ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འགོ་ཁྲིད་ལས་བྱེད་པས་དྲ་བ་བརྒྱུད་དེ་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པ་ཤེས་སུ་འཇུག་དགོས་ཞེས་གསུངས།

2016-04-20 མཚོ་མོ།
        ཞིས་ཅིན་ཕིང་གིས་བསྟན་དོན། དྲ་རྒྱའི་སྐྱེ་ཁམས་ལེགས་པོ་ཞིག་བཙུགས་ཏེ་དྲ་རྒྱས་གླེང་ཕྱོགས་ལ་སྣེ་ཁྲིད་པ་དང་དམངས་སེམས་མཚོན་པའི་ནུས་པ་འདོན་སྤེལ་བྱེད་དགོས།“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་བར་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་བློ་ཁ་གཅིག་མཐུན་མཁོ་བར་མ་ཟད། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བསམ་བློ་གཅིག་ཏུ་གཏད་དེ་ངར་ཤུགས་གཅིག་ཏུ་བསྒྲིལ་དགོས། དྲ་དམངས་ནི་མང་ཚོགས་ནས་ཡོང་ཞིང་། མང་ཚོགས་དྲ་རྒྱར་ཞུགས་པ་ན་དམངས་སེམས་ཀྱང་དྲ་རྒྱར་ཞུགས་པ་རེད། མང་ཚོགས་གང་དུ་ཡོད་ན་ང་ཚོའི་འགོ་ཁྲིད་ལས་བྱེད་པའང་དེ་གར་འགྲོ་དགོས་པས། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་དྲ་རྒྱ་བརྒྱུད་དེ་དམངས་ཀྱི་ལམ་ཕྱོགས་སུ་བསྐྱོད་ཤེས་དགོས་ལ། རྒྱུན་པར་དྲ་ཐོག་ཏུ་སོང་ནས་མང་ཚོགས་ཀྱིས་ཅི་འདོད་པ་དང་གང་དྲན་པ་སོགས་ལ་རྒྱུས་ལོན་བྱས་ཏེ་བསམ་ཚུལ་ལེགས་པོ་དང་ལྟ་བ་ཡག་པོ་བསྡུ་རུབ་བྱས་ནས་དྲ་དམངས་ཀྱིས་དོ་ཁུར་དང་ཐེ་ཚོམ་དང་དོགས་པར་གསལ་འགྲེལ་བྱེད་དགོས་པར་མ་ཟད། རྒྱ་ཆེའི་དྲ་དམངས་ལ་ཁོག་ཡངས་པ་དང་ངང་རྒྱུད་རིང་པོས་གདོང་གཏད་དགོས་པ་དང་། དགེ་མཚན་ལྡན་པའི་བསམ་འཆར་དུས་ལྟར་བསྡུ་ལེན་བྱེད་པ་དང་། དཀའ་ངལ་ཡོད་པ་དུས་ལྟར་རོགས་རམ་བྱེད་པ། རྒྱུས་ལོན་མེད་པའི་གནས་ཚུལ་གྱི་རིགས་དུས་ཐོག་ཏུ་དྲིལ་བསྒྲགས་དང་མཚམས་སྦྱོར་བྱེད་པ་དང་། ངོས་འཛིན་གསལ་བོ་མེད་རིགས་དུས་ཐོག་ཏུ་གསལ་བོར་བཟོ་དགོས་པ། འཁང་ར་དང་ལེ་བདའི་རིགས་དུས་ཐོག་ཏུ་སེལ་འཇགས་བྱ་རྒྱུ་དང་། ནོར་འཁྲུལ་གྱི་ལྟ་ཚུལ་དུས་ཐོག་ཏུ་ཁྲིད་སྟོན་དང་ཡོ་བསྲང་བྱས་ཏེ་མཐུད་འབྲེལ་དྲ་བ་དེ་མང་ཚོགས་ལ་རྒྱུས་ལོན་བྱེད་པ་དང་། མང་ཚོགས་དང་ཉེ་བར་བཅར་བ། མང་ཚོགས་ཀྱི་དཀའ་གནད་དང་སེམས་ཁུར་ཐག་གཅོད་བྱེད་པའི་ལམ་བུ་གསར་བ་ཞིག་དང་། མི་དམངས་དམངས་གཙོ་དར་སྤེལ་དང་། མི་དམངས་ཀྱི་ལྟ་ཞིབ་དང་ལེན་བྱེད་པའི་བརྒྱུད་ལམ་གསར་བ་ཞིག་ཏུ་འགྱུར་བར་འཇུག་དགོས། དྲ་ཐོག་གི་སེམས་བཟང་བཅངས་པའི་སྐྱོན་བརྗོད་དང་མཐུད་འབྲེལ་དྲ་བའི་ལྟ་སྐུལ་སོགས་ཏང་དང་སྲིད་གཞུང་གི་བྱ་བ་དང་ཡང་ན་འགོ་ཁྲིད་ལས་བྱེད་པ་མི་སྒེར་ལ་བཏོན་པ་གང་ཡིན་རུང་། དེ་དག་ཚང་མ་ཞི་དུལ་ངག་འཇམ་ཡིན་ནའང་འདྲ། ཤ་ཚ་བའི་གཏམ་ཡིན་ནའང་འདྲ། ང་ཚོས་དེ་དག་ལ་དགའ་བསུ་ཞུ་དགོས་པར་མ་ཟད། ད་རུང་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་བྱེད་དགོས་ཞེས་གསུངས།
        ཟླ4པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཞིས་ཅིན་ཕིང་གིས་པེ་ཅིང་དུ་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད།
ཚེས19ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཞིས་ཅིན་ཕིང་གིས་པེ་ཅིང་དུ་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གལ་ཆེའི་གསུང་བཤད་གནང་སྟེ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལྟར་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དེང་སྐབས་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་རང་རྒྱལ་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་བླང་བྱ་དང་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་ལ། རང་རྒྱལ་གྱི་དྲ་རྒྱའི་ཆ་འཕྲིན་བྱ་གཞག་གི་འཕེལ་རྒྱས་དེ་འཕེལ་ཕྱོགས་ཆེན་པོ་འདི་དང་འཚམ་དགོས་ཤིང་། གོང་འཕེལ་གཏོང་བའི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་ཐད་ནས་སྔོན་དུ་བསྐྱོད་དེ་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱ་བ་དར་སྤེལ་དང་། རང་རྒྱལ་གྱི་དྲ་རྒྱའི་ཆ་འཕྲིན་བྱ་གཞག་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་མཐུད་འབྲེལ་དྲ་བས་རྒྱལ་ཁབ་དང་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པོ་བསྐྲུན་དུ་འཇུག་དགོས་པ་ནན་གྱིས་བསྟན།
        ཟླ4པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཞིས་ཅིན་ཕིང་གིས་པེ་ཅིང་དུ་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད།
འབྲེལ་ཡོད་རྩོམ་ཡིག