ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འཛམ་གླིང་ཤུལ་བཞག་མིང་ཐོར་ཤུལ་བཞག་ཁུལ 24 གསར་དུ་བཅུག (སྟོད་ཆ)

2015-08-03
   སྐབས 39 པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ལྷན་གྱི་ཚོགས་འདུའི་ཐོག་འཛམ་གླིང་ཤུལ་བཞག་གི་མིང་ཐོ་རུ་ཤུལ་བཞག་ཁུལ 24 གསར་དུ་འཇུག་རྒྱུའི་གྲོས་ཞིབ་ལས་དོན་ལེགས་གྲུབ་ཟིན་ནས 2015 ལོར་ཤུལ་བཞག་ཁག 24 འཛམ་གླིང་ཤུལ་བཞག་གི་མིང་ཐོ་རུ་བདམས་ཡོད། ཡུལ་དཔོན་གྱི་གནའ་ཤུལ་འཛམ་གླིང་ཤུལ་བཞག་གྲས་སུ་འཇུག་རྒྱུའི་རེ་ཞུ་ལེགས་གྲུབ་བྱུང་བ་དང་སྦྲགས་ཀྲུང་གོའི་འཛམ་གླིང་ཤུལ་བཞག་ཁག 48 ཟིན་ནས་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད། མིག་སྔའི་བར་འཛམ་གླིང་ཤུལ་བཞག་ཁག 1031 ཟིན་པ་དེའི་ནང་རིག་གནས་ཤུལ་བཞག་ཁག 802 དང་། རང་བྱུང་ཤུལ་བཞག་ཁག 197 རང་བྱུང་དང་རིག་གནས་གཉིས་ལྡན་གྱི་ཤུལ་བཞག་ཁག 32 བཅས་ཡོད་པ་རེད།
   ཧུའུ་ནན་ཡུང་ཧྲུན་གནའ་བོའི་ཡུལ་དཔོན་གྲོང་གི་གནའ་ཤུལ་དང་། ཧུའུ་པེ་ཐང་ཡ་ཡུལ་དཔོན་གྲོང་གི་གནའ་ཤུལ། ཀུའེ་ཀྲོའུ་པོ་ཀྲོའུ་ཧའེ་ལུང་གྲོང་ཚོའི་གནའ་ཤུལ་བཅས་མཚོན་བྱེད་དུ་བྱས་པའི་ཀྲུང་གོའི་ཡུལ་དཔོན་གནའ་ཤུལ་ལ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་འཆམ་མགྲིན་གཅིག་ཏུ་ཐོབ་ནས་འཛམ་གླིང་རིག་གནས་ཤུལ་བཞག་ནང་གྲུབ་འབྲས་ཐོབ་པའི་ངང་ཚུད་ཡོད། གཤམ་གསལ་པར་རིས་དེ་དག་ནི་འདི་ལོ་གསར་དུ་བཅུག་པའི་འཛམ་གླིང་ཤུལ་བཞག་ཁུལ་24ཡི་ཟུར་ཞིག་ཡིན་ནོ། །
དབྱིན་ཇིའི་སུའུ་ཀེ་ལན་ཧྥུའུ་སི་ཟམ་པ།
ཧྥུའུ་སི་ཟམ་པ་དེ་ཉིད་སུའུ་ཀེ་ལན་གྱི་ཧྥུའུ་སི་ཆུ་བོ་བརྒལ་བ་དང་འཛམ་གླིང་ཐོག་གི་དཔྱང་ཟམ་རིང་ཤོས་དེ་ཡིན་ཞིང་། ལྕགས་ལམ་ཟམ་པ་དེ་1890ལོར་སྤྱོད་འགོ་ཚུགས་པ་ནས་ད་བར་སྔར་བཞིན་འགྲུལ་སྐྱེལ་དང་ཟོག་འདྲེན་མེ་འཁོར་ཤར་གཏོང་ཐུབ་ཀྱི་ཡོད།

ཧྥ་རན་སེའི་ཤང་པིན་ཁུལ་གྱི“རི་ལྡེབས་དང་། ཨ་རག་གཞིས་ཀ ཨ་རག་བསྙལ་ཁང”
ཐུར་ཁེའི་ཨའེ་ཧྥེ་སུའོ་སི།
ཨའེ་ཧྥེ་སུའོ་སི་ནི་མིག་སྔར་འཛམ་གླིང་ཐོག་གི་ཉར་ཚགས་ཡག་ཤོས་བྱུང་བའི་ཀེ་རི་སེའི་རོ་མ་གནའ་བོའི་གྲོང་ཁྱེར་ཆེ་ཤོས་དེ་ཡིན་པ་དང་དེའི་ནང་གི་ཨའར་ཐེ་མི་སི་ལྷ་ཁང་ནི་འཛམ་གླིང་ཐོག་ངོ་མཚར་ཆེ་ཤོས་ཀྱི་ཡུལ་ལྗོངས་བདུན་གྱི་གྲས་ཤིག་ཡིན་པ།
དབྱི་ཐ་ལིའི་ཨ་རབ—ནུའོ་མན་པ་ལེ་མོ་དང་ཆེ་ཧྥ་ལུའུ་མོང་ལེ་ཨ་ལའེ་ཆོས་ཁང་ཆེ་མོ།
ཅོར་ཏན་གྱི་ཡེ་ཤུའི་ཁྲུས་གསོལ་ཞུ་ཡུལ“ཅོར་ཏན་ཆུ་བོའི་ཝའེ་པོ་ཏ་ཉི”
མིག་སྔའི་བར་དབྱི་ཐ་ལི་རུ་འཛམ་གླིང་ཤུལ་བཞག་ཁག་51ཡོད་པར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ།

ཧྥ་རན་སེའི་པོ་ཀེན་ཏི་རྒུན་འབྲུམ་ལྡུམ་ར།
ཏེན་མག་གི་མོ་ལ་ཝེ་ཡ་བ་འཚོ་སྡོད་ཁུལ་ཁེ་ལི་སི་ཏིན་སི་ཧྥེའར་ཏེ།
ཏེན་མག་གི་པེ་ཤིས་ལན་གླིང་ཕྲན།
ཕེར་ཧྥོ་སེ་རྔོན་རྒྱག་ཡུལ་ལྗོངས།
ནོར་ཝེའི Rjukan-Notoddenབཟོ་ལས་གནའ་ཤུལ།
འཇར་མན་གྱི་ཧན་པའོ་མཛོད་ཁང་གྲོང་དང་ཀྲི་ལིའི་ཁྱིམ།
ཧན་པའོ་འདི་ཉིད“འཇར་མན་ནས་འཛམ་གླིང་དུ་བསྐྱོད་པའི་རྒྱལ་སྒོ”ཞེས་གྲགས་པ་དང་དེས་ན་ཧན་པའོ་མཛོད་ཁང་གྲོང་དང་ཀྲི་ལི་བའི་ཁྱིམ་ནི་དུས་རབས་19པའི་དུས་མཇུག་དང་དུས་རབས་20པའི་དུས་འགོའི་འཛམ་གླིང་ཚོང་དོན་གྱི་མཚོན་བྱེད་ཡིན་པ།
ཐུར་ཁེའིDiyarbakirམཁར་རྫོང་དང་Hevselམེ་ཏོག་ལྡུམ་རའི་རིག་གནས་མཛེས་ལྗོངས།
སི་ཏི་ཨ་རབ་ཀྱི་Hailས་ཁུལ་གྱི་བྲག་རྡོའི་སྒྱུ་རྩལ།
Hailས་ཁུལ་གྱི་བྲག་རྡོའི་ཐོག་གི་རི་མོ་དང་རྡོ་རིས་ཡི་གེའི་ནང་ལོ་ཁྲི་1གོང་གི་ལོ་རྒྱུས་བཀོད་པ།
འབྲེལ་ཡོད་རྩོམ་ཡིག