ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སློབ་སྐྱོར་ཞལ་འདེབས་ཕུལ། “དྲུག་གཅིག”དགའ་བས་བསུས།

2016-06-02
        ཟླ་5ཚེས་31ཉིན། བོད་ལྗོངས་མངའ་རིས་དམག་ཁུལ་ཁང་ཡན་ལག་ཁུལ་གྱི་དཔོན་དམག་20ལྷག་ཙམ་གྱིས་ཁུང་ཧྥན་སེན་སློབ་ཆུང་དང་མངའ་རིས་ས་ཁུལ་སློབ་ཆུང་དུ་བསྐྱོད་ནས“རྒན་གཞོན་ལག་གདང་བཏང་། སློབ་གྲྭར་བརྩེ་སེམས་བཅངས”ཞེས་པའི་སློབ་སྐྱོར་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ཞིང་། ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་ཚོས་སློབ་ཆུང་སློབ་ཕྲུག་ཚོར་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་སོགས་གཅེས་སེམས་མཚོན་པའི་དངོས་ཟོག་སྤྲད་པ་དང་སྦྲགས་ཕྲུ་གུ་ཚོར་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།
འབྲེལ་ཡོད་རྩོམ་ཡིག