ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་བར་མཚམས་ཀྱི་བཟོ་སྐྲུན་གྱི་འཕེལ་རིམ་བདེ་ལེགས་ཡིན་པ།

2016-03-23 ལྕགས་མཚོ།

        རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱིས་ཁྲོན་བོད་ལྕགས་ལམ་དེ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་ལས་གཞི་གཙོ་གནད་གྲས་ཀྱི་ཁོངས་སུ་བཞག་ཅིང་། དེའི་ཁྲོད་ཀྱི་ལྷ་ཉིང་བར་མཚམས(ལྷ་ས་ནས་ཉིང་ཁྲིའི་མཚམས)དེ2014ལོའི་ཟླ12པར་བཟོ་སྐྲུན་གྱི་འགོ་དངོས་སུ་ཚུགས་པ་རེད། པར་འདི་ནི་ཟླ3པའི་ཚེས19ཉིན། ལས་བཟོ་པས་ཕུག་ལམ་ལ་ཁུང་བུ་འབིགས་པའི་རྣམ་པ་རེད།

        ལས་འགོ་ཚུགས་པ་ནས་བཟུང་། ལས་བཟོ་པས་རྙོག་འཛིང་ཆེ་བའི་ས་གཤིས་དང་། ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཡོད་ཚད་ཁྱད་དུ་བསད་དེ་ནུས་ཤུགས་ཡོད་རྒུས་ལམ་གྱི་བར་མཚམས་འདིའི་ལྕགས་ལམ་འཛུགས་སྐྲུན་སྤེལ་ཞིང་། མིག་སྔར་དཔྱིད་ཀའི་མགོ་ཚུགས་པ་དང་བསྟུན་ནས། དྲོད་ཚད་དམའ་བའི་ཆ་རྐྱེན་སྡུག་པོའི་རིགས་ཇེ་ལྷོད་དུ་སོང་སྟེ་ལམ་མཚམས་དེའི་བཟོ་སྐྲུན་གྱི་འཕེལ་རིམ་བདེ་ལེགས་ངང་སྤེལ་གྱི་ཡོད།

པར་འདི་ནི་ཟླ3པའི་ཚེས19ཉིན། ལས་བཟོ་པས་སེན་སྤོ་ཟམ་ཆེན་གྱི་རྨང་གཞིའི་ལྕགས་རྩིབས་གཟེབ་ལ་ཚ་ལས་མཐུད་སྦྱོར་གཏོང་བའི་རྣམ་པ་རེད།

འབྲེལ་ཡོད་རྩོམ་ཡིག