་ཡིན་པ་དང་།སྔོན་ཆད་ཁྱོ་གའི་གནས་ཚུལ་ཕྱིར་མ་བསྒྲགས་པའི་རྒྱུ་རྐྱེན་ནི།སོ་སོར་ཐུན་མོང་མ་མིན་པའི་རྒྱབ་ལྗོངས་ཡོད་པས་གླེང་ཕྱོགས་ཀྱིས་བཟའ་ཟླ་གཉིས་ཀྱི་འབེན་འཇགས་ཀྱི་འཚོ་བ་དཀྲོག་ཏུ་འཇུག་མ་འདོད་པས་ཡིན་ཞེས་བརྗོད།

ཝེ་ཁེ་རིག་མཛོད་དུ་བཀོད་པ་ལྟར་ན།རྫོགས་ཆེན་དཔོན་སློབ་སྐུ་ཕྲེང་བདུན་པ་ཀརྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ནི་ཀརྨ་སྐུ་ཕྲེང་བཅུ་དྲུག་པའི་ཕྱག་མཛོད་ཀྱི་སྲས་ཡིན་པ་དང་།ཀརྨ་མ་སྐུ་ཕྲེང་བཅུ་དྲུག་པས་དཔོན་སློབ་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་བཞིན༡༩༦༨ལོ་ཁྲི་སར་བཀོད་ཅིང་།དགེ་བའི་བཤེས་གཉེན་མང་པོ་ཞིག་གི་མདུན་ནས་རྫོགས་ཆེན་གྱི་ཆོས་ལ་སྦྱང་བ་མི་དམན་པ་ཐོབ་ཡོད་མཁན་ཞིག་ཡིན་པར་མ་ཟད།ཨ་རི་སོགས་ཕྱིའི་རྒྱལ་ཁབ་དག་དང་ཀྲུང་གོའི་ཤང་ཀང་དང་ཐེ་ཝན་སོགས་སུ་མིང་གྲངས་ཡོད་པའི་ནང་ཆོས་ཀྱི་བླ་མ་ཞིག་ཀྱང་ཡིན།ཁོང་ཨ་རི་ནས་སྐྱ་སར་བབས་ཤིང་།ད་ལྟ་སྤྱིར་བཏང་གི་ནང་ཆོས་ཀྱི་སློབ་དཔོན་ཞིག་བྱས་ཏེ་ཨ་རིའི་གྲོང་ཁྱེར་ཞི་ཡ་ཐི་རུ་གཞིས་སྡོད་བྱས་ཡོད།

འབྲེལ་ཡོད་རྩོམ་ཡིག