གསོམ་ཤིང་དང་མེ་ཏོག་གི་དྲི་ཞིམ་འཐུལ་ཞིང་།མཆོད་རྟེན་དང་དར་ལྕོག མ་ཎི་རྡོ་ཕུང་སོགས་ཀྱིས་བརྒྱན་པའི་རི་ཁུལ་དུ་རྐང་འཁོར་ཞོན་ནས་སྐྱོད་དུས། རྒྱང་རིང་དུ་གཡུ་ཡི་མཚོ་མོ་སྔོ་སྟེམ་མེར་འཁྱིལ་བ་དང་། གངས་རིའི་འགྱིང་ཉམས་མཚེའུའི་ངོགས་སུ་འཕོས་ཤིང་བསིལ་རླུང་འཇམ་པོ་དལ་གྱིས་ལྡང་བར་བྱེད། 2016ལོའི་ཟླ4པའི་ཚེས29ནས་ཟླ5པའི་ཚེས3ཉིན་བར། 2016ལོའི་སྐབས་བཞི་པའི“བྲག་གསུམ་མཚོ་སྐོར་གྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་བྱེས་འགྲན་བསྡུར”དེ་བོད་ལྗོངས་ཉིང་ཁྲིའི་རྒྱལ་ཁབ་ཀྱིAAAAརིམ་པའི་ལྗོངས་ཁུལ་ཏེ་བྲག་གསུམ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་བསྡུ་རྒྱུ་ཡིན་པ་དང་། དེ་ནི་རང་རྒྱལ་གྱི་ས་བབ་ཆེས་མཐོ་བའི་མཚོ་སྐོར་གྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་ཡིན།
གསར་འགོད་པས་བོད་ལྗོངས་ཕྱིར་སྐྱོད་མཐུན་ཚོགས་ནས་ཤེས་རྟོགས་བྱུང་གསལ།2015ལོ་ནས་བཟུང་སྐབས་གསུམ་པའི“བྲག་གསུམ་མཚོ་སྐོར་གྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་བསྡུར”སྤེལ་བའི་ཚུན་དུ། བྲག་གསུམ་མཚོ་སྐོར་གྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་དེ་རྒྱལ་སྤྱིའི་འགྲན་རིམ་དུ་སྤར་ཆེད།དབྱིན་ཇི་དང་ཨ་མེ་རི་ཁ།ཨོ་སི་ཁྲུ་ལི་ཡ། ཧན་གོ་སོགས་རྒྱལ་ཁབ་མང་པོའི་འགྲན་ཞུགས་པ་འགྲན་བསྡུར་ཁྲོད་ཞུགས་ནས་ཛ་དྲག་གི་འགྲན་བསྡུར་བསྡུ་རྒྱུ་དང་། དུས་མཚུངས་སུ“ཕྱི་རོལ་གྱི་དག་ཞིང”སྟེ་བྲག་གསུམ་མཚོའི་རང་བྱུང་མཛེས་པར་རོལ་བ་དང་། གངས་ལྗོངས་ཅང་ནན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་རྒྱུས་ལོན་བྱེད་པ་རེད། བྱེད་སྒོ་འདིས་འཛམ་གླིང་གི་རི་ཁུལ་གྱི་རྐང་འཁོར་བྱེས་བགྲོད་དགའ་མོས་མཁན་རྣམས་ལ་ཐོན་ཁུངས་གསར་པ་ཞིག་བསྐྲུན་ཞིང་།ཡུལ་སྐོར་དང་རིག་གནས་དང་ལུས་རྩལ་གསུམ་པོ་ཟུང་དུ་འབྲེལ་བའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་པ་རེད།
2016ལོའི་སྐབས་བཞི་པའི“བྲག་གསུམ་མཚོ་སྐོར་གྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་བསྡུར”དེ་བོད་ལྗོངས་ཉིང་ཁྲིའི་རྒྱལ་ཁབ་ཀྱིAAAAརིམ་པའི་ལྗོངས་ཁུལ་ཏེ་བྲག་གསུམ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་བསྡུ་རྒྱུ་ཡིན་པ་དང་།དེ་ནི་རང་རྒྱལ་གྱི་ས་བབ་ཆེས་མཐོ་བའི་མཚོ་སྐོར་གྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་ཡིན། སྐབས་བཞི་པའི་བྲག་གསུམ་མཚོ་སྐོར་གྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་ནངGOIdsprintsཡི་རྐང་འཁོར་རོལ་རྩེད་རྣམ་གྲངས་ཁ་བསྣན་ཡོད།དེ་ནི་འགྲན་ཞུགས་པ་དང་ས་དེའི་མི་སེར་བར་བསམ་བློ་བརྗེ་རེས་ཀྱི་གོ་སྐབས་བཟང་བོ་བསྐྲུན་པ་དང་། འགྲན་ཞུགས་པར་ས་དེའི་རང་ཡུལ་སྲོལ་གོམས་འདྲིས་ལ་མྱོང་རོལ་བྱེད་དུ་འཇུག་པ། ས་དེའི་མི་སེར་གྱིས་རྐང་འཁོར་རིག་གནས་ལ་རྒྱུས་ལོན་བྱེད་པ་བཅས་ཀྱི་ཆེད་དུ་ཡིན།
2016ལོའི་སྐབས་བཞི་པའི་བྲག་གསུམ་མཚོ་སྐོར་གྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་དེར་སྔོན་རྩིས་བྱས་ན། རང་སྐྱོང་ལྗོངས་ནང་ཁུལ་དང་རྒྱལ་ནང་གི་འགྲན་ཞུགས་པ་གྲགས་ཅན་དང་། ཨ་མེ་རི་ཁ།ཁ་ན་ཏ།ཧྥ་རན་སི། ཏེན་མག་སོགས་རྒྱལ་ཁབ་ནས་ཡོང་བའི་འགྲན་ཞུགས་པ་འགྲན་བསྡུར་ནང་ཞུགས་རྒྱུ་རེད། འགྲན་ལམ་ཧྲིལ་བོར་སྤྱི་ལེ99ཡོད་པ་དང་། འགྲན་བསྡུར་དེ་ཉིན་གཉིས་ལ་བགོས་ནས་སྤེལ་རྒྱུ། ཉིན་དང་པོར་བྲག་གསུམ་མཚོའི་ལྗོངས་ཁུལ་གྱི་སྒོ་ཁ་ནས་འགོ་རྩོམ་པ་དང་། སྲོལ་རྒྱུན་གྱི་མཚོ་སྐོར་ལམ་བུ་བརྒྱུད་ནས་བྲག་གསུམ་མཚོའི་ཁོངས་ཀྱི་ཀོང་པོའི་གྲོང་ཚོ་སྟེ་བྱེ་པ་གྲོང་ཚོ་ནས་མཇུག་སྡུད་པ(ལམ་ཐག་སྤྱི་ལེ30)རེད།ཉིན་གཉིས་པར་བྱེ་པ་གྲོང་ཚོ་ནས་ཤང་མཚོ་བརྒྱུད་དེ་སངས་མཐོང་འབྲོག་རར་འབྱོར་ཐོ་བཀོད་རྗེས་ཕྱིར་ལྡོག་པའི་ལམ་དུ་ཞུགས་ནས་འགྲན་བསྡུར་གྱི་མཇུག་སྡུད་ས་སྟེ་མཛེས་ལྗོངས་ཁུལ་གྱི་སྒོ་ཁར(གྱི་ལམ་ཐག་སྤྱི་ལེ69 )་བསྐྱོད་དགོས། ཉིན་གཉིས་སོ་སོར་བརྩི་བ་དང་མཇུག་མཐར་སྤྱིའི་དུས་ཚོད་བསྣན་ནས་ཨང་རིམ་བསྒྲིག་རྒྱུ། འགྲན་བསྡུར་ལམ་ཐིག་ནི་བོད་རིགས་མི་སེར་གྱིས་ལོ་ངོ་སྟོང་རིང་གི་སྲོལ་རྒྱུན་གྱི་གནས་མཇལ་རྐང་ལམ་བརྒྱུད་པ་དང་། གསོམ་ཤིང་དང་མེ་ཏོག་གི་དྲི་ཞིམ་འཐུལ་ཞིང་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པའི་ཁྲོད། མཆོད་རྟེན་དང་དར་ལྕོག མ་ཎི་རྡོ་ཕུང་སོགས་མཛེས་ལྗོངས་ཡོད་པ་དང་། ཤང་མཚོ་ནི་བྲག་གསུམ་མཚོའི་ས་ཁོངས་དུ་མཛེས་ལྗོངས་ཕུན་སུམ་ཚོགས་པ་ཡོད་པའི་གྲོག་རོང་ཞིག་ཡིན་ལ། ལམ་འགྲམ་ཀུན་ཏུ་གྲོང་ཚོ་དང་རྦབ་ཆུ། ཆུ་ཕྲན། རྩྭ་ཐང་། མེ་ཏོག ནགས་ཚལ་སོགས་ཡུལ་ལྗོངས་ལྟ་ན་སྡུག་པ་མང་པོ་ཡོད། ཐེངས་འདིའི་འགྲན་བསྡུར་ནི་བདེ་ཐང་དང་མྱུལ་དཔྱད་ཀྱི་འགྲུལ་བཞུད་ཅིག་ཡིན་ལ། མི་ཚུལ་དང་མཚེའུ་ལྗོངས་ལ་མྱོང་རོལ་བྱེད་པའི་འགྲུལ་བཞུད་ཅིག་ཀྱང་ཡིན་ནོ།།
【འགྲན་བསྡུར་བླང་བྱ】
1.འགྲན་ཞུགས་པའི་འཁོར་ལོ་ཚང་མ་མི་ཤུགས་ལ་བརྟེན་དགོས་པ་ལས་རོགས་འགུལ་སྒྲིག་ཆས་སོགས་ཡོད་པའི་འཁོར་ལོ་སྤྱོད་མི་ཆོག2.འགྲན་ཞུགས་རླངས་འཁོར་ནི་ཚུན26དང་ཡང་ན29ཅན་གྱི་རི་སྐྱོད་རྐང་འཁོར་ཡིན་དགོས་ལ།རྐང་འཁོར་གྱི་རྐྱལ་བ་ངེས་པར་དབྱིན་ཚུན1.95ཅན་ནམ་དེའི་ཡན་ཡིན་དགོས། 3.འགྲན་ཞུགས་པ་འགྲན་བསྡུར་ནང་ཞུགས་སྐབས་ཚང་མས་ངེས་པར་དུ་བདེ་འཇགས་ཞྭ་མོ་གོན་དགོས་པ་དང་། རྐང་འཁོར་ལག་ཤུབས་སོགས་དགོས་ངེས་ཀྱི་བདེ་འཇགས་སྲུང་བྱེད་སྤྱོད་དགོས།4.འགྲན་བསྡུར་ནང་ཞུགས་མཁན་ཚོའི་འགྲན་བསྡུར་ཁྲོད་ངེས་པར་དུ་འདྲ་མཉམ་དང་དྲང་སྙོམ་གྱི་འགྲན་བསྡུར་སྙིང་སྟོབས་རྒྱུན་འཁྱོངས་དང་འགྲན་སྡུར་སྒྲིག་ལམ་བརྩི་སྲུང་བྱ་དགོས་ཤིང་།བདེ་འཇགས་ལ་ཡིད་གཟབ་བྱེད་པ། རང་ཉིད་དང་ཡང་ན་མི་གཞན་པར་གནོད་འཚེ་བཟོ་བའི་ཉེན་མཆོང་གི་སྤྱོད་པའམ་ཡང་ན་རྐང་བཙུགས་ནས་གནོད་འཚེ་བཏང་མི་ཆོག གདོང་གཏུག་དང་འབུད་འདེད་སོགས་བྱས་ཏེ་མི་གཞན་པའི་འགྲན་བསྡུར་དང་དེའི་བདེ་འཇགས་ཐད་ཤུགས་རྐྱེན་བཟོ་མི་རུང་། འཁོར་བརྒལ་ནན་འགོག་གསལ་འདེབས་ལམ་མཚམས་སུ་འཁོར་བརྒལ་བྱ་སྤྱོད་མཐའ་དག་སྤོང་དགོས།5.འགྲན་ཞུགས་ལུས་རྩལ་པ་རྣམས་མཉམ་དུ་ལམ་ལ་ཆས་པ་དང་།ལུས་རྩལ་པ་མཇུག་བསྡུའི་ས་ཚིགས་སུ་སླེབས་པའི་སྔ་རྗེས་ལྟར་ཨང་རིམ་བསྒྲིག་དགོས། 6.འགྲན་ཞུགས་སྔོན་དུ་འགྲན་ཞུགས་པ་རྣམས་ལ་གཅིག་གྱུར་གྱིས་མི་སྒེར་ལ་བདེ་འཇགས་ཞིབ་བཤེར་དང་། འཁོར་རིགས་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ།གོང་གསལ་གྱི་འགྲན་བསྡུར་བླང་བྱ་དང་འགལ་མཁན་ཡོད་པ་ཤེས་ཚེ་སྒྲིག་འཛུགས་ཨུ་ལྷན་གྱིས་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་མེད་པ་བཟོ་རྒྱུ་ཡིན།
【འགྲན་ཞུགས་པའི་ངེས་དགོས་པ་འགའ】
1.འགྲན་ཞུགས་པ་ངེས་པར་དུ་ལོ་ན་བཅུ་དྲུག་ལོན་དགོས་པ་མ་ཟད།སྒྲིག་འཛུགས་ཨུ་ལྷན་ལ་ཡིག་ཆ་ནུས་ལྡན་གྱི་ཐོབ་ཐང་བདེན་དཔང་གི་གློག་རྡུལ་པར་གཞི་འདོན་སྤྲོད་བྱ་དགོས།
2.སྐུ་གཟུགས་བདེ་ཐང་དང་རྐང་འཁོར་ལུས་རྩལ་ལ་དགའ་ཞེན་ཡོད་པ། རྐང་འཁོར་བཞོན་པར་བྱང་ཆུབ་པའམ་ཚོད་འཛིན་རྩལ་ནུས་ལྡན་ཞིང་ཆེད་ལས་མིན་པའི་དགའ་མོས་མཁན་ཚང་མ་འགྲན་བསྡུར་ནང་ཞུགས་ཆོག་པ་རེད།
3.ཆེད་ལས་རྐང་འཁོར་ཞོན་མཁན་ནམ་ཆེད་ལས་རྐང་འཁོར་ཞོན་མཁན་གྱི་ཁོངས་ནས་ཕྱིར་ཐོན་ཏེ་ལོ་གཉིས་མ་འགོར་བ་རྣམས་རྐང་འཁོར་འགྲན་བསྡུར་ནང་ཞུགས་མི་ཆོག
4.བོད་ལྗོངས་ནང་ཁུལ་ཚོགས་ཆུང་ནང་གི་འགྲན་ཞུགས་པས་བོད་ལྗོངས་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ཐེམ་ཐོའི་བདེན་དཔང་ཡིག་ཆའམ། ཡང་ན་བསྟུད་མར་ལོ་གཅིག་ཡན་གྱི་བོད་ལྗོངས་ཀྱི་སྐབས་སྡོད་དཔང་ཡིག་འདོན་སྤྲོད་བྱ་དགོས།
5.འགྲན་བསྡུར་ནང་ཞུགས་མཁན་ཚང་མས་ངེས་པར་དུ་འགན་མེད་གསལ་བསྒྲགས་ནན་ཏན་གྱིས་ཀློག་པ་དང་། འགྲན་ཞུགས་བྱེད་པའི་ཐོ་འགོད་རེའུ་མིག་གསལ་པོར་འབྲི་དགོས་པ་མ་ཟད་མིང་རྟགས་བཀོད་ནས་ངེས་གཏན་བྱ་དགོས་།
6.སྒྲིག་འཛུགས་ཨུ་ལྷན་གྱིས་འགྲན་བསྡུར་ནང་ཞུགས་མཁན་ཚང་མར་དམངས་སྒོར་ཁྲི60ཡི་ཉེན་འགོག་འགན་ལེན་རེ་ཉོ་རྒྱུ་ཡིན།
7.ཐེངས་འདིའི་འགྲན་བསྡུར་མིང་ཐོ་དྲ་རྒྱའམ་ཡུལ་དངོས་སུ་འགོད་དགོས།
8.འགྲན་ཞུགས་མི་གྲངས་སྐོར་ནས་བྲག་གསུམ་མཚོ་སྐོར་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་གྱི་འགྲན་ལམ90%ཡན་རི་ཁུལ་གྱི་འགྲན་ལམ་ཡིན་པས་ཉེན་ཁ་ཆེ་བ་རེད། དེ་བས་འགྲན་ཚོགས་བདེ་བླག་ངང་སྤེལ་བ་དང་འགྲན་ཞུགས་པའི་བདེ་འཇགས་ལ་ཁག་ཐེག་བྱ་ཆེད། འགྲན་ཞུགས་པའི་མི་གྲངས་མི100ཚོད་འཛིན་བྱས་ཡོད། མིང་ཐོ་བཀོད་པའི་སྔ་རྗེས་ལྟར་འགྲན་ཞུགས་པ་གདམ་རྒྱུ་དང་། མི་གྲངས་ལོངས་ཚེ་མིང་ཐོ་འགོད་མཚམས་འཇོག་རྒྱུ། མིང་ཐོའི་རིན་པ་སྤྲད་ཟིན་པ་རྣམས་ལ་འགྲན་སྡུར་མཇུག་རྫོགས་རྗེས་ཕྱིར་སློག་རྒྱུ་ཡིན།
9.ཐེངས་འདིའི་འགྲན་བསྡུར་སྒྲིག་ལམ་དང་འགལ་མཁན་གྱིས་འབྲེལ་ཡོད་འགན་ཁུར་ཡོངས་རྫོགས་རང་གིས་འཁུར་དགོས།