ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལྷ་ས་ནས་ཁེ་ལས་ལ་གྲངས་ཀ་ཅན་གྱི་ཐོབ་ཐང་ལག་ཁྱེར་གཉེར་རྒྱུ་ཡིན་པ་རེད།

2016-03-30 ཡོན་ཏན་སྒྲོལ་མ།
        2016ལོའི་ཟླ་3ཚེས་24ཉིན། རྩ་འཛུགས་སྡེ་ཁག་གི་ཚབ་གྲངས་ལག་ཁྱེར་ཕྱོགས་ཡོངས་ནས་གཉེར་མཚམས་བཞག་ཡོད་པ་རེད། རང་རྒྱལ་གྱིས་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་གྲངས་དང་། དེ་བཞིན་དེ་དང་འབྲེལ་བའི་གཞི་རྩའི་ཆ་འཕྲིན་དེ་ཁྲིམས་མི་དང་དེ་མིན་རྩ་འཛུགས་ཀྱི་གྲངས་ཀའི་ཐོབ་ཐང་ལག་ཁྱེར་བྱེད་རྒྱུ་ཡིན་ཞིང་། དེ་ནི་དོ་དམ་དང་གཉེར་སྐྱོང་གི་རྒྱུད་རིམ་ཁྲོད་ཁྲིམས་མི་དང་དེ་མིན་རྩ་འཛུགས་ཀྱི་ཐོབ་ཐང་དབྱེ་འབྱེད་བྱེད་པའི་ཐབས་ཤེས་ཤིག་ཡིན་པ་རེད། ལྷ་ས་གྲོང་ཁྱེར་གྲོང་མིར་ཞབས་ཞུ་ལྟེ་གནས་ནས་གཉེར་མཚམས་འཇོག་པའི་སྤྱི་བསྒྲགས་སྦྱར་ཡོད་པ་དང་། ནུས་པ་གང་ཡོད་ཀྱིས་ཁེ་ལས་དང་སྡེ་ཚན་སོགས་དེ་དང་མཐུན་པའི་སྡེ་ཁག་གི་སྒྲིག་ཁོངས་དང་དམངས་སྲིད། དེ་བཞིན་དེ་མིན་གྱི་ཐོ་འགོད་དོ་དམ་སྡེ་ཁག་ཏུ་འདྲི་རྩད་དང་ལས་སྒོ་གཉེར་བར་ཕེབས་པར་སྣེ་ཁྲིད་བྱེད་ཀྱི་ཡོད་ཅིང་། རྩ་འཛུགས་སྡེ་ཁག་གི་ཚབ་གྲངས་སྤོ་བསྒྱུར་གྱི་ལས་དོན་ཏན་ཏན་ཏིག་ཏིག་ངང་ནས་སྒྲུབ་དགོས་པ་རེད། 
        དབང་ཆ་གཤམ་སྤྲོད་དང་ལས་ཁུངས་ཁུ་བསྡུ།
        གྲངས་ཀའི་ཐོབ་ཐང་ལག་ཁྱེར་གྱི་བསྒྱུར་བཅོས་ལེགས་སྒྲུབ་བྱེད་པ། 
  ཉེ་དུས་ལྷ་ས་གྲོང་ཁྱེར་གྲོང་མིར་ཞབས་ཞུ་ལྟེ་གནས་ཀྱིས་2016ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལས་ཁུངས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ་དང་དེ་མིན་གྱི་ཁྲིམས་བཀོད་ལྟར་བཙུགས་པའི་སྡེ་ཁག་ལ་རྩ་འཛུགས་སྡེ་ཁག་གི་ཚབ་གྲངས་ལག་ཁྱེར་བརྗེ་བ་དང་སྤྲོད་པའི་ལས་དོན་མཚམས་འཇོག་གི་ཡིན་ཞེས་པའི་སྤྱི་བསྒྲགས་སྦྱར་ཡོད་པ་རེད། དེ་ལས་སྤུས་ཚད་ལྟ་སྐུལ་སྒེའུ་ཁུང་ནས་ཕྱོགས་ཡོངས་ནས་རྩ་འཛུགས་སྡེ་ཁག་གི་ཚབ་གྲངས་ལག་ཁྱེར་གཉེར་མཚམས་བཞག་ཡོད་པ་དེ་མཚོན་གྱི་ཡོད།《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་རྒྱུད་སྤེལ་བྱས་པའི་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ལྷན་སོགས་སྡེ་ཁག་གི་ཁྲིམས་མི་དང་དེ་མིན་རྩ་འཛུགས་ཀྱི་སྤྱི་ཚོགས་ཡིན་རྟོན་ཚབ་གྲངས་ལམ་ལུགས་གསར་དུ་འཛུགས་པའི་སྤྱི་ཁོག་གི་ཐབས་ཤེས་སྐོར་གྱི་བརྡ་ཐོ》(རྒྱལ་སྤེལ་[2015]ཡིག་ཨང་33)པའི་ཡིག་ཆའི་བླང་བྱ་གཞིར་བཟུང་ནས་སླད་ཕྱིན་རང་རྒྱལ་གྱིས་གཅིག་གྱུར་སྤྱི་ཚོགས་ཡིད་རྟོན་ཚབ་གྲངས་དང་འབྲེལ་ཡོད་ཀྱི་གཞི་རྩའི་ཆ་འཕྲིན་དག་ཁྲིམས་མི་དང་དེ་མིན་རྩ་འཛུགས་ཀྱི་གྲངས་ཀའི་ཐོབ་ཐང་ལག་ཁྱེར་བྱེད་རྒྱུ་ཡིན་པ་དང་། དེ་ནི་དོ་དམ་དང་གཉེར་སྐྱོང་གི་རྒྱུད་རིམ་ཁྲོད་ཁྲིམས་མི་དང་དེ་མིན་རྩ་འཛུགས་ཀྱི་ཐོབ་ཐང་དབྱེ་འབྱེད་བྱེད་པའི་ཐབས་ཤེས་ཤིག་ཡིན་པ་རེད།
  ཐེངས་འདིར་ཕྱོགས་ཡོངས་ནས་རྩ་འཛུགས་སྡེ་ཁག་གི་ཚབ་གྲངས་ལག་ཁྱེར་གཉེར་མཚམས་འཇོག་པ་དེ་ནི་གོམ་གང་མདུན་སྤོས་ཀྱིས་དབང་ཆ་གཤམ་སྤྲོད་དང་ལས་ཁུངས་ཁུ་བསྡུ། ཚབ་གྲངས་ལས་དོན་ལ་བསྒྱུར་བཅོས་གཏིང་ཟབ་དང་དེ་བཞིན་ཁྲིམས་མི་དང་དེ་མིན་རྩ་འཛུགས་ཀྱི་གཅིག་གྱུར་སྤྱི་ཚོགས་ཡིན་རྟོན་ཚབ་གྲངས་ལམ་ལུགས་འཛུགས་སྐྲུན་བྱེད་པའི་ལས་དོན་ཁྲོད་ཀྱི་ཐབས་ལམ་གསར་པ་ཞིག་ཡིན་པས་དེས་ལས་དོན་གཉེར་བའི་གོ་རིམ་སྟབས་བདེ་བསྐྲུན་ཞིང་། དུས་ཚོད་དང་འགྲོ་སྒོ་གྲོན་ཆུང་བྱེད་པ་དང་། སྲིད་འཛིན་གྱི་ནུས་པ་མཐོར་འདེགས་དང་སྤྱི་ཚོགས་ཀྱི་མ་རྩ་གཅོག་པ། དེ་བཞིན་གོམ་གང་མདུན་སྤོས་ཀྱིས་ཁྲོམ་རའི་གསར་གཏོད་དང་ལས་གཏོད་ཀྱི་སྒུལ་ཤུགས་བསླངས་བར་ཕན་ཐོགས་ཆེན་པོ་ཡོད་པ་རེད། 
  བསྒྱུར་བཅོས་དང་དྲིལ་བསྒྲགས། 
  ཧུར་ཐག་སྒོས་རྗེས་མཐུད་ཀྱི་བསྒྱུར་བཅོས་ལས་དོན་ལ་སྒྲིག་འཛུགས་དང་གཞོགས་འདེགས་ལེགས་པོ་བྱེད་པ། 
  ལྷ་ས་གྲོང་ཁྱེར་གྲོང་མིར་ཞབས་ཞུ་ལྟེ་གནས་ནང་ཕྱིན་ཚེ་གཉེར་མཚམས་བཞག་པའི་སྐོར་གྱི་སྤྱི་བསྒྲགས་LEDབརྙན་འཕྲིན་སྟོན་ཤེལ་གྱི་ཐོག་སྟོན་གྱི་ཡོད་པ་དང་། སྒོ་འགྲམ་གྱི་ཀ་བའི་ཐོག་ལའང་འབྲེལ་ཡོད་ཀྱི་སྤྱི་བསྒྲགས་སྦྱར་ཡོད་པ་རེད། ལྷ་ས་གྲོང་ཁྱེར་གྲོང་མིར་ཞབས་ཞུ་ལྟེ་གནས་ལས་སྒོ་ཁོའོ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་LEDབརྙན་འཕྲིན་སྟོན་ཤེལ་གྱི་ཐོག་སྟོན་པ་མ་ཟད། སྒོ་འགྲམ་དུ་སྤྱི་བསྒྲགས་སྦྱར་ཡོད་ལ་སྲིད་གཞུང་གི་དྲ་ཚིགས་ཐོག་ལའང་སྤྱི་བསྒྲགས་བྱས་ཡོད་པ་རེད། ང་ཚོས་མང་ཚོགས་ལ་དྲིལ་བསྒྲགས་དང་འགྲེལ་བཤད་བྱེད་པའི་ལས་དོན་དུས་ཐོག་ཏུ་ལེགས་པོ་སྒྲུབ་ཅིང་། ཁེ་ལས་དང་སྡེ་ཚན་སོགས་དེ་དང་མཐུན་པའི་ལས་ཁུངས་ཀྱི་སྒྲིག་ཁོངས་དང་དམངས་སྲིད། དེ་བཞིན་དེ་མིན་གྱི་ཐོ་འགོད་དོ་དམ་སྡེ་ཁག་ཏུ་འདྲི་རྩད་དང་ལས་སྒོ་གཉེར་བར་ཕེབས་པར་སྣེ་ཁྲིད་ཀྱི་ཡོད་པ་དང་། རང་འགུལ་ངང་ལྷ་ས་གྲོང་ཁྱེར་སྤུས་ཚད་ལྟ་སྐུལ་ཅུད་ལ་གཞོགས་འདེགས་བྱས་ནས་རྩ་འཛུགས་ཀྱི་ཚབ་གྲངས་ལག་ཁྱེར་གཉེར་མཚམས་བཞག་པ་དང་དེ་བཞིན་དེ་དང་འབྲེལ་བའི་རྗེས་མཐུད་ཀྱི་བསྒྱུར་བཅོས་ལས་དོན་ལེགས་པོ་སྒྲུབ་ཀྱི་ཡོད་ཅིང་། རྩ་འཛུགས་ཀྱི་ཚབ་གྲངས་ལག་ཁྱེར་དེ་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་གྲངས་ཏུ་སྤོ་བསྒྱུར་བྱེད་པའི་ལས་དོན་ཏན་ཏན་ཏིག་ཏིག་གིས་སྒྲུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས། 
  ཤེས་རྟོགས་བྱུང་བར་ལྷ་ས་གྲོང་ཁྱེར་སྤུས་ཚད་ལྟ་སྐུལ་ཅུད་ཀྱི་གྲོང་མིར་ཞབས་ཞུ་ས་ཚིགས་སུ་བཅའ་སྡོད་བྱས་པའི་སྒེའུ་ཁུང་11དང་23གྱིས་མིག་སྔར་ཕྱོགས་ཡོངས་ནས་རྩ་འཛུགས་སྡེ་ཁག་གི་ཚབ་གྲངས་ལག་ཁྱེར་གཉེར་མཚམས་བཞག་ཡོད་མོད། འོན་ཀྱང་སྒེའུ་ཁུང་22ཀྱིས་དེ་མིན་གྱི་ལས་སྒོ་གཉེར་བ་ཕུད་ད་དུང་ཧུར་ཐག་གིས་རྩ་འཛུགས་སྡེ་ཁག་གི་ཚབ་གྲངས་ལག་ཁྱེར་དང་འབྲེལ་བའི་ལས་དོན་ལ་འགྲེལ་བཤད་རྒྱག་པའི་ལས་ཀ་སྒྲུབ་བཞིན་ཡོད་པ་རེད། སྒེའུ་ཁུང་22པའི་ལས་དོན་མི་སྣས་སྤྱི་བསྒྲགས་བྱས་རྗེས་མི་མང་པོ་ཞིག་སྒེའུ་ཁུང་དུ་འབྲེལ་ཡོད་ཀྱི་གནད་དོན་འདྲི་རྩད་བྱེད་པར་སླེབས་པ་དང་། ཉིན་དེ་རང་ལ་མི་བཅུ་ལྷག་ཙམ་ཞིག་སླེབས་སོང་བས་དེའི་ཁྲོད་ནས་ལས་ཁུངས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ། ཐེབས་རྩ་ཚོགས་པ། དམངས་གཉེར་གྱི་ཁེ་ལས་མིན་པའི་སྡེ་ཚན་དང་དེ་བཞིན་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་འབྲེལ་ཡོད་མི་སྣ་ཅུང་མང་བ་འདུག་ཅེས་གསར་འགོད་པར་འགྲེལ་བཤད་བྱས། 
  ལས་སྒོ་གཉེར་བ། 
  སྡེ་ཁག་སོ་སོར་དེ་དང་མཐུན་པའི་གྲངས་ཀ་སྟེར་མཁན་གྱི་སྡེ་ཚན་ཡོད་པ་རེད། 
  ཕྱིས་སུ་ས་གནས་གང་དུ་འབྲེལ་ཡོད་ཀྱི་ལས་སྒོ་གཉེར་བ་འགྲོ་དགོས་མིན་སྐོར་ལ་ལས་དོན་མི་སྣས་དཔྱད་ཡིག་ཅིག་ཁ་ཕྱེས་ནས་《ཁྲིམས་མི་དང་དེ་མིན་གྱི་རྩ་འཛུགས་ཀྱི་གཅིག་གྱུར་སྤྱི་ཚོགས་ཡིད་རྟོན་ཚབ་གྲངས་འདྲེན་ཡུལ་སྐོར་གྱི་བསམ་འཆར》ཞེས་པ་བསྟན་ནས་གསར་འགོད་པར་ལས་ཁུངས་དང་། བྱ་གཞག་ཚན་པ་དང་ལས་ཁུངས་ཀྱི་སྒྲིག་ཁོངས་སྡེ་ཁག་གིས་ཐད་ཀར་དོ་དམ་བྱེད་པའི་ལས་ཁུངས་ཀྱི་སྒྲིག་ཁོངས་ཡིན་པའི་མང་ཚོགས་ཀྱི་ཚོགས་པ་ལ་གྲངས་ཀ་སྟེར་མཁན་ནི་ལས་ཁུངས་ཀྱི་སྒྲིག་ཁོངས་སྡེ་ཁག་སྟེ་རྩ་འཛུགས་སྡེ་ཁག་ཡིན་པ་དང་། ཚབ་གྲངས་འདྲེན་ཡུལ་ནི་སྡེ་ཚན་གྱི་ཁྲིམས་མི་ལག་ཁྱེར་རམ་ཡང་ན་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ལག་ཁྱེར་ཡིན་པ་རེད། དེ་ནི་དེ་སྔོན་ཟུར་དུ་གཉེར་དགོས་པའི་རྩ་འཛུགས་ཀྱི་ཚབ་གྲངས་ལག་ཁྱེར་མེད་པ་ཆགས་པ་རེད་ཟེར་ཅིང་། དེ་ནི་གཅིག་གྱུར་གྱི་གྲངས་གནས་18ཡོད་པའི་ཚབ་གྲངས་ཀྱིས་ཚབ་བྱེད་ཀྱི་ཡོད་པ་དང་དེ་སྡེ་ཚན་གྱི་ཁྲིམས་མི་ལག་ཁྱེར་རམ་ཡང་ན་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ལག་ཁྱེར་ཐོག་པར་རྒྱག་གི་ཡོད་པ་རེད། དཔེར་ན་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་ཀྱི་སྡེ་ཁག་ལ་གྲངས་ཁ་སྟེར་མཁན་ནི་བཟོ་ཚོང་སྡེ་ཁག་ཡིན་ཞིང་། ཚབ་གྲངས་འདྲེན་ཡུལ་ནི་བཟོ་ཚོང་གཉེར་སྐྱོང་ལག་ཁྱེར་ཡིན་པ་རེད་། དེ་ནི་དེ་སྔོན་གྱི་ལག་ཁྱེར་གསུམ་གཞི་གཅིག་ཏུ་གྲུབ་པ་དང་གཅིག་མཚུངས་ཡིན་ཞིང་། དེར་གོ་བ་ལེན་ན་ལས་སླ་པོ་ཡིན་པ་དང་དོན་དངོས་ཐོག་འགྲོ་ལུགས་གཉེར་རྒྱུ་དེ་བས་སྟབས་བདེ་རུ་ཕྱིན་པ་རེད། དེའི་ཐོག་སྤྱི་ཚོགས་ཚོགས་པ་དང་ཐེབས་རྩ་ཚོགས་པ། དམངས་གཉེར་གྱི་ཁེ་ལས་མིན་པའི་སྡེ་ཚན་སོགས་ཀྱི་སྒྲིག་ཁོངས་ཀྱི་རིགས་ལ་བལྟོས་ནས་དེར་གྲངས་ཀ་སྟེར་མཁན་གྱི་སྡེ་ཁག་ནི་དམངས་སྲིད་སྡེ་ཁག་ཡིན་པ་དང་ཚབ་གྲངས་འདྲེན་ཡུལ་ནི་ན་སྤྱི་ཚོགས་སྒྲིག་བཙུགས་ཐོ་འགོད་ལག་ཁྱེར་ཡིན་པ་རེད་གོང་གསལ་གྱི་སྡེ་ཁག་རིགས་དེ་དག་ནས་འདྲི་རྩད་བྱེད་མཁན་ཅུང་མང་བ་ཡོད་པ་རེད་ཅེས་གསར་འགོད་པར་འགྲེལ་བཤད་བྱས།
འབྲེལ་ཡོད་རྩོམ་ཡིག