ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལི་ཁེ་ཆང་ཐེ་ཅིན་མེ་ཅང་འགྲེམ་སྟོན་ལྟེ་གནས་སུ་2016ལོའི་དབྱར་ཁའི་ཏ་བོ་སི་གླེང་སྟེགས་ཚོགས་འདུར་ཞུགས་པ།

2016-06-29

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ཐེ་ཅིན་མེ་ཅང་འགྲེམ་སྟོན་ལྟེ་གནས་སུ་ཉིས་སྟོང་བཅུ་དྲུག་ལོའི་དབྱར་ཁའི་ཏ་བོ་སི་གླེང་སྟེགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ཐེ་ཅིན་མེ་ཅང་འགྲེམ་སྟོན་ལྟེ་གནས་སུ་ཉིས་སྟོང་བཅུ་དྲུག་ལོའི་དབྱར་ཁའི་ཏ་བོ་སི་གླེང་སྟེགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལི་ཁེ་ཆང་གིས་གསུངས་རྒྱུར། དབྱ་ཁའི་ཏ་བོ་སི་གླེང་སྟེགས་བསྡུས་ནས་ལོ་བཅུ་ལྷག་གི་རིང་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་གྲུབ་འབྲས་ཆེན་པོ་ཐོབ་ཡོད། འཛམ་གླིང་དཔལ་འབྱོར་བསྐྱར་དར་དང་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས་ན། ཕྱོགས་སོ་སོས་བརྟན་འཇགས་ཡིན་པའི་རྒྱལ་སྤྱིའི་ཁོར་ཡུག་གསར་སྐྲུན་བྱེད་དགོས་པ་དང་། ཧུར་ཐག་སྒོས་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱེད་དགོས་ལ། དཔལ་འབྱོར་གྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཕན་འབྲས་ལྡན་ཞིང་གོ་རིམ་པའི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལག་བསྟར་བྱས་ནས། སྔར་ལས་འདྲ་མཉམ་དང་དྲང་བཞག སྒོ་འབྱེད་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མ་ལག་གསར་སྐྲུན་བྱེད་དགོས་ཟེར།

ལི་ཁེ་ཆང་གིས་བསྟན་དོན། ང་ཚོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་ཚུལ་སྒྱུར་རིམ་སྤོར་ཁྲོད་དུ་བརྟན་འཇགས་བསྐྱར་དར་བྱེད་པ་མངོན་འགྱུར་བྱེད་དགོས་པར་མ་ཟད་སྔར་ལས་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

འབྲེལ་ཡོད་རྩོམ་ཡིག