ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལོ་ངོ་ཉི་ཤུའི་ཡར་སྔོན་དུ་བརྐུ་འཕྲོག་བྱས་པའི་ཆི་རྒྱལ་རབས་བྱང་མའི་སངས་རྒྱས་ཀྱི་དབུ་ཧོ་པེར་ཕྱིར་ལོག་པ།

2016-03-31 ལྕགས་འཚོ།
        ཟླ3པའི་ཚེས29ཉིན།  ཧོ་པེའི་རྟེན་མཛོད་ཁང་གི་ལས་བྱེད་མི་སྣས་སངས་རྒྱས་ཀྱི་དབུར་གཙང་བཟོས། ཉིན་དེར་ཆི་རྒྱལ་རབས་བྱང་མའི་སངས་རྒྱས་ཀྱི་དབུའི་ལྡེར་བཟོ་ཧོ་པེ་རྟེན་མཛོད་ཁང་དུ་ཉར་ཚགས་བྱས།  
        1996ལོར། ཧོ་པེ་ཞིང་ཆེན་ལིའང་ཧྲིག་རྫོང་དབེན་གནས་དགོན་པའི་ཤཱཀྱ་མུ་ནེའི་སྐུ་འདྲའི་དབུ་དེ་ཁྲིམས་འགལ་པས་རྐུ་གཅོད་བྱས་ཤིང་།  དུས་དེ་ནས་བཟུང་གར་སོང་ཆ་མེད་དུ་གྱུར། 2014ལོའི་ཟླ5པར། བླ་ཆེན་ཞིན་ཡོན་གྱིས་དད་ལྡན་པས་རྡོ་ཀ་མ་རུའི་སངས་རྒྱས་ཀྱི་དབུ་ཞིག་ཞལ་འདེབས་སུ་ཕུལ་བ་དང་ལེན་བྱས་ཤིང་། ཕྱིས་སུ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་གཤིབ་བསྡུར་དང་གསལ་འབྱེད་བྱས་པ་བརྒྱུད། མཐར་དེ་ནི་ཧོ་པེ་དབེན་གནས་དགོན་དུ་རྐུ་འཕྲོག་བྱུང་བའི་སངས་རྒྱས་ཀྱི་དབུ་དེ་ཡིན་པ་གཏན་ཁེལ་བྱས། 2014ལོའི་ཟླ12པར། ཐའེ་ཝན་ཧྥོ་ཀོང་རི་བོའི་རིག་སློབ་ཐེབས་རྩ་ཚོགས་པ་དང་ཀྲུང་ཧྭ་རིག་དངོས་བརྗེ་རེས་མཐུན་ཚོགས་ཀྱིས་སངས་རྒྱས་ཀྱི་དབུ་དེ་རིན་མེད་སྒོས་ཀྲུང་ཧྭ་རིག་དངོས་བརྗེ་རེས་མཐུན་ཚོགས་སུ་སྐྱེས་སུ་འབུལ་རྒྱུའི་གྲོས་མཐུན་གྱི་ཆིངས་ཡིག་བཞག 2015ལོའི་ཟླ5པར་ཐའེ་ཝན་ཧྥོ་ཀོང་རི་བོ་ནས་སྐྱེས་འབུལ་གྱི་མཛད་སྒོ་སྤེལ་བར་མ་ཟད། སངས་རྒྱས་ཀྱི་སྐུ་གཟུགས་དང་དབུ་ཤན་སྦྱར་བྱུང་ཐུབ་སོང་།
འབྲེལ་ཡོད་རྩོམ་ཡིག