ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

༢༠༡༦ལོའི་ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཟི་ལིང་ལྷོ་རི་གླིང་ག་རུ་བསྡུས།

2016-06-13
ཀ +
        སྤྱི་ཟླ་༦པའི་ཚེས་༡༡ཉིན་གྱི་སྔ་དྲོར། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་༣༠པ་ཟི་ལིང་གི་ལྷོ་རི་གླིང་ག་རུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཕུའུ་ཝུན་ཁྲིན་སོགས་ཏང་སྲིད་མགོ་ཁྲིད་ཁག་ཅིག་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་ཡུལ་དངོས་སུ་ཕེབས་འབྱོར་གནང་ཡོད་པ་རེད།

བོད་ཀྱི་རིག་གནས་དུས་ཆེན་གྱི་ཡུལ་དངོས།
        ཐེངས་འདིའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཐོག་ཕྱོགས་ཡར་མར་ནས་ཕེབས་གནང་བའི་བོད་རིགས་སྤུན་ཟླ་མང་པོ་ཡོད་པ་མ་ཟད། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དང་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་སོགས་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་ནང་ཞུགས་པ་དང།བྱ་འགུལ་ཁྲོད་ལས་ཁུངས་དང་སློབ་ཆེན་ཁག་ནས་བཀོད་སྒྲིག་ཞུ་བའི་རིག་རྩལ་འཁྲབ་སྟོན་དང་མདའ་རྩེད། བོད་འགྱིག་སོགས་རྩེད་མོ་སྣ་ཚོགས་འདུས་ཡོད་པ་རེད།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་མ་རྣམས་ནས་རྡུང་ལེན་ལེན་བཞིན་པ།
མདའ་རྩེད།
        ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་དུས་ཆེན་ནི་སྤྱི་ལོ་༡༩༨༣ལོའི་ཟླ་༦པའི་ནང་མཚོ་སྔོན་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཡོངས་ལ་རིག་གནས་སྒྱུ་རྩལ་གྱི་དགོས་མཁོ་སྐོང་ཆེད་བསྒྲུབ་པའི་མང་ཚོགས་རང་བཞིན་གྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་བྱ་འགུལ་ཞིག་དང་། སྐབས་ཐོག་དེར་བོད་ཀྱི་དྲུག་པའི་གླུ་རོལ་ཞེས་འབོད་ཀྱི་ཡོད་པ་རེད། སྤྱི་ལོ་༢༠༠༤ལོར་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་ཞིང་སྤྱི་ལོ་༢༠༠༦ལོར་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཞེས་སུ་བསྒྱུར་བ་དང་། བྱ་འགུལ་འདི་གཙོ་བོ་ཟི་ལིང་གི་བོད་ཀྱི་ལས་བྱེད་པ་མང་ཤོས་ཀྱི་ལས་ཁུངས་དང་སློབ་ཆེན། གསར་འགྱུར་ལས་ཁུངས་སོགས་ཀྱིས་མཉམ་འབྲེལ་སྒོས་རེས་སྐོར་གྱིས་བསྒྲུབ་བཞིན་ཡོད་ལ་མིག་སྔའི་བར་དུ་ཐེངས་སུམ་ཅུ་ཚོགས་པ་རེད།
        ཨ་མདོ་བརྙན་འཕྲིན་གྱི་གསར་འགོད་པས་ཡུལ་དངོས་ནས་གསར་འགྱུར་བརྒྱུད་སྤེལ་བྱེད་བཞིན་པ།
འབྲེལ་ཡོད་རྩོམ་ཡིག