ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལྷ་སའི་ལྷོ་བྱང་གི་གྲོང་སྐོར་ལམ་ཕྱེད་ཀ་ལྷག་ཙམ་བསྐྲུན་ཟིན་པ།

2016-07-20
ཀ +

        ལྷ་སའི་གྲོང་སྐོར་ལམ་ནི་གྲོང་ཁྱེར་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་དང་བོད་ཀྱིས་བསྐྲུན་པའི“ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་གསུམ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ཁུལ”གྱི་ལྟེ་གནས་གལ་ཆེན་ཞིག་ཡིན་པ་དེས་ལྷ་སའི་དཔལ་འབྱོར་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་། རྒྱལ་ཁབ་རིམ་པའི་འཁོར་སྐྱོད་ས་ཚིགས་གྲོང་ཁྱེར་སྐྲུན་པ། བོད་དབུས་དཔལ་འབྱོར་ཁུལ་དང་འབྲེལ་བ་དམ་ཟབ་ཏུ་གཏོང་བ་བཅས་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཟླ་ཤས་རིང་བྲེལ་བརྩོན་ཆེན་པོས་ཨར་ལས་བྱས་པ་བརྒྱུད། མིག་སྔར་བྱང་འདབས་གྲོང་སྐོར་ལམ་ཧྲིལ་པོའི་52%དང་། ལྷོ་འདབས་གྲོང་སྐོར་ལམ་ཧྲིལ་པོའི་55% ནུབ་འདབས་གྲོང་སྐོར་ལམ་ཧྲིལ་པོའི་39%བཅས་ལེགས་གྲུབ་ཟིན་ཞིང་། འདི་ནི་ལྷ་སའི་བྱང་འདབས་གྲོང་སྐོར་ལམ་དང་རྔ་ཆེན་ལམ་གྱི་ལམ་མདོའི་ཨར་ལས་བྱ་ཡུལ་ཡིན་པ།

འབྲེལ་ཡོད་རྩོམ་ཡིག