འཆར་གཞི།
ད་ལོར། ལྷ་སའི་འགག་སྒོ་ཡིས“2016 ལོའི་རྒྱལ་ཁབ་ཀྱི་སྒོ་སྲུང་རལ་གྲི”ཞེས་པའི་མཉམ་འབྲེལ་ཆེད་དམིགས་བྱ་འགུལ་སྤེལ་ཏེ། དུག་རྫས་དང་མེ་མདའ། འཇིགས་ཉེན་ཆེ་བའི་སྲོག་ཆགས་ཀྱི་རིགས་ལྐོག་ཚོང་བྱེད་པ། མགོ་བསྐོར་ནས་ཁྲལ་ཕྱིར་སྤྲོད་ཏུ་འཇུག་པ་དང་རྫུན་གཡོས་ཚོང་ཟོག་བརྗེ་རེས་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ། ཞིང་ལས་ཐོན་རྫས་ལྐོག་ཚོང་བྱེད་པ། གཅིག་བསྡུས་གློག་ལམ་སོགས་གློག་རྡུལ་ཐོན་རྫས་གསར་བ་ལྐོག་ཚོང་དང་། ཁྲལ་འབྲེལ་ཚོང་ཟོག་གལ་ཆེན་ལྐོག་ཚོང་བྱེད་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལྔ་ལ་རྡུང་རྡེག་དྲག་པོ་གཏོང་སྲིད། དེ་ལས་གཞན། ད་ལོར་ངེད་རང་སྐྱོང་ལྗོངས་ཀྱི་འགག་སྒོ་སོ་སོར་གཱ་སྒོའི་མ་ལག་དངོས་སུ་འཁོར་སྐྱོད་བྱས་ཏེ། གློག་རྡུལ་རྣམ་པའི་རང་འགུལ་འགྲོ་བསྐྱོད་ཀྱི་ལས་རིམ་མངོན་འགྱུར་བྱེད་རྒྱུ་ཡིན་ལ། འགག་སྒོ་དབར་གྱི་དབྱེ་མཚམས་མེད་པར་བཟོས་ནས། འགག་སྒོ་བརྒལ་བའི་གོ་རིམ་ཧྲིལ་བོ་ཁེབས་པའི་ཕུང་བོ་གཅིག་ཅན་གྱི་དོ་དམ་ལམ་ལུགས་དང་འཁོར་སྐྱོད་རྣམ་པ་ཆགས་པར་བྱེད་དགོས།
འགག་སྒོ་ཁུལ་གྱི་བདེ་སྲུང་གྲུབ་འབྲས་འབུར་ཐོན་ཡིན་ལ། སྒོ་འབྱེད་རྣམ་པའི་འཕེལ་རྒྱས་ལ་ཞབས་ཞུ་བྱས་པའི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། ཁྲིམས་འཛིན་ནུས་པ་གོམ་གང་མདུན་སྤོས་ཀྱིས་གོང་དུ་འཕེལ་ཡོད་ཅེས་ཁ་སང་གི་ལྷ་སའི་འགག་སྒོ་ཁུལ་གྱི་བྱ་བའི་གྲོས་ཚོགས་སྟེང་། ལྷ་སའི་འགག་སྒོའི་ཏང་ཚན་ཧྲུའུ་ཅི། འགག་སྒོའི་མགོ་གཙོ་ཝང་ཝུན་ཞུས་ཀྱིས“ལོ་ལྔའི་ཚན་བཅུ་གཉིས་པའི”དུས་སྐབས་ཀྱི་བྱ་བ་གཙོ་བོ་ཕྱིར་དྲན་སྤྱི་བསྡོམས་བྱས་ཤིང་། གནས་བབ་ལ་དབྱེ་ཞིབ་བྱས་ཏེ། 2016 ལོའི་གལ་ཆེའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། དེས་ན། ད་ལོར་ལྷ་སའི་འགག་སྒོ་ལ་རྒྱལ་ཁབ་ཀྱི་སྒོ་སྲུང་བའི་ཐད་ལས་འགན་གསར་བ་དང་གནད་གསར་བ་གང་དག་མཆིས་སམ།
ལྟ་སྐུལ་དོ་དམ་ཞིབ་བཤེར་ལ་ཤུགས་སྣོན་རྒྱུ།
རིགས་སོ་སོའི་ཁྲིམས་འགལ་དངོས་རྫས་ནང་འདྲེན་ལ་བཀག་སྡོམ་ནན་མོ་བྱ་རྒྱུ།
ད་ལོར། ལྷ་སའི་འགག་སྒོ་ཡིས་གོམ་གང་མདུན་སྤོས་ཀྱིས་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ དངོས་ལ་ཤུགས་སྣོན་དང་། ལྟ་སྐུལ་དོ་དམ་ཞིབ་བཤེར་ལམ་ལུགས་ལེགས་བསྒྱུར་བྱས་ཏེ། རིགས་དང་རིམ་པ་དགར་ནས་ཞིབ་བཤེར་ལས་རིམ་གྱི་རེ་འདུན་དོན་འཁྱོལ་དང་། ཕྱོགས་ཡོངས་ནས“འཕྲུལ་བསྟུན་ཞིབ་བཤེར་གཉིས”ཀྱི་ལྟ་སྐུལ་རེ་འདུན་དོན་འཁྱོལ་བྱས་ནས། འཕྲུལ་ཆས་ལ་བརྟེན་ནས་ཞིབ་བཤེར་ཚོད་འཛིན་བྱེད་པའི་བསྡུར་ཚད་རིམ་བཞིན་མཐོར་འདེགས་སུ་བཏང་སྟེ། འཕྲུལ་ཆས་ལ་བརྟེན་ནས་ཞིབ་བཤེར་ཚོད་འཛིན་བྱེད་པའི་བསྡུར་ཚད 90% ཡན་ལ་སླེབས་རྒྱུ་མངོན་འགྱུར་བྱེད་རྒྱུ་རེད། ལྷ་སའི་འགག་སྒོའི་ཏང་ཚན་ཧྲུའུ་ཅི། འགག་སྒོའི་འགོ་གཙོ་ཝང་ཝུན་ཞུས་ཀྱིས་བསྟན་དོན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ལྷ་སའི་འགག་སྒོ་ཡིས་རྒྱལ་མཚམས་སུ་ཕྱིར་གཏོང་ནང་འདྲེན་བྱེད་བཞིན་པའི་དངོས་རྫས་དང་། སྐྱེལ་འདྲེན་ཡོ་བྱད། ཅ་ལག སྦྲག་སྐྱེལ་དངོས་རྫས་སོགས་ཀྱི་ལྟ་སྐུལ་དོ་དམ་ཞིབ་བཤེར་ལ་ཤུགས་སྣོན་དང་། ལོག་སྤྱོད་དྲིལ་བསྒྲགས་དངོས་རྫས་སོགས་འབྲེལ་ཡོད་ཁྲིམས་འགལ་དངོས་རྫས་རྒྱལ་ནང་དུ་ཡོང་བར་བཀག་སྡོམ་བྱེད་རྒྱུ་ཡིན། ལྐོག་ཚོང་ལ་དྲག་གནོན་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། འབྲུ་རིགས་དང་འཁྱགས་ཉར་དངོས་རྫས་སོགས་ཞིང་ལས་ཐོན་རྫས་ལྐོག་ཚོང་བྱེད་པར་རྡུང་རྡེག་དྲག་པོ་གཏོང་རྒྱུ་ཡིན་ལ། གློག་རྡུལ་ཐོན་རྫས་གསར་བ་དང་ཁྲལ་འབྲེལ་ཚོང་ཟོག་དངོས་རྫས་གལ་ཆེན། དུག་རྫས་སོགས་རིགས་སོ་སོའི་བཀག་སྡོམ་དངོས་རྫས་ལ་རྡུང་རྡེག་དྲག་པོ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་ངེས་དོན་སྲུང་སྐྱོབ་བྱ་རྒྱུ་ཡིན། རིག་རྫས་དང་། འཇིགས་ཉེན་ཆེ་བའི་སྲོག་ཆགས་དང་རྩི་ཤིང་། དེ་བཞིན་དེ་དག་གིས་བཟོས་པའི་ཐོན་རྫས་སོགས་ལ་མཐའ་གཅིག་ཏུ་རྡུང་རྡེག་བཏང་ནས། རིག་རྫས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ངེས་དོན་གྱིས་ལག་བསྟར་བཟང་བོ་བྱ་དགོས་ཤིང་། རིག་གནས་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་གསར་སྤེལ་བྱས་ཏེ། རང་བདག་དངོས་རྫས་ཀྱི་ཁྱད་རྟགས་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་དགོས་ལ། ཕྱོགས་ཡོངས་ནས་དངོས་ཟོག་སྐྱེལ་འདྲེན་འབྲེལ་ལམ་བཙན་གྱིས་བདག་བཟུང་བྱས་པའི་བྱ་སྤྱོད་ལ་རྡུང་རྡེག་བཏང་ནས། ཕྱི་འབྲེལ་གྱི་སྒྲིག་ལམ་བཟང་བོ་ཞིག་བཟོ་སྐྲུན་དང་དེ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན།
ལྐོག་ཚོང་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ།
མཉམ་འབྲེལ་ཆེད་དམིགས་བྱ་འགུལ་སྤེལ་བ།
ད་ལོར། ལྷ་སའི་འགག་སྒོ་ཡིས སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་འདོམས་གཞིར་བཟུང་ནས། “2016 ལོའི་རྒྱལ་ཁབ་ཀྱི་སྒོ་སྲུང་རལ་གྲི”ཞེས་པའི་མཉམ་འབྲེལ་ཆེད་དམིགས་བྱ་འགུལ་སྤེལ་རྒྱུ་རེད། ཐེངས་འདིའི་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་འགུལ་གྱིས་“ཆེད་དམིགས + མཉམ་འབྲེལ”རྒྱུན་འཁྱོངས་བྱེད་སྲིད་ཅིང་། ཆེད་དམིགས་རྡུང་རྡེག་ནས་རྐང་བཙུགས་ཏེ། “རྡུང་རྡེག འགོག་སྲུང་། དོ་དམ། ཚོད་འཛིན”བཅས་ཀྱི་ལྐོག་ཚོང་ལ་རྒོལ་བའི་ཕྱོགས་ཡོངས་ཀྱི་འགོག་སྲུང་རྡུང་རྡེག་མ་ལག་འཛུགས་སྐྲུན་སྐུལ་སྤེལ་བྱས་ནས། དུག་རྫས་དང་མེ་མདའ། འཇིགས་ཉེན་ཆེ་བའི་སྲོག་ཆགས་ཀྱི་རིགས་ལྐོག་ཚོང་བྱེད་པ། མགོ་བསྐོར་ནས་ཁྲལ་ཕྱིར་སྤྲོད་ཏུ་འཇུག་པ་དང་རྫུན་གཡོས་ཚོང་ཟོག་བརྗེ་རེས་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ། ཞིང་ལས་ཐོན་རྫས་ལྐོག་ཚོང་བྱེད་པ། གཅིག་བསྡུས་གློག་ལམ་སོགས་གློག་རྡུལ་ཐོན་རྫས་གསར་བ་ལྐོག་ཚོང་དང་། ཁྲལ་འབྲེལ་ཚོང་ཟོག་གལ་ཆེན་ལྐོག་ཚོང་བྱེད་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལྔ་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ་རེད།
ལྷ་སའི་འགག་སྒོ་ཡི་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་འགུལ་ཚན་ཆུང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱེད་རྒྱུར། ཆེད་དམིགས་བྱ་འགུལ་གྱིས་བོད་ལྗོངས་ཀྱི་ལྐོག་ཚོང་ལ་རྒོལ་བའི་བྱ་བའི་ཁྱད་ཆོས་དང་ལས་འགན་དམིགས་བསལ་གྱིས་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཆེན་མོ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། དུག་རྫས་དང་མེ་མདའ། འཇིགས་ཉེན་ཆེ་བའི་སྲོགས་ཆགས་ཀྱི་རིགས་ལྐོག་ཚོང་བྱེད་པའི་བྱ་འགུལ་ལ་འགོག་སྲུང་ནན་མོ་བྱ་དགོས་པ་དང་། ལོག་སྤྱོད་དྲིལ་བསྒྲགས་དངོས་རྫས་དང་དེ་བཞིན་འཇིགས་སྐུལ་འབར་གས་བྱ་འགུལ་ལ་འགོག་སྲུང་བྱ་རྒྱུའི་ཞིབ་བཤེར་འཛིན་བཟུང་གི་རྒྱུན་མཐུད་ནས། བ་སོ་དང་། སྟག་པགས་གཟིག་པགས། བསེ་རུའི་རྭ། ཤེལ་ཏ། གཙོད་ཀྱི་པགས་པས་བཟོས་པའི་རས། ཙན་དན་དམར་པོ་སོགས་འཇིགས་ཉེན་ཆེ་བའི་སྲོག་ཆགས་ཀྱི་རིགས་དང་དེས་བཟོས་པའི་དངོས་རྫས་ལྐོག་ཚོང་བྱ་འགུལ་ལ་ཚད་མཐོས་མཐོང་ཆེན་བྱ་དགོས་ཤིང་། དེར་མ་ཟད་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་དགོས། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་འགུལ་གྱི་དོ་ཁུར་བྱེད་ས་གཞན་ཞིག་གི་གལ་ཆེའི་གནད་ནི་འཁྱགས་ཉར་དངོས་རྫས་ལྐོག་ཚོང་བྱེད་པ་དེ་ཡིན། དེའི་ཁོངས་སུ་ཕག་ཤ་འཁྱགས་ཉར་དང་། སྐམ་ཤ་འཁྱགས་ཉར། བྱ་ཤ་འཁྱགས་ཉར། ལུག་ཤ་འཁྱགས་ཉར། ཆུའི་ཐོན་རྫས་དང་དེའི་ཞོར་ཐོན་རྫས་འཁྱགས་ཉར་བྱེད་པ་སོགས་འདུས། ཉེ་བའི་ལོ་འགའི་རིང་སྤེལ་བའི“ལྗང་བསྒྱུར”བྱ་འགུལ་དང“གཡུལ་འགྱེད་ཆེན་པོ་ལྔ”ཡི་རྨང་གཞིའི་སྟེང་། ལྷ་སའི་འགག་སྒོ་ཡིས་སྒྲིག་འགོད་མ་བྱས་པའི་འགག་སྒོ་རུ་ལྐོག་ཚོང་རྒྱག་པར་རྡུང་རྡེག་དྲག་པོ་གཏོང་རྒྱུ་ཡིན་ལ། སྒེར་དངོས་ནང་འདྲེན་བྱེད་སའི་གནས་དང་ཁྲོམ་རའི་བསྡུ་འགྲེམ་གནས་གཉིས་ནས་མགོ་བརྩམས་ཏེ། གསང་འཕྲིན་བདག་གཉེར་ལ་ཤུགས་རྒྱག་རྒྱུ་དང་། ཆེད་ལས་ཚོགས་པར་དམིགས་སྲིད། གལ་ཏེ་ཞིབ་བཤེར་བརྒྱུད་ཤེས་རྟོགས་བྱུང་ཚེ་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་གཏོང་རྒྱུ་རེད།“2016ལོའི་རྒྱལ་ཁབ་ཀྱི་སྒོ་སྲུང་རལ་གྲི”ཞེས་པའི་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་འགུལ་གྱིས། ཕྱིར་གཏོང་སྙན་ཞུ་རྫུན་བཟོ་བྱས་པ་ཡིས་ཁྲལ་ཕྱིར་སྤྲོད་པའི་དོན་རྐྱེན་ལ་ཤུགས་རྐྱེན་བཟོས་པའི་སྐོར་གྱི་ཞིབ་གཅོད་ནུས་ཚད་ལ་ད་དུང་ཤུགས་རྒྱག་སྲིད་ཅིང་། གོམ་གང་མདུན་སྤོས་ཀྱིས་རྒྱལ་ཁབ་ཁྲལ་དོན་ཅུས་དང་། སྤྱི་བདེ་ལས་ཁུངས་ཀྱིས་བརྡ་འཕྲིན་སྤེལ་རེས། ཁུངས་སྣེ་རྩིས་སྤྲོད། མཉམ་འབྲེལ་བདག་གཉེར། མཉམ་དུ་རྡུང་རྡེག་གཏོང་བ་སོགས་ཀྱི་ཐད་ནས་མཉམ་འབྲེལ་བྱ་རྒྱུར་ཤུགས་བསྣན་ཏེ། རྒྱལ་ཁབ་ཀྱི་ཁྲལ་བསྡུའི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཡིན་ལ། དེ་དང་བསྟུན་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་བདེ་འཇགས། ཞིང་ལས་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་ལ་གནོད་པའི་ལྐོག་ཚོང་བྱ་འགུལ་དང་ཁྲིམས་འགལ་ཀྱི་བྱ་སྤྱོད་ལ་གོམ་གང་མདུན་སྤོས་ཀྱིས་རྡུང་རྡེག་དང་། ཞིབ་བཤེར། བཅོས་སྐྱོང་བྱས་ཏེ། སྤྱི་ཚོགས་གཏན་འཇགས་ཡོང་བ་དང་དཔལ་འབྱོར་དོ་མཉམ་སྒོས་འཁོར་སྐྱོད་བྱེད་པ། འབངས་མི་སེར་གྱི་ལུས་སེམས་བདེ་ཐང་ཡོང་བ་བཅས་ལ་ནུས་ལྡན་སྒོས་སྲུང་སྐྱོབ་བྱེད་རྒྱུ་རེད།
གཱ་སྒོ་མ་ལག་འཁོར་སྐྱོད་བྱ་རྒྱུ།
གློག་རྡུལ་རྣམ་པའི་རང་འགུལ་འགྲོ་བསྐྱོད་མངོན་འགྱུར་བྱེད་པ།
བཅོས་སྒྱུར་ནི་འགག་སྒོ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི“གསེར་གྱི་ལྡེ་མིག”ཡིན་ལ། གསར་གཏོད་ནི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན། ཝང་ཝུན་ཞུས་ཀྱིས་བཤད་རྒྱུར། ད་ལོར“ཕན་ཚུན་གསུམ”གྱིས་འགག་སྒོ་བརྒལ་བའི་འཛུགས་སྐྲུན་གཏིང་ཟབ་སྒོས་སྐུལ་སྤེལ་བྱ་རྒྱུ་ཡིན་ལ། ཁྲིམས་འཛིན་བརྡ་འཕྲིན་ཐོན་ཁུངས་དང་འགག་སྒོའི་ལྟ་སྐུལ་སོགས་ཀྱི་སྒྲིག་བཀོད་མཉམ་སྤྱོད་བྱེད་པར་ཤུགས་བརྒྱབ་སྟེ། འགག་སྒོའི་ཞིབ་བཤེར་མཉམ་འབྲེལ་གྱི“ལས་གཞི་གཅིག་ཅན་གསུམ”ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་། འགག་སྒོ་བརྒལ་བའི་རམ་འདེགས་མ་ལག་ཕྱོགས་ཡོངས་ནས་འཁོར་སྒུལ་བྱེད་རྒྱུ་ཡིན། འགག་སྒོའི་དོ་དམ་སྡེ་ཁག་དང་མཉམ་འབྲེལ་བྱེད་རྒྱུར་ཤུགས་བསྣན་ཏེ། འོས་འཚམ་གྱིས“སྒེའུ་ཁུང་གཅིག་ཅན”གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་དང་།“འབབ་ཚིགས་གཅིག་ཅན”གྱི་ལས་རིམ་འཚོལ་སྙེག་ལག་བསྟར་བྱས་ཏེ། འགག་སྒོ་བརྒལ་བའི“མྱུར་བགྲོད་གཞུང་ལམ”བསྐྲུན་རྒྱུ་ཡིན།
ལྷག་ཏུ་བཟང་བོའི་སྒོ་ནས་རྒྱལ་ཡོངས་ཀྱི་འགག་སྒོ་བརྒལ་བའི་ཕུང་བོ་གཅིག་ཅན་གྱི་རྣམ་པར་འཇུག་ཆེད། རྣམ་པ་མང་པོའི་མཉམ་འབྲེལ་སྐྱེལ་འདྲེན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་གསར་གཏོད་བྱེད་དགོས། ད་ལོར་ངེད་རང་སྐྱོང་ལྗོངས་ཀྱི་འགག་སྒོ་སོ་སོར་གཱ་སྒོའི་མ་ལག་དངོས་སུ་འཁོར་སྐྱོད་བྱས་ཏེ། གློག་རྡུལ་རྣམ་པའི་རང་འགུལ་འགྲོ་བསྐྱོད་ཀྱི་ལས་རིམ་མངོན་འགྱུར་བྱེད་རྒྱུ་ཡིན་ལ། འགག་སྒོ་དབར་གྱི་དབྱེ་མཚམས་མེད་པར་བཟོས་ནས། འགག་སྒོ་བརྒལ་བའི་གོ་རིམ་ཧྲིལ་བོ་ཁེབས་པའི་ཕུང་བོ་གཅིག་ཅན་གྱི་དོ་དམ་ལམ་ལུགས་དང་འཁོར་སྐྱོད་རྣམ་པ་ཆགས་ནས། “སྙན་ཞུ་ཐེངས་གཅིག རིམ་བགོས་བཀོད་སྒྲིག”ཡོང་བ། ཁྲལ་བསྡུའི་དོ་དམ་རྣམ་པར་བཅོས་སྒྱུར་དང་བྱེད་ནུས་ལྡན་པའི་འགག་སྒོ་འཛུགས་སྐྲུན་བྱེད་པ་བཅས་ལ་རྨང་གཞི་བཏིངས། དེ་ལས་གཞན། མཐའ་མཚམས་མི་དམངས་ཀྱིས་ཁྲོམ་རར་ཚོང་ཟོག་བརྗེ་རེས་བྱེད་པའི་དོ་དམ་མ་ལག་ངེད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་འགག་སྒོ་སོ་སོ་ནས་འཁོར་སྐྱོད་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་སྡོམ་རྩིས་སྔར་ལས་ལྷག་པར་ནུས་ལྡན་ཚད་ལྡན་ཅན་དུ་བསྒྱུར་རྒྱུ་ཡིན་ལ། སྲིད་འཛིན་ཞིབ་བཤེར་ཆོག་མཆན་གྱི་དོན་ཚན་དེ“སྒེའུ་ཁུང་གཅིག”ནས་སྒྲུབ་རྒྱུ་དང་དྲ་ཐོག་ནས་བདག་སྤྲོད་བྱ་རྒྱུར་སྐུལ་སྤེལ་བྱས་ཏེ། སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་བྱ་སྤྱོད་ཚད་ལྡན་བཟོ་བ་དང་། ནང་ཁུལ་ནས་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་སྒྲུབ་རྒྱུར་སྟབས་བདེ་བསྐྲུན་ནས། སྲིད་འཛིན་ཞིབ་བཤེར་ཆོག་མཆན་གྱི་ལས་ཆོད་མཐོར་འདེགས་སུ་གཏོང་དགོས།