ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལི་ཁེ་ཆང་གིས་མོང་གོལ་གྲོས་ཁང་གི་ཀྲུའུ་ཞི་ཨིན་ཧི་པའོ་ལི་ཏི་ལ་མཇལ་འཕྲད་གནང་།

2016-07-18

ས་དེའི་དུས་ཚོད་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བུའུ་ལན་པ་ཐོ་རྒྱལ་ཁབ་ཕོ་བྲང་ནས་མོང་གོལ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ཨིན་ཧི་པའོ་ལི་ཏི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ས་དེའི་དུས་ཚོད་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་བུའུ་ལན་པ་ཐོ་རྒྱལ་ཁབ་ཕོ་བྲང་ནས་མོང་གོལ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ཨིན་ཧི་པའོ་ལི་ཏི་ལ་མཇལ་འཕྲད་གནང་།

ལི་ཁེ་ཆང་གིས་ཐོག་མར་ཨིན་ཧི་པའོ་ལི་ཏི་སྐབས་གསར་བའི་གྲོས་ཁང་གི་ཀྲུའུ་ཞི་ལ་བདམས་པར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་བར་གྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པ་དང་། སྡོད་ཁང་འཛུགས་སྐྲུན་བྱེད་པ་སོགས་ཁྱབ་ཁོངས་གཙོ་བོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བཅོས་བྱེད་འདོད་ཡོད་ཟེར།

ལི་ཁེ་ཆང་གིས་གསུངས་རྒྱུར། ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་དང་མཉམ་ལས་ནི་ཀྲུང་གོ་དང་མོང་གོལ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། མོང་གོལ་སྐབས་གསར་བའི་གྲོས་ཁང་དང་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གཉིས་ཀྱིས་དུས་བཅད་བརྗེ་རེས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་དང་སྲིད་ཏང་གཉིས་ཀྱིས་རྒྱལ་སྐྱོང་སྲིད་འཛིན་བརྗེ་རེས་བྱེད་པར་ཤུགས་སྣོན་དགོས་ཟེར།

ཨིན་ཧི་པའོ་ལི་ཏི་ཡིས་བཤད་རྒྱུར། ཙུང་ལི་ལིས་ཁེ་ཆང་གིས་ཐེངས་འདིར་མོང་གོལ་ལ་འཚམས་འདྲི་གནང་བ་དེ་མོང་གོལ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཇེ་དམ་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། མོང་གོལ་རྒྱལ་ཁབ་ཀྱི་སྐབས་གསར་བའི་གྲོས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་དང་གྲུབ་འབྲས་མུ་མཐུད་དུ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁེ་ལས་ཀྱིས་མོང་གོལ་ནས་མ་དངུལ་གཏོང་བར་ཁྲིམས་ལུགས་ཀྱི་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱེད་པར་འབད་བརྩོན་བྱེད་པ་དང་། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

འབྲེལ་ཡོད་རྩོམ་ཡིག