ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་ཀྱི་འགག་སྒོ་ཁ་ཤས་སུ་ཁྲལ་འཇལ་མི་དགོས་པའི་ཚོང་ཁང་འཛུགས་རྒྱུ་རེད།

2016-03-23 ཁྲི་སེམས་དཔའ།
        “ལྷ་སའི་སྒོ་ཁྲལ་གྱིས་བོད་ལྗོངས་ལ་རྒྱབ་སྐྱོར་རམ་འདེགས་བྱས་ཏེ་རྒྱལ་ཁབ་ལ་ཆ་རྐྱེན་ཡོད་པའི་འགག་སྒོར་མངའ་ཁོངས་ཕྱི་ནང་དུ་འགྲོ་བའི་མིར་ཁྲལ་མེད་ཚོང་ཁང་འཛུགས་པའི་རེ་ཞུ་འབུལ་ནས། མཐའ་མཚམས་ས་ཁུལ་གྱི་ཚོང་དོན་དང་ཡུལ་སྐོར་སྤྲོ་འཆམ་གྱི་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་རེད།”ལྷ་སའི་སྒོ་ཁྲལ་གྱི་འགོ་གཙོ་ཝང་ཝུན་ཞི་ཡིས་ཚེས21ཉིན་དེ་ལྟར་བཤད།   
  “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དང་། བོད་ལྗོངས་དེ་ཨ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཀྲུང་གོའི་སྒོ་དབྱེའི་ལམ་བུ་གལ་ཆེན་ཞིག་ཏུ་འཛུགས་རྒྱུ་དང་། དུས་མཚུངས་སུ་བོད་ལྗོངས་ དེ་དར་གོས་གནའ་ལམ་གྱི་དཔལ་འབྱོར་སྤེལ་ཡུལ་ནང་བཅུག་པས།བོད་ལྗོངས་ཀྱི་འགྲིམ་འགྲུལ་དང་ནུས་ཁུངས། འཕྲིན་གཏོང་ཕན་ཚུན་མཉམ་སྦྲེལ་ཡོང་བ་བཅས་ཀྱི་ཆེད་དང་།བོད་ལྗོངས་ཀྱི་ཚོང་དོན་དང་དངུལ་རྩ།ཟོང་འགྲེམས། ཡུལ་སྐོར་རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བར་གོ་སྐབས་དང་འགུལ་ནུས་བསྩལ་པ་རེད།  
  ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ འི་སྟེང་སྲིད་གཞུང་ལས་དོན་སྙན་སྒྲོན་གནང་སྐབས་བསྟན་དོན། འཛད་སྤྱོད་དངོས་རྫས་ཁག་ཅིག་གི་ནང་འདྲེན་སྒོ་ཁྲལ་དམའ་རུ་གཏོང་བདང་། ཁྲལ་མེད་ཚོང་ཁང་འཛུགས་དགོས། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧུང་ཝུའེ་ཡིས་བསྟན་དོན།བོད་ལྗོངས་ཀྱིས་སྒོ་དབྱེའི་རྣམ་པས་དཔལ་འབྱོར་གོང་སྤེལ་དུ་བཏང་སྟེ། ཆ་རྐྱེན་འཛོམས་པའི་འགག་སྒོར་ཁྲལ་འཇལ་མི་དགོས་པའི་ཚོང་ཁང་བཙུགས་ན། ས་དེའི་དཔལ་འབྱོར་ཚོང་དོན་གོང་དུ་སྤེལ་བའི་ཐད་ལ་གསོན་ཤུགས་སྦྱིན་ཐུབ། 
  ཝང་ཝུན་ཞི་ཡིས་བསྟན་དོན། སྒོ་ཁྲལ་ནི་སྒོ་འབྱེད་ཀྱི་མདུན་གྲལ་དུ་གནས་ཤིང་། དེའི་ཕྲག་ཏུ་སྒོ་འབྱེད་དང་འཕེལ་རྒྱས་ཀྱི་ལས་འགན་ལྕི་མོ་བབས་ཡོད།“ང་ཚོས་བོད་ལྗོངས་དེ‘ཁུལ་གཅིག་ལམ་གཅིག’ གི་འཐབ་ཇུས་ནང་འདྲེས་པ་དང་། བྷང་ག་ལ་དང་ཀྲུང་གོ། ནེ་པ་ལ། འབར་མ་བཅས་ཀྱི་དཔལ་འབྱོར་ཁྱམས་རིང་ནང་ཞུགས་པ། ཨ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཧི་མ་ལ་ཡའི་མཐའ་སྐོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐྱིད་གྲོང་གི་མཐའ་མཚམས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད།” 
  ཀྲུང་དབྱང་གི་ཐེངས་ལྔ་པ་དང་ཐེངས་དྲུག་པའི་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་གཏམ་བཟང་སྐྱེལ་ཡོང་ཞིང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས། ཝང་ཝུན་ཞི་ཡིས་བསྟན་དོན། མིག་སྔར་སྐྱིད་གྲོང་འགག་སྒོའི་རྨང་གཞི་སྒྲིག་བཀོད་སླར་གསོ་བྱེད་སྒང་ཡིན། འདི་ལོར་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་དེ་མཐའ་མཚམས་ཀྱི་འབོར་ཉུང་ཉོ་ཚོང་གི་སྐུལ་འདེད་འོག་སླར་གསོ་རང་བཞིན་གྱི་འཕར་སྣོན་འབྱུང་བའི་རེ་བ་ཡོད། ཝང་ཝུན་ཞི་ཡིས་བཤད་རྒྱུར། བོད་ལྗོངས་སུ“མཐའ་དར་དམངས་ཕྱུག”ལག་བསྟར་བྱེད་པའི་གོ་རིམ་ཁྲོད། ལྷ་ས་སྒོ་ཁྲལ་གྱིས་མཐའ་མཚམས་ཀྱི་ཉོ་ཚོང་གོང་དུ་སྤེལ་བ་མ་ཟད། ད་དུང་མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་གཙོ་བོ་དང་། གྲོང་ཁྱེར་དང་གྲོང་རྡལ་མཐའ་མཚམས་ཚོང་དོན་གྱི་སྒོ་མོ་ཕྱེ་བར་སྐུལ་འདེད་བཏང་ཞིང་། དུས་མཚུངས་སུ་ལྷ་ས་དང་གཞིས་ཀ་རྩེ་སོགས་ཆ་རྐྱེན་འཚམ་པའི་ས་ཁུལ་དུ་སྒོ་ཁྲལ་གྱིས་དམིགས་བསལ་གྱིས་ལྟ་སྐུལ་དོ་དམ་བྱེད་པའི་ས་ཁོངས་འཛུགས་པར་རྒྱབ་སྐྱོར་བྱེད་པ་རེད།
  གཞུང་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན།“ལོ་ལྔ་ཚན་བཅུ་གཉིས་པའི”སྐབས་སུ། ལྷ་སའི་སྒོ་ཁྲལ་གྱིས་བསྡོམས་པས་དཔྱ་ཁྲལ་དམངས་སྒོར་དུང་ཕྱུར5.84ཇེ་ཡང་དང་མེད་པར་བཏང་།“ལོ་ལྔ་ཚན་བཅུ་གཅིག་པའི”སྐབས་དང་བསྡུར་ན་ལྡབ6འཕར། 2015ལོར་ཁྲལ་གྲོན་ཡོང་སྒོ་སྒོར་དུང་ཕྱུར1.35མཛོད་དུ་བཅུག ལོ19ཚུན་གྱི་ཟིན་ཐོ་གསར་པ་བཏོད། དེ་མ་ཟད་རྒྱལ་ཡོངས་སྒོ་ཁྲལ་གྱི་གཞི་གཅིག་ཅན་གྱི་འགག་སྒྲོལ་མངོན་འགྱུར་བྱུང་།
འབྲེལ་ཡོད་རྩོམ་ཡིག