ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གནོད་ཁུལ་གྱི་མང་ཚོགས་ལ་འོས་འགན་གྱི་བརྟག་དཔྱད་སྨན་བཅོས་བྱས།

2016-03-23 ལྕགས་མཚོ།

        སྡོད་སའི་ཁང་པ་སྐྱིད་ཅིང་། འདུག་མིའི་སེམས་པ་དགའ།“4•25”ས་འགུལ་གྱི་རྗེས་སུ། འགྲམ་གྲོང་བརྡལ་གྱི་མང་ཚོགས་རྣམས་བསམ་འགྲུབ་རྩེ་ཆུས་སུ་བཀོད་སྒྲིག་བྱས་པ་ནས་བཟུང་། གཞིས་ཀ་རྩེ་གྲོང་ཁྱེར་གྱིས“མང་ཚོགས་སྤྱི་བོགས་གཏོང་བའི་ཁང་པའི་ནང་དུ་སྤོར་བ་དང་། ལས་ཞུགས་ལས་མི་བསྡུ་བའི་ཆེད་དམིགས་ཚོགས་འདུ་འཚོགས་པ། འཚམས་འདྲིའི་འཁྲབ་སྟོན་སྤེལ་བ”སོགས་ཀྱི་རྣམ་པ་མི་འདྲ་བ་སྤེལ་ཏེ་གནོད་ཐེབས་མང་ཚོགས་ལ་སྡོད་སའི་ཁང་པ་སྐྱིད་ཅིང་། འདུག་མིའི་སེམས་པ་དྲོ་བར་བཅུག་ནས་ཏང་དང་སྲིད་གཞུང་གི་དྲོད་ཁོལ་ཟབ་མོ་གང་ལེགས་སྒོས་མྱངས་སུ་བཅུག པར་འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣས་གནས་སྤར་མང་ཚོགས་ལ་འོས་འགན་གྱིས་བརྟག་དཔྱད་སྨན་བཅོས་བྱེད་བཞིན་པའི་རྣམ་པ་རེད།

འབྲེལ་ཡོད་རྩོམ་ཡིག