—བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ65འཁོར་བར་ཕུལ་བ།
འདི་ནི2011ལོའི་ཟླ5པའི་ཚེས21ཉིན་པར་བརྒྱབ་པའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་རེད།
ལོ་ངོ65རིང་གི་འཕེལ་རྒྱས་བརྒྱུད་དེ་བོད་ལྗོངས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མཚོ་བོད་ལྕགས་ལམ་སྟེང་མེ་འཁོར་ཤར་གཏོང་བྱུང་བ་དང་། རྒྱལ་ཡོངས་ནས་ལོ15རིང་གི་རིན་མེད་སློབ་གསོ་སྔོན་ལ་མངོན་འགྱུར་བྱས་པ། ལྔ་སྐྱོང་རྒན་པར་གཅིག་བསྡུས་ཀྱིས་དྲོད་འདོན་པ་དང་དྭ་ཕྲུག་གཅིག་ཏུ་བསྡུས་ནས་བདག་སྐྱོང་བྱས་པ། གྲྭ་བཙུན་སོགས་མི་ཚོགས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་སུ་བཞག་པ་བཅས་སྔོན་ལ་མངོན་འགྱུར་བྱུང་ཞིང་། མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་དུས་རབས20པའི་ལོ་རབས50ཡི་ལོ35.5ནས་ད་ལྟའི་ལོ68.17ལ་ཇེ་མཐོར་སོང་བ། 2015ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར1000ལས་བརྒལ་བ་དང་། བསྟུད་མར་ལོ23གྱི་རིང་ལ་གནས་གཉིས་འཕར་བ་རྒྱུན་འཁྱོངས་བཅས་བྱས་པས། དེང་རབས་བོད་ཀྱི་བུ་བུ་མོར་ཕན་ཆ་མང་པོ་ཐོབ།
1951ལོའི་ཟླ5པའི་ཚེས23ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་སྐོར་གྱི“གྲོས་མཐུན་དོན་ཚན་བཅུ་བདུན་པ”བཞག་ཅིང་། མི་དམངས་བཅིངས་འགྲོལ་དམག་བོད་ལྗོངས་ལ་ཐོན་ཏེ་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་། དེ་ནས་བཟུང་། བོད་ལྗོངས་ནི་མུན་ནག་ནས་འོད་ཟེར་སྟོང་ལྡན་དང་རྗེས་ལུས་ནས་ཡར་ཐོན། དབུལ་བོ་ནས་འབྱོར་ལྡན། སྒེར་གཅོད་ནས་དམངས་འཚོ་དང་བཀས་བཀོད་ནས་སྒོ་འབྱེད་ཀྱི་དུས་རབས་གསར་པར་བསྐྱོད།
ཞི་བའི་བཅིངས་འགྲོལ་བཏང་བས། ད་གཟོད1959ལོར་བོད་ཀྱི་ཞིང་བྲན་ཁྲི་སྟོང་མང་པོར་བཅིངས་འགྲོལ་ཐོབ་སྟེ་དམངས་གཙོའི་བཅོས་བསྒྱུར་བྱེད་པའི་ལམ་དུ་ཞུགས་ཤིང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་སྟེ། འཛམ་གླིང་གི་མིའི་ཁེ་དབང་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་མཛད་རྗེས་སུ་གྱུར། ཞི་བའི་བཅིངས་འགྲོལ་བཏང་བས། ད་གཟོད1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཐུབ་པ་བྱུང་ལ། བོད་ཀྱི་རིགས་སོ་སོའི་མི་དམངས་དངོས་གནས་རང་སའི་བདག་པོར་གྱུར་ཏེ། རང་མི་རིགས་དང་རང་ས་གནས་ཀྱི་ལས་དོན་ལ་རང་གིས་དོ་དམ་བྱེད་པའི་ཁེ་དབང་དངོས་སུ་ལོངས་སྤྱོད་ཐུབ་པ་བྱུང་། ཞི་བའི་བཅིངས་འགྲོལ་བཏང་བས། བོད་ལྗོངས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་ལམ་ལུགས་ཀྱི་བགྲོད་ལམ་ཆེན་མོར་བསྐྱོད་དེ།“ལོ་ངོ་བཅུ་ཕྲག་འགའི་ནང་དུ། ལོ་ངོ་སྟོང་ཕྲག་ལས་བརྒལ་བའི”མི་ཡུལ་གྱི་ངོ་མཚར་བསྐྲུན་པ་རེད།
ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ65ཡི་རིང་ལ། ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་འོག བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རང་ཉིད་རང་གི་བདག་པོ་བྱས་ཏེ་མཛེས་སྡུག་གི་འཚོ་བར་བསྙེགས་གང་ཐུབ་བྱས་པས། ལས་དོན་སོ་སོའི་ཐད་ནས་ཀུན་གྱིས་དོ་སྣང་བྱེད་འོས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། མེ་འཁོར་འཛམ་གླིང་ཡང་སྟེང་དུ་ཤར་གཏོང་བྱས་ཤིང་། ཨོ་ལིན་ཕིག་ལུས་རྩལ་གྱི་དཔལ་འབར་ཇོ་མོ་གླང་རིའི་རྩེ་རུ་བསྒྲོན་པ། ལོ་ངོ15རིང་གི་རིན་མེད་སློབ་གསོ་ལག་ཏུ་བསྟར་བ། མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་དུས་རབས20པའི་ལོ་རབས50ཡི་ལོ35.5ནས་ད་ལྟའི་ལོ68.17ལ་ཇེ་མཐོར་སོང་བ། 2015ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར1000ལས་བརྒལ་བ་དང་། བསྟུད་མར་ལོ23གྱི་རིང་ལ་གནས་གཉིས་འཕར་བ་རྒྱུན་འཁྱོངས་བྱས་པ་སོགས་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་སའི་གོ་ལའི་ཡང་རྩེ་ནས་འགྲེངས་ཏེ། དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་ངོ་གདོང་གསར་པ་ཞིག་ཀུན་གྱི་མིག་མདུན་དུ་བསྟར་ཡོད།
ལོ་ངོ65རིང་ལ་གངས་ལྗོངས་ས་མཐོར་འདི་ལྟ་བུའི་འགྱུར་ལྡོག་བྱུང་བ་དེས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཚེ། ད་གཟོད་དར་རྒྱས་གོང་འཕེལ་ཡོང་བའི་ད་ཆའི་བོད་ལྗོངས་ཡོད་པ་ར་སྤྲོད་བྱས་ཡོད།
གཟི་འོད་འབར་བའི་གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་ལྕགས་ཐེབས་པ་དང་། མ་འོངས་འཕེལ་རྒྱས་བསྙེག་པར་ཡིད་ཆེས་བརྟན་པོ་བསྩལ་ངེས། ལོ་ངོ65རིང་ལ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིངས་པ་དང་། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་འབད་པ་བཅས་ལ་བརྟེན་ནས། གངས་ལྗོངས་ས་མཐོས་སྔར་ལས་གཟི་འོད་འཕྲོ་བ་དང་མཛེས་སྡུག་ལྡན་པའི་སང་ཉིན་བསུ་འོང་བར་ང་ཚོས་ཡིད་ཆེས་བརྟན་པོ་བཅངས་ཡོད།