ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ཏེlogoབསྡུ་རུབ་བྱེད་པ།

2016-05-04 ཆོས་སྐྱོང་།
        ཟླ5ཚེས2ཉིན། གསར་འགོད་པས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་ཤེས་རྟོགས་བྱུང་གསལ། སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། འགྲེམས་སྟོན་དང་སྒྲིག་གཤོམ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། འགྲེམས་སྟོན་དང་སྒྲིག་གཤོམ་གྱི་སྤུས་ཚད་མཐོར་གཏོང་བ་བཅས་ཀྱི་ཆེད་དུ།  བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གསར་བ་འཛུགས་སྐྲུན་བྱ་འཆར་ཡོད། རྣམ་གྲངས་དེ་བོད་རང་སྐྱོང་ལྗོངས་དང་ཐ་ན་རྒྱལ་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཅུག་པ་རེད་།
        བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འབྲེལ་ཡོད་འགན་འཁུར་པས་བཤད་པར་གཞིགས་ན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གསར་བ་འཛུགས་སྐྲུན་དེས་སྔོན་ཐོན་རིག་གནས་དར་སྤེལ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། བོད་ལྗོངས་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་རིག་གནས་བརྗོད་དོན་དུ་བྱས་ཐོག ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་འཐུས་སྒོ་ཚང་བ། དུས་རབས་ཀྱི་སྙིང་སྟོབས་དང་། མི་དམངས་མང་ཚོགས་དང་ཐག་ཉེ་བའི་འགྲེམས་སྟོན་བྱ་རྒྱུ་དེ་རང་འགན་དུ་བརྩིས་པའི་མཚུངས་སུ། ཉར་ཚགས་དང་སྲུང་སྐྱོབ། སློབ་གསོ་དང་ཞིབ་འཇུག  སྒོ་འབྱེད་དང་ཞབས་ཞུ་གཞི་གཅིག་ཏུ་འདུས་ཤིང་། ཕྱོགས་བསྡུས་རང་བཞིན་ལྡན་པའི་དེང་རབས་ཅན་གྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་འཛུགས་རྒྱུ་རེད།
        བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནང་དོན་ཡང་དག་པའི་སྒོ་ནས་མཚམས་སྦྱོར་དང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་གསོག་ཉར་དངོས་རྫས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཆེད་དང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་དང་ཉེ་བཅར་གྱི་འགན་ནུས་དེ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་ཆེད། འདིར་ཆེད་དུ་སྤྱི་ཚོགས་ལ་ཁ་ཕྱོགས་ནས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་མཚོན་རྟགས་ཇུས་འཆར་བསྡུ་རུབ་གནང་རྒྱུ་སྟེ། བྱེད་སྒོ་འདི2016ལོའི་ཟླ5པའི་ཚེས18ནས་སྤེལ་ཏེ2016ལོའི་ཟླ10པའི30ཉིན་མཇུག་སྡུད་རྒྱུ་རེད།
        མཚོན་རྟགས་ཇུས་འགོད་བྱ་ཐབས་དེ་ངེས་པར་དུ་བློས་བསླངས་མཚར་ཞིང་ནང་དོན་གཏིང་ཟབ་པ་དང་། སྟབས་བདེ་ཞིང་སྒམ་བརླིང་ཅན་ཞིག་ཡིན་དགོས་པར་མ་ཟད། གསར་གཏོད་ཀྱི་རང་བཞིན་ཡང་ལྡན་དགོས། རྟེན་མཛོད་ཁང་གཞན་དག་གི་མཚོན་རྟགས་དང་གཅིག་མཚུངས་ཡིན་མི་རུང་། དེར་མ་ཟད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་གསོག་ཉར་དངོས་རྫས་སམ་ཡང་ན་ཨར་སྐྲུན་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བཏང་ཐོག  བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་དང་ས་ཁོངས་ཀྱི་ཁྱད་ཆོས་མཚོན་ཐུབ་པ་དང་། རང་གཤིས་ཀྱི་ཁྱད་ཆོས་ཅུང་ཆེན་པོ་ལྡན་དགོས།  ཇུས་འགོད་འཆར་གཞིའི་ཁྲོད་དུ།“བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང”གི་མཚོན་དོན་མཆིས་པའི་ཀྲུང་དབྱིན་བོད་གསུམ་གྱི་བསྐུངས་ཡིག་སོགས་ཡོད་ཆོག་ཅིང་། གཞན་རིས་དབྱིབས་དང་ཡིག་རིས(གསལ་བྱེད)སོགས་སྡེབ་སྒྲིག་ཀྱང་བྱ་རུང་བ་ཡིན།
        བསྡུ་རུབ་ཁྲོད་ཞུགས་པའི་བརྩམས་ཆོས་ཚང་མ་ཤོག་བུA4ཅན་གྱི་ཚད་གཞི་དང་མཐུན་དགོས་ཤིང་། རི་མོ་དྲང་ཐད་དུ་འབྲི་དགོས། གློག་རྡུལ་པར་གཞི་ཡིན་ཚེJPGཡི་རྣམ་པ་སྤྱོད་དགོས་པར་མ་ཟད། ཚོན་ལྡན་དང་དཀར་ནག་གཉིས་ཀྱི་བརྩམས་ཆོས་ཁག་རེ་འདོན་སྤྲོད་བྱ་དགོས། བརྩམས་ཆོས་བསྐུར་སྐབས་ཇུས་འགོད་འཆར་གཞི་དང་འབྲེལ་བའི་གསལ་བཤད་ཡི་གེ་སྟེ། ཇུས་འགོད་ཀྱི་བློས་བསླངས་དང་མཚོན་རྟགས། ཡིག་གཟུགས། དེ་བཞིན་རིས་དབྱིབས་སྡེབ་སྒྲིག་བྱེད་སྟངས་བཅས་གསལ་བོར་བྲི་དགོས། གཞན་ཡང་། རྩོམ་པ་པོའི་མིང་དང་། རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས། སྡོད་གནས། འབྲེལ་གཏུག་བྱེད་སྟངས་བཅས་ཀྱི་གནས་ཚུལ་གསལ་བོར་བྲི་དགོས། བརྩམས་ཆོས་དག་ཡིག་ཐོག་གི་རྣམ་པར་བརྟེན་ནས་སྦྲག་ཡིག་དང་། གློག་ཀླད་ཡིག་སྒམ་གཉིས་སྤྱད་དེ་བསྐུར་ཆོག ཡིག་ཐོག་ནས་བསྐུར་ཚེ། JPGཡི་རྣམ་པ་ཅན་གྱི་གློག་རྡུལ་ཡིག་ཆ་དང་། འགྲན་ཞུགས་བརྩམས་ཆོས་ཡིན་པའི་གསལ་བཤད་ཡི་གེ་དང་བཅས་བསྐུར་དགོས། བསྐུར་ཡུལ་ནི། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་རིགས་ལྷོ་ལམ་གྱི་སྒོ་ཨང2པའི་བོད་ལྗོངས་རྟེན་མཛོད་ཁང་དང་། སྦྲག་ཨང850000དང་། གློག་འཕྲིན་འབྱོར་མཁན་ཀྲའོ་ཞའོ་ལི་ཡིན། ཡིག་སྒམ་གྱི་ས་གནས་ནི། 406388047@qq.comཡིན།  གནས་ཚུལ་གསལ་བོ་ཤེས་འདོད་ན་གཤམ་གྱི་ཁ་པར་བཏང་སྟེ་བློ་འདྲི་བྱ་ཆོག 0891--6812216དང་ཡང་ན།0891—6812206
        ཐེངས་འདིའི་བྱེད་སྒོ་ཁྲོད། ཇུས་འགོད་བྱ་དགའ1དང་། བྱ་དགའི་དངུལ་སྒོར་ཁྲི་3ཡིན། ཕུལ་བྱུང་ཇུས་འགོད་བྱ་དགའ5དང་། བྱ་དགའི་དངུལ་སྒོར3000ཡིན། གསར་གཏོད་ཇུས་འགོད་བྱ་དགའ10དང་། བྱ་དགའི་དངུལ་སྒོར1000བཅས་ཡིན། འདེམ་སྒྲུག་གི་གྲས་སུ་ཚུད་པའི་བྱ་དགའ50དང་། ལག་རྟགས་སྤུས་ལེགས་ཅན་རེ་འབུལ་རྒྱུ་ཡིན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་མཚོན་རྟགས་བསྡུ་རུབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ཏེ། བསྡུ་རུབ་བྱས་པའི་བརྩམས་ཆོས་ལ་ཐོག་མའི་དཔྱད་ཞིབ་དང་། དཔྱད་འདེམས་བསྐྱར་མ་གནང་བ་བརྒྱུད། མཇུག་མཐར་བྱ་དགའ་ཐོབ་པའི་བརྩམས་ཆོས་གཏན་ཁེལ་བྱ་རྒྱུ་དང་། འབྲེལ་ཡོད་སྨྱན་བྱད་སྡེ་ཁག་ནས་ཡོངས་ཁྱབ་ཏུ་བསྒྲག་རྒྱུ་རེད། བརྩམས་ཆོས་དང་ལེན་བྱས་ཚུན་དུ། བྱ་དགའི་མ་དངུལ་ལས་གཞན་གྲོན་དངུལ་གང་ཡང་སྤྲོད་པ་མེད། རྩོམ་དབང་དང་འཛིན་དབང་། བཟོ་བཅོས་བྱེད་དབང་། སྤྱོད་དབང་སོགས་དེ་འབྲེལ་གྱི་ཁེ་དབང་ཡོད་ཚད་རིན་དོད་མེད་པར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་ཡུན་གཏན་དུ་དབང་བ་དང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་རྣམ་པ་གང་རུང་ནས་བཟོ་བཅོས་དང་། བེད་སྤྱོད། དབང་བསྐུར་དང་སྲུང་སྐྱོབ་སོགས་ཀྱི་བྱེད་སྒོ་སྤེལ་བའི་དབང་ཆ་ཡོད། བྱེད་སྒོ་འདིར་ཞུགས་མཁན་རྣམས་ཀྱིས་རང་འདོད་དུ་སྤྱོད་པའམ་ཡང་ན་ཕྱོགས་གསུམ་པར་བཤུག་སྤྲོད་བྱས་མི་ཆོག སྦྲག་ཐོག་ནས་བསྐུར་བའི་དབང་གིས་སམ་རྐྱེན་ངན་བྱུང་བའི་དབང་གིས་སམ། ཡང་ན་གཙོ་གཉེར་སྡེ་ཚན་གྱིས་བྱས་པ་མིན་ན། བསྡུ་རུབ་བྱས་པའི་བརྩམས་ཆོས་གཞན་དག་བོར་བརླགས་ཐེབས་པའམ་ཆག་སྐྱོན་བྱུང་བ་སོགས་གང་ཅིར་ཡང་གཙོ་གཉེར་སྡེ་ཚན་གྱིས་འགན་འཁྲི་མི་འཁུར། བྱེད་སྒོ་འདིར་ཞུགས་མཁན་རྣམས་ཀྱིས་དཔྱད་འདེམས་ནང་ཞུགས་པའི་འབྲེལ་ཡོད་ཀྱི་གྲོན་དངུལ་ཡོད་ཚད་རང་སྒེར་གྱིས་གཏོང་དགོས་པ་ལས། གཙོ་སྒྲུབ་ལས་ཁུངས་ཀྱིས་ཇུས་འགོད་གླ་རིན་སོགས་གླ་ཆ་གང་ཡང་གཏོང་རྩིས་མེད། ཇུས་གཞི་འདོན་སྤྲོད་བྱས་ཚུན་དུ་གོང་སྨྲས་ཀྱི་ཁ་ཆད་ཡོད་ཚད་དང་ལེན་བྱ་དགོས། རྟགས་མཚན་ཇུས་འགོད་བྱ་དགའ་ཐོབ་པ་དེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་ཚོང་རྟགས་ཐོ་འགོད་་སྡེ་ཁག་ལ་ཞུས་ནས་ཐོ་འགོད་ལེགས་གྲུབ་བྱུང་རྗེས། ད་གཟོད་བྱ་དགའི་དངུལ་སྒོར་ཐེངས་གཅིག་ལ་སྤྲོད་རྒྱུ་ཡིན།
འབྲེལ་ཡོད་རྩོམ་ཡིག