ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

“སྒོ་རའི་ནང་གསོ་ཉར་བྱས་པའི”ཁྲུང་ཁྲུང་སྐེ་ནག

2016-05-09

ས་མཐོར་དཔྱིད་ཀ་ཤར་བ་དང་བསྟུན་ནས་དགུན་དུས་བོད་ལྷོ་རྒྱུད་ཀྱི་ལུང་ཤུར་དུ་དགུན་སྒྲོལ་ལ་སླེབས་པའི་དུས་བྱ་རྣམས་བོད་བྱང་རྒྱུད་དུ་དབྱར་ཁ་སྐྱེལ་བར་ཕྱིན་ཡོད། འོན་ཀྱང་གཤོག་པ་ཆག་པའི་ཁྲུང་ཁྲུང་སྐེ་ནག་གཉིས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ནགས་ལས་ཅུས་ཀྱི་སྒོ་རའི་ནང་གསོ་ཉར་བྱས་ཡོད། ནགས་ལས་ཅུས་ཀྱི་ལས་དོན་མི་སྣས་ཉིན་ལྟར་ཁོང་ཚོར་ལྟོ་དང་ཆུ་སྟེར་ནས་སང་ལོའི་དགུན་ཁ་སླེབས་དུས་ཁྲུང་ཁྲུང་གཞན་དག་དང་མཉམ་དུ་གློད་རྩིས་ཡོད་ཅིང་། འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ནགས་ལས་ཅུས་ཀྱི་སྒོ་རའི་ནང་སྒོ་སྲུང་ཨ་མ་རྒན་མོས་ཁྲུང་ཁྲུང་སྐེ་ནག་ལ་ལྟོ་སྟེར་བའི་གནས་ཚུལ་ཡིན་པ།

འབྲེལ་ཡོད་རྩོམ་ཡིག