ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་གྲྭ་བཙུགས་པ་ནས་བཟུང་ལྗོངས་ནང་ཁུལ་གྱི་ལས་རིགས་ཆེ་ཁག་གི་ཤུགས་རྐྱེན་ལྡན་པའི་ཚན་པའི་དབར་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་གྲོས་མཐུན་བཞག་པ་མ་ཟད། ད་དུང་སློབ་མའི“སྦྱོང་བརྡར་ཁུལ”དེ་ལྗོངས་ཕྱི་ཁུལ་དུ་རྒྱ་ཆེར་བཏང་བ་དང་འབྲེལ་ཀོང་ཏུང་དང་ཀོང་ཤིས་ཀྱི་ཁ་གཏད་རོགས་སྐྲུན་སློབ་གླིང་དང་སློབ་གྲྭའི་དབར་རོགས་སྐྲུན་མཉམ་ལས་གྲོས་མཐུན་བཞག་ཅིང་། འདི་ནི་སློབ་མ་ཚོས་དཔེ་དབྱིབས་བཟོ་ཁང་ནང་རྩེད་ཆས་རླངས་འཁོར་སྒྲིག་སྦྱོར་བྱེད་སྟངས་སྦྱོང་བའི་གནས་ཚུལ་ཡིན་པ།