ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་མཐའ་སྲུང་རི་མཐོའི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་རི་འཛེགས་མཐར་ཟད་སྦྱོང་བརྡར་བྱས་པ།

2016-06-30

དཔུང་སྡེའི་རི་མཐོའི་རོགས་སྐྱོབ་དང་གྲང་ངར་ཆེ་ཁུལ་གྱི་དམག་འཐབ་ནུས་པ་ཆེ་རུ་ཧུར་ཐག་གཏོང་ཆེད།ཉེ་ཆར།བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་མྱུལ་ཞིབ་ཉིང་ལག་རུ་ཁག་རི་མཐོའི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་དཔོན་དམག་སྒྲིག་འཛུགས་ཀྱིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་རི་འཛེགས་སྦྱོང་བརྡར་རྟེན་གཞིར་བསྐྱོད་དེ་རི་འཛེགས་སྦྱོང་བརྡར་བྱས་པ་རེད།

མཐའ་སྲུང་དཔོན་དམག་ཚོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6300ལྷག་ཙམ་ཟིན་པའི་རི་རྩེར་ཐག་འཇུས་རྩེར་འཛེགས་དང་མཐར་ཟད་རྩེར་འཛེགས་སོགས་ཀྱི་སྦྱོང་བརྡར་བྱས་ནས་གསོ་རླུང་དཀོན་པའི་མཐོ་གྲང་ཁུལ་གྱི་དམག་འཐབ་ནུས་པ་དང་རོགས་སྐྱོབ་ནུས་པ་ཆེ་རུ་བཏང་བ་རེད།

རི་མཐོའི་དམིགས་བསལ་ལས་སྒྲུབ་རུ་ཆེན་ནི་2008ལོར་བཙུགས་ཤིང་།དེ་ནི་གཏུམ་སྤྱོད་འཇིགས་སྐུལ་དོན་རྐྱེན་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་རྒྱུ་དང་།མཐའ་མཚམས་སྔོན་འགོག་ཚོད་འཛིན་ལས་དོན་དང་སྲུང་སྐྱོབ་ལས་སྒྲུབ་འགན་སྲུང་བཅས་ལས་འགན་གཙོ་བོར་བཟུང་བའི་ས་མཐོའི་འཇིགས་རྒོལ་གདོང་མཆོང་དཔུང་སྡེ་ཞིག་ཡིན་ལ།2008ལོར་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་རིའི་རྩེ་མོར་བརྒྱུད་སྤྲོད་བྱེད་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་ལས་འགན་ཡང་སྒྲུབ་མྱོང་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག