2016ལོའི་ཟླ5པའི་ཚེས26གྱི་སྔ་དྲོ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཚོགས་འདུ་པེ་ཅིང་དུ་འཚོགས་།
ཚོགས་གཙོ་ཞུའེ་ཁྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
དྲུང་ཆེན་ལིག་ཝེ་ཡིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལོ་འཁོར་གྱི་ལས་ཀའི་གནས་ཚུལ་བསྒྲགས།
2016ལོའི་ཟླ5པའི་ཚེས26ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་དྲན་ཤེས་ལས་གྲྭ་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་ཨུ་ལྷན་གྱི་ཚོགས་འདུ་སྐབས་བདུན་པ་དེ་ཝེ་ཐེ་ནམ་གྱི་གྲོང་ཁྱེར་ཧྲུན་ཧྭ་རུ་འཚོགས་ཤིང་། ཨའོ་མོན་གྱི་ཚད་ལྡན་ཡིག་ཆ་ཆ་འཕྲིན་ལྷན་ཚོགས་ཀྱི་ལས་འཛིན་མགོ་གཙོ་དབྱང་ཁའེ་ཅིན་དང་ལས་འཛིན་གཞོན་པ་ཀྲིན་ཧོས་གཉིས་ལྟ་ཞིབ་པའི་ཐོབ་ཐང་གདན་ཞུས་ལྟར་ད་ཐེངས་ཀྱི་ཚོགས་འདུར་ཞུགས་པར་མ་ཟད། རྒྱལ་ཁབ་བཅུ་གྲངས་ལྷག་ཙམ་ནས་ཕེབས་པའི་འཐུས་མི་བརྒྱད་ཅུ་ལྷག་ལ།《ཨའོ་མོན་ཀུན་བདེ་གླིང་ཡིག་ཚགས་དང་ཚད་ལྡན་ཡིག་ཆ(1645-1980)》ཞེས་པའི་ནང་དོན་དང་དེའི་ལོ་རྒྱུས་རིན་ཐང་སྐོར་འོས་སྦྱོར་བྱས་པ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཅུས་གཉིས་པའི་ཁྲུའུ་ཀྲང་ལི་ཏན་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲིན་ཧོང་ཞིན། སི་དང་པོའི་སྐོར་ཞིབ་པ་ཕའེ་པུའོ་དང་སི་ཀྲང་གཞོན་པ་ལི་ཧན་དབྱིན་གཉིས་ཚོགས་འདུར་ཞུགས་ནས་མཛུབ་སྟོན་གནང་།
གྲོས་ཚོགས་ནི་ཚོགས་གཙོ་ཞུའེ་ཁྲེང་གིས་གཙོ་སྐྱོང་གནང་བ་རེད། དྲུང་ཆེན་ལིག་ཝེ་ནས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལོ་འཁོར་གྱི་ལས་ཀའི་གནས་ཚུལ་ཞུས་པ་དང་། ཚོགས་གཙོ་གཞོན་པ་ཏའོ་ཚི་ཡིས《རྒྱ་བརྒྱུད་ནང་བསྟན་དགེ་རྒན་དང་ལས་བཟོ་མི་སྣའི་ཐོབ་ཐང་ངོས་འཛིན་བྱ་ཐབས》བཟོ་བཅོས་བརྒྱབ་པའི་གནས་ཚུལ་དང་། ཚོགས་གཙོ་གཞོན་པ་ཙུང་ཞིན་གྱིས2015-2016ལོར་རྒྱལ་ཡོངས་ཀྱི་རྒྱ་བརྒྱུད་ནང་བསྟན་སློབ་གླིང་དུ《བྱ་ཐབས》གཉིས་ལག་བསྟར་བྱེད་པའི་ཇུས་གཞི་དང་། ཚོགས་གཙོ་གཞོན་པ་མེན་ཧྲིན་གྱིས་ཀོས་ཀྲིག་ཞིང་ཆེན་ཆན་ནན་ཁུལ་སན་ཏུའུ་ཧྲའེ་རྫོང་དུ་གནད་འཁེལ་དབུལ་སྐྱོར་ལས་ཀའི་འཆར་གཞི་སྤེལ་རྩིས་ཡོད་པ་བཅས་ཁྱབ་བསྒྲགས་གནང་བ་རེད།
དྲུང་ཆེན་ལིག་ཝེ་ལགས་ནས། དོ་དམ་ཚད་ལྡན་དུ་གཏོང་བ་དང་། ནང་བསྟན་ཆོས་ལུགས་ཀྱི་ཆོས་ཕྱོགས་བྱ་བ་དང་། ལམ་བཤངས་གསར་གཏོད་དང་། ནང་བསྟན་རིག་གནས་འཛུགས་སྐྲུན་དང་། ནང་བསྟན་སློབ་གསོའི་ལས་དོན་སྐུལ་འདེད་དང་། ཕྱི་ཕྱོགས་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད་དང་། ནུས་ཤུགས་ཡོད་རྒུས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། ནང་བསྟན་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཕྱོགས་བདུན་གྱི་ངོས་ནས2015ལོའི་ལས་དོན་ཕྱོགས་བསྡོམས་བྱས་པར་མ་ཟད། 2016ལོའི་ལོ་སྨད་ཀྱི་ལས་ཀ་སྐོར་གྱི་ལས་དོན་བཀོད་སྒྲིག་ཀྱང་བྱས་སོང་བ་རེད།
2016ལོའི་ཟླ4པར། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཆོས་དོན་ཆོས་སྲོལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། ཚོགས་གཙོ་གཞོན་པ་ཏའོ་ཚིས་ཡིས་རེབ་དེའི་ཚོགས་འདུའི་བསམ་འཆར་བཞི་ཚོགས་ཞུགས་མི་སྣ་ཚང་མར་བསྒྲགས། གནས་ཚུལ་ཁྱབ་བསྒྲགས་བྱས་རྗེས། ཚོགས་ཞུགས་མི་སྣས“རྒྱ་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྡོམ་པ་འབོགས་ལེན་ཇི་ལྟར་ཚད་ལྡན་དུ་གཏོང”བ་དང་།“ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ལས་འཁུར་མི་སྣའི་ལག་ཁྱེར”སོགས་ཀྱི་གནད་དོན་ལ་གཅིག་རྗེས་གཉིས་མཐུད་ངང་ཐབས་འདོན་ཇུས་འབུལ་གནང་སྟེ། བསམ་འཆར་དང་གྲོས་འཆར་ཡག་པོ་ཁ་ཤས་བཏོན་པ་དང་འབྲེལ། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་སངས་རྒྱས་ཆོས་ལུགས་ཀྱི་བྱ་བཞག་འཕེལ་རྒྱས་ཐད་བྱས་རྗེས་གང་ནུས་འཇོག་པའི་འདོད་ཚུལ་བསྟན།
ཚོགས་གཙོ་གཞོན་པ་ཙུང་ཞིན་གྱིས། 2015-2016ལོར་རྒྱལ་ཡོངས་རྒྱ་བརྒྱུད་ནང་བསྟན་སློབ་གླིང་དུ《བྱ་ཐབས》གཉིས་ལག་བསྟར་བྱེད་པའི་ལས་ཀའི་ཇུས་གཞིའི་ནང་བསྟན་དོན། 2012ལོའི་ཟླ10པར། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་འབྲེལ་ཡོད་ཆོས་ལུགས་སློབ་གླིང་དང་དགེ་སློབ་ཀྱི་དཔུང་སྡེ་འཛུགས་སྐྱོང་ཐད《བྱ་ཐབས》གཉིས་གསལ་པོར་བཟོས་པར་མ་ཟད། ཀྲུང་གོའི་ནང་བསྟན་སློབ་གླིང་དེ་ཚོད་ལྟ་བྱེད་པའི་ཆོས་ལུགས་སློབ་གྲྭ་ཁག་དང་པོར་གསལ་བསྒྲགས་གནང་བ་རེད། མིག་སྔར། ཀྲུང་གོའི་ནང་བསྟན་སློབ་གླིང་གི་ཚོད་ལྟའི་ལས་དོན་བདེ་བླག་ངང་སྤེལ་བ་དང་། རྒྱལ་ཡོངས་ཀྱི་རྒྱ་བརྒྱུད་ནང་བསྟན་སློབ་གླིང་གཞན་དག་ཏུ་ཁྱབ་གདལ་གཏོང་བའི་རྨང་གཞི་འཛོམས་པར་མ་ཟད། འབྱུང་འགྱུར་ལོ་བཞིའི་རིང་གི་ལས་དོན་གྱི་དམིགས་ཚད་ལས་འགན་དང་བླང་བྱ་བཅས་ཞིབ་ཕྲ་སྒོས་ཚོགས་ཞུགས་མི་སྣར་ངོ་སྤྲོད་བྱས།
ཚོགས་གཙོ་གཞོན་པ་མེན་ཧྲིན་གྱིས་ཀོས་ཀྲིག་ཞིང་ཆེན་ཆན་ནན་ཁུལ་སན་ཏུའུ་རྫོང་དུ་གནད་འཁེལ་དབུལ་སྐྱོར་ལས་ཀའི་འཆར་གཞི་སྒྲོག་སྐབས་གསུངས་དོན། 2016ལོའི་ལོ་སྟོད་དུ། ངེད་དགེ་སྒྲུབ་སྤྱི་ཕན་ཨུ་ཡོན་ལྷན་ཁང་ཀོས་ཀྲིག་སན་ཏུའུ་རྫོང་དུ་བཅར་འདྲི་བརྟག་ཞིབ་ཏུ་ཕྱིན་ཅིང་། ས་གནས་དེ་གའི་དབུལ་སྐྱོར་དགོས་མཁོ་ཤེས་རྟོགས་བྱུང་བ་བརྒྱུད། ནང་བསྟན་དགེ་སྒྲུབ་ཀྱི་ཁྱད་ཆོས་དང་ཟུང་སྦྲེལ་བྱས་ཏེ། གནད་འཁེལ་དབུལ་སྐྱོར་གྱི་ལས་ཀའི་འཆར་གཞི་བཟོས་པའི་མཚུངས་སུ།“དམངས་འཚོ་ལེགས་གཏོང་དང་འགན་ལེན་རྣམ་གྲངས”དང་།“སློབ་གསོའི་དབུལ་སྐྱོར་རྣམ་གྲངས།”“ཐོན་ལས་དབུལ་སྐྱོར་རྣམ་གྲངས“བཅས་རིགས་གསུམ་དང་། དབུལ་སྐྱོར་རྣམ་གྲངས12ཀྱི་འཆར་གཞི་གཏན་འཁེལ་བྱས་པར་མ་ཟད། ལོ་གསུམ་གྱི་ནང་ཚུན་དུ་རྣམ་གྲངས་ཁག་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུ་སྟེ། རང་རྒྱལ་གྱི་ནང་བསྟན་ལས་རིགས་ཁག་ནས་གནད་འཁེལ་དབུལ་སྐྱོར་གྱི་ལས་དོན་སྤེལ་བའི་ཐད་རྨང་གཞི་བཟང་པོ་བཏིང་ཡོད།
ཚོགས་འདུའི་མཐའ་མར། ཀྲུའུ་རེན་ཁྲིན་ཧོང་ཞིན་དང་སྐོར་ཞིབ་པ་ཕའེ་པུའོ་གཉིས་ཀྱིས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡི་ཚབ་བྱས་ནས་གསུང་བཤད་གནང་སྐབས་བསྟན་དོན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་ཀོས་ཀྲིག་ཞིང་ཆེན་ཆན་ནན་ཁུལ་སན་ཏུའུ་རྫོང་དུ་གནད་འཁེལ་དབུལ་སྐྱོར་ལས་ཀའི་འཆར་གཞི་སྤེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རེ་བར་ནང་བསྟན་མཐུན་ཚོགས་ཀྱིས་སྤྱད་འཐུས་རོགས་སྐྱོར་འཆར་གཞི་བཟོ་བ་དང་ཆབས་ཅིག རོགས་སྐྱོར་རྣམ་གྲངས་དོན་འཁྱོལ་ཧུར་ཐག་དང་དབུལ་སྐྱོར་ལས་ཀའི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བར་མ་ཟད། སྔར་བཞིན་ནང་བསྟན་མཐུན་ཚོགས་ཀྱི་བྱ་བར་དོ་འཁུར་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་། དེ་བཞིན་སྡེ་་ཁག་ཁང་སོ་སོའི་འགན་འཁུར་པ་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།