སྤྱི་ཟླ་6པའི་ཚེས་15ཉིན། གློག་བརྙན་《རྒྱུན་བུའི་སྟེང་གི་རྣམ་ཤེས་》ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་ནས་འགྲེམ་སྟོན་བྱས་པ་དང་། གློག་བརྙན་གྱི་སྒྲིག་བཟོ་བ་ལི་ལིས་དང་འཁྲབ་ཁྲིད་པ་ཀྲང་དབྱང་། གཙོ་འཁྲབ་པ་སྦྱིན་པ་དང་ཆོས་ཉིད་ཚེ་རིང་། བསོད་ནམས་ཉི་མ། བཀྲ་ཤིས་དོན་འགྲུབ་བཅས་གློག་བརྙན་འགྲེམ་སྟོན་རྗེས་ཀྱི་ངོ་འཕྲད་ཚོགས་འདུར་ཕེབས་ཡོད་པ་རེད།
ད་ལོའི་གློག་བརྙན་དུས་ཆེན་གྱི་ཆེས་མཐོའི་བྱ་དགའི་འགྲན་རྩོད་པ་གཙོ་བོར་གྱུར་པའི་རྒྱུན་བུའི་སྟེང་གི་རྣམ་ཤེས་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། འཁྲབ་ཁྲིད་པ་ཀྲང་དབྱང་གིས་གློག་བརྙན་འདི་ནི་བོད་ཀྱི་རྩོམ་པ་པོའི་བརྩམས་སྒྲུང་ལས་འཁྲབ་གཞུང་ལ་བཅོས་པ་ཞིག་ཡིན། བོད་རང་ས་ནས་ཕབ་སྐྲུན་བྱས་པ་མ་ཟད་བོད་སྐད་རྐྱང་བའི་ཁ་བརྡའི་རྣམ་པ་ཡིན་ཞེས་ཟེར། གློག་བརྙན་ལ་བྱ་དགའ་ཐོབ་སྲིད་མིན་སྐོར་གྱི་དྲི་བར་ལན་འདེབས་སྐབས་ཀྲང་དབྱང་གིས་ང་རང་ཡང་སྔོན་ཆད་ཧྲང་ཧེ་གློག་བརྙན་དུས་ཆེན་གྱི་དཔྱད་འདེམ་པ་བྱས་མྱོང་ཡོད། ངས་མི་སོ་སོར་གློག་བརྙན་ཐད་ལ་ལྟ་ཚུལ་མི་མཐུན་པ་ཡོད་པ་ཤེས་ཀྱི་ཡོད་ཅེས་དང་། ཁོང་གིས་ད་རུང་གློག་བརྙན་འདི་ངེས་པར་དུ་གློག་བརྙན་ཁང་ནས་སྟོན་སྲིད་ཅེས་ཟེར། གློག་བརྙན་འདི་ཚོང་རར་ཅི་ལྟར་བཀྲམ་པའི་སྐོར་ལ། སྤྱི་གཉེར་ཁང་གི་བདག་པོ་དང་གློག་བརྙན་འདིའི་སྒྲིག་བཟོ་བ་ལི་ལིས་ཡིས། རྒྱལ་ཁབ་ཕྱི་ནང་གང་དུ་འགྲེམ་སྤེལ་བྱེད་པར། བདག་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས། མི་མང་པོར་གློག་བརྙན་འདི་བལྟ་ཐུབ་ཏུ་འཇུག་ངེས་ཡིན་ཞེས་ཟེར།
སྒྲིག་བཟོ་བ་ལི་ལིས།
འཁྲབ་ཁྲིད་པ་ཀྲང་དབྱང་།
གཙོ་འཁྲབ་པ་སྦྱིན་པ།
གཙོ་འཁྲབ་པ་བསོད་ནམས་ཉི་མ།
གཙོ་འཁྲབ་པ་ཆོས་ཉིད་ཚེ་རིང་།
གཙོ་འཁྲབ་པ་བཀྲ་ཤིས་དོན་འགྲུབ།
པར་འདི་དག་ནི1905གློག་བརྙན་དྲ་བ་ནས་བཤུས།