ལག་རྩལ་པ་པད་མ་སྒྲོལ་མས་ཁྲེང་ཀོན་ཆུས་ཚད་མཐོའི་བཞོན་མ་གསོ་ཚགས་ལྟེ་གནས་སུ་བེའུ་ལ་འོ་མ་སྟེར་ཞོར་དུ“ང་བཞོན་མ་གསོ་ཚགས་ལྟེ་གནས་འདིར་སླེབས་ནས་ལོ་གཉིས་ཕྱིན་སོང་།འདིར་མ་སླེབས་གོང་ངས་ཕ་ཡུལ་དུ་ཞིང་ལས་བྱེད་ཀྱི་ཡོད། ད་ཆ་ངའི་ཨ་མ་དང་གཅུང་པོ་གཉིས་ཀྱང་འདི་གར་ལས་ཀ་བྱེད་ཀྱི་ཡོད་པས་ང་ཚོར་ཡོང་འབབ་བརྟན་པོ་ཡོད། ང་ཚོ་འདི་གར་ཧ་ཅང་དགའ་པོ་ཡོད”ཅེས་གསར་འགོད་པར་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གསོ་ཚགས་ལྟེ་གནས་དེས་ཉིན་རེར་འོ་མ་རྒྱ་མ་5250ཐོན་སྐྱེད་བྱེད་ཀྱི་ཡོད་པའི་ནང་གི་རྒྱ་མ་1176བེའུ་རྣམས་ལ་སྟེར་གྱི་ཡོད་པ་དང་། རྒྱ་མ་1300འཚོང་གི་ཡོད། རྒྱ་མ་2774ཡིས་ཞོ་དཀྲོགས་ནས་མར་འདོན་གྱི་ཡོད་པ་རེད། ལོ་རེའི་ཁེ་སྤོགས་སྒོར་ཁྲི་145ཟིན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་ཆབས་ཅིག་ཁོང་ཚོའི་ཡོང་འབབ་ཀྱང་མང་དུ་བཏང་ཞིང་། འདི་ནི་པད་མ་སྒྲོལ་མས་བེའུ་ལ་འོ་མ་སྟེར་བའི་གནས་ཚུལ་ཡིན་པ།