ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་དང་ཧྲང་ཧེས་ལག་རྡང་སྦྲེལ་ཏེ་རྒྱལ་སྤྱིའི་རང་བཞིན་གྱི་ཡུལ་སྐོར་དུ་འགྲོ་སར་བསྐྲུན་འཆར་ཡོད་པ།

2016-03-07 ལྕགས་མཚོ།

སྲོལ་རྒྱུན་གྱི་དམངས་སྲོལ་ཁྱོན་ནས་སོར་བཞག་བྱས་ཡོད་པའི་གནས་མཆོག་ཅིག་ཡིན་པའི་ཆ་ནས། བོད་ལྗོངས་ནི་ཀྲུང་ཕྱིའི་ཡུལ་སྐོར་པའི་ཡིད་དབང་ཆེས་ཆེར་འགུག་པའི་ཡུལ་སྐོར་དུ་འགྲོ་ས་ཞིག་ཡིན། བོད་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་ཞེ་ཁྲེན་ལྗོངས་རྒྱུ་དྲ་བས་སྔར་ཐུན་མོང་སྒོས་གཙོ་སྒྲུབ་གནང་བའི“མི་ཡུལ་གྱི་དག་ཞིང་། ལྷ་ཡུལ་གྱི་བོད་ལྗོངས”ཞེས་པའི་ཕྱི་རྒྱལ་མགྲོན་པོའི་ལོངས་སྤྱོད་ཚོགས་འདུ་དེ་ཧྲང་ཧེ་ནས་སྤེལ་བ་རེད།

ཚོགས་ཐོག་ཏུ་ཉམས་མྱོང་གཏིང་ཟབ་ཡོད་པའི་ཡུལ་སྐོར་མི་སྣ་གྲགས་ཅན་གྱིས་གསོན་ཉམས་དང་སྐྱེན་འགྱུར་ལྡན་པའི་སྐད་ཆ་དང་དངོས་རྣམ་གྱི་འདྲ་པར་རེ་རེས་ཚོགས་དངོས་སུ་ཡོད་པའི་ཕྱི་རྒྱལ་མགྲོན་པོ་བརྒྱ་ལྷག་ལ་བོད་ལྗོངས་ས་གནས་རང་དུ་ལྡན་པའི་ཡུལ་སྲོལ་གོམས་གཤིས་དང་ཐོན་ཁུངས་ཀྱི་ཁྱད་ཆོས་ཞིབ་བརྗོད་བྱས་ཤིང་། ཕྱི་རྒྱལ་མགྲོན་པོ་དང་མཉམ་འཛོམས་བྱུང་བའི་དུས་རིང་དྲི་བ་མང་པོ་བཏོན་ཏེ་ཕན་ཚུན་བར་རྒྱུས་ལོན་བྱས།གནའ་ནས“མི་ཡུལ་གྱི་དག་ཞིང”དུ་འབོད་པའི་བོད་ལྗོངས་ཏེ། རྔམ་བརྗིད་ལྡན་པའི་ཧི་མ་ལ་ཡའི་རི་བོ་དང་ཇོ་མོ་གླང་མ། དྲག་ཏུ་རྒྱུག་པའི་ཡར་ཀླུང་གཙང་པོ་དང་། གསེར་འོད་ལམ་ལམ་དུ་འཚེར་བའི་དགོན་པ། ཁྱད་མཚར་སྐྱོ་ལྷང་གི་མཁར་རྫོང་། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྡོད་དམངས་ཀྱི་ཁང་པ་དང་། ཡང་ན་གནའ་ཉམས་བབ་ཆགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་སོགས་གང་ཡིན་རུང་ཡིད་དབང་མི་འགུག་ས་གཅིག་ཀྱང་མེད། ཕྱི་རྒྱལ་གྱི་ཡུལ་སྐོར་པར་མཚོན་ན། བོད་ལྗོངས་ནི་ལྐོག་གྱུར་དང་འགུག་ཤུགས་ཆེས་ཆེར་ལྡན་པའི་གནས་མཆོག་ཅིག་ཡིན་ཞིང་། ཨ་མེ་རི་ཁ་ནས་ཕེབས་པའི་ཀྲུང་གོར་དུང་བའི་ཝེ་ལེན་གྱིས“དེ་ནི་ཁྱད་མཚར་བའི་ལྐོག་གྱུར་གྱི་གནས་ཞིག་ཡིན་ཏེ། ཀྲུང་གོར་ཐེངས་བརྒྱར་གོ་བ་ལས་མིག་ཐེངས་གཅིག་གིས་བལྟས་ན་ལེགས་ཞེས་པའི་གཏམ་དཔེ་ལྟར། འདྲ་པར་འདི་དག་དངོས་གནས་ཤིན་ཏུ་མཛེས”ཞེས་བཤད་ཅིང་། ཁོ་རང་ཀྲུང་གོའི་ཟས་མཆོག་ལ་དགའ་བར་མ་ཟད། ཀྲུང་གོའི་རི་ཆུ་མཛེས་ལྗོངས་ལའང་སྤྲོ་སྣང་ཟབ་མོ་ཡོད། ཁོས་ད་རུང་བོད་ལྗོངས་ནི་ཁོ་རང་མི་འགྱངས་པའི་འགྲོ་སའི་ཡུལ་སྐོར་གནས་ཡུལ་ཐོག་མ་དེ་ཡིན་ཞེས་གསུངས། ཞེ་ཁྲེན་གྱི་ཡུལ་སྐོར་འགྲོ་སའི་ཚོང་གཉེར་འབྲེལ་ཡོད་འགན་འཁུར་མི་སྣས་བསྟན་དོན། ཐེངས་འདིར་དྲ་ཐོག་ནས་མགྲོན་པོ་བསྡུ་བ་དང་། དྲ་ཕྱི་ནས་བྱ་འགུལ་སྤེལ་བའི་རྣམ་པ020འདི་འདྲས་ཡུལ་སྐོར་གནས་ཡུལ་རྒྱལ་སྤྱི་རང་བཞིན་དུ་འགྱུར་བར་དར་སྤེལ་དུ་གཏོང་བ་ནི་ཐེངས་དང་པོ་མིན་ཞིང་། སྔར་ཧོང་ཧྲན་རི་བོ་དང་། ཁྲིན་ཏུའུ། ལི་ཧྲན་རི་བོ་སོགས་རྒྱལ་ནང་གི་ཡུལ་སྐོར་འགྲོ་ས་མང་པོ་ཞིག་ཏུ་དཔེ་འདི་བདེ་ལེགས་ངང་སྤེལ་མྱོང་ཟེར། སྲིད་གཞུང་སྡེ་ཁག་གི་རྒྱལ་སྤྱི་ཅན་དུ་འགྱུར་བ་ཁྱབ་གདལ་དུ་གཏོང་བའི་དགོས་མཁོ་མཚམས་མི་ཆད་པར་རྒྱ་ཆེར་བཏང་ཞིང་། ཞེ་ཁྲེན་ཡུལ་སྐོར་འགྲོ་སའི་ཚོང་གཉེར་སྡེ་ཁག་གིས་ཀྱང་མུ་མཐུད་དུ་དྲ་ཐོག་དང་དྲ་ཕྱིའི་འདྲེས་མཚམས་ལེགས་ཤོས་དེ་འཚོལ་གྱི་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བོད་ལྗོངས་དང་ཞེ་ཁྲེན་གྱི་མཉམ་འབྲེལ་ཐབས་ཇུས་དེ“ཡུལ་སྐོར+མཉམ་འབྲེལ་དྲ་བ”བྱེད་སྒོའི་འཆར་གཞི་བརྒྱུད་དེ་བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་ནུས་ལྡན་སྒོས་བདེ་ཐང་དང་། མྱུར་མོའི་ངང་འཕེལ་རྒྱས་དང་མཐོར་འདེགས་སུ་གཏོང་བར་དར་སྤེལ་དུ་གཏོང་རྒྱུ་དང་བོད་ལྗོངས་ཀྱི་ཡུལ་སྐོར་གྱིས་ཀྱང་ཡུལ་སྐོར་བརྒལ་བའི་རྣམ་པས་འཕེལ་རྒྱས་སུ་གཏོང་བའི་བསྐལ་བཟང་ཞིག་བསུ་ངེས་སོ།

འབྲེལ་ཡོད་རྩོམ་ཡིག