ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཧྥ་རན་སིའི་ཉེན་རྟོག་སྡེ་ཁག་གིས་མཉམ་གཅིག་ཏུ་འཇིགས་སྐུལ་འཇབ་རྒོལ་བྱ་བའི་རེ་ངན་གཏོར་བ་ཁྱབ་བསྒྲགས་བྱས།

2016-04-01 ལྕགས་མཚོ།

ཞིན་ཧྭ་གསར་འགྱུར་ཁང་གི་པ་ལིས་ཀྱི་ཟླ3པའི་ཚེས30ཉིན་བཏང་བའི་འཕྲིན། ཧྥ་རན་སི་རྒྱལ་ཁབ་ཀྱི་པ་ལིས་ཞིབ་དཔྱོད་དཔོན་པོ་མའོ་ལིན་གྱིས་ཚེས30ཉིན་གྱི་དགོང་མོར་གསུང་རྒྱུར། ཚེས24ཉིན་ཉེན་རྟོག་པས་ཧྥ་རན་སི་རྒྱལ་ཁབ་ཀྱི་འཇིགས་སྐུལ་དོགས་ཡོད་མི་སྣ་ལི་ཏཱ་ཁི་ལི་ཁེ་ཐི་འཛིན་བཟུང་བྱས་ཏེ་“ཁ་ཚ་དགོས་གཏུག”གི་འཇིགས་སྐུལ་འཇབ་རྒོལ་གྱི་རེ་ངན་ཕམ་པར་བཏང་བར་བཤད། གསར་འགྱུར་སྣེ་ལེན་ཚོགས་འདུའི་སྟེང་མའོ་ལིན་གྱིས་གསུང་རྒྱུར། ཉེན་རྟོག་སྡེ་ཁག་གིས་པ་ལིས་གྲོང་ཁྱེར་གྱི་ཉེ་འདབས་སུ་ཡོད་པའི་ཁི་ལི་ཁེ་ཐིའི་ཁྱིམ་ནས་འབར་རྫས་བཟོ་བྱེད་ཀྱི་རྒྱུ་ཆ་དང་མེ་མདའ། མདེའུ་སོགས་འབོར་ཆེན་ལག་ཟིན་བྱུང་བར་མ་ཟད། ད་རུང་ལམ་ཡིག་རྫུན་མ་འགའ་དང་ལག་འཁྱེར་ཁ་པར་བདུན་ལྷག་ལག་ཟིན་བྱུང་ཞེས་བཤད།

མའོ་ལིན་གྱིས་ཁི་ལི་ཁེ་ཐི་ནི་ཐལ་དྲགས་རྩ་འཛུགས་ཤིག་ཏུ་གཏོགས་པར་དོགས་པ་སྐྱེས་ཤིང་། ལས་རོགས་ཧྥ་རན་སིའི་ན་གཞོན་ཨ་ཉི་སི་དང་མཉམ་དུ་ཧྥ་རན་སིའི་རྒྱལ་ཁོངས་ནས་འཇིགས་སྐུལ་འཇབ་རྒོལ་བྱེད་རྩིས་ཡོད་ཅེས་བཤད། མའོ་ལིན་གྱིས་ཚེས27ཉིན་ཨ་ཉི་སི་འཛིན་བཟུང་བྱས་པ་དང་། ཉེན་རྟོག་པས་ཁོ་སྦས་སའི་གནས་ནས་མདེལ་རྫས་མང་པོ་རྙེད་པ་བསྟན།

འབྲེལ་ཡོད་རྩོམ་ཡིག