ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨ་རིའི་སྲིད་འཛིན་གྲ་སྒྲིག་འདེམས་བསྐོའི་ཁྲོད་ཐུ་ལིང་ཕུ་དང་སིང་ཏེ་ཟི་ལ་རྒྱལ་ཁ་ཐོབ་པ།

2016-02-13 ཤ་བོ།

        ཨ་རིའི་ཤར་ཕྱོགས་ཀྱི་ཚེས10ཉིན་གྱི་སྔ་དྲོའི་དུས་ཚོད9དང་སྐར་མ30སྟེང་། འདེམས་ཤོག92%ལ་བསྡོམས་རྩིས་ལྟར་ན། འདེམས་བསྐོའི་མི་སྣ་གཙོ་བོ་མིན་པའི་འགྲན་ཞུགས་མི་སྣ་གཉིས་ཏེ། ཨ་རིའི་ཁང་ས་ཚོང་གཉེར་གྱི་སྦྱིན་བདག་ཆེན་མོ་ཐང་ནཱ་ཏི.ཐུ་ལིང་ཕུ་དང་ཧྥེ་མིན་ཐི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མི་པའོ་ནཱ.སིང་ཏེ་ཟི་གཉིས་ལ་ཞི་ཧན་པུའུ་ཧྲིན་ཨར་མངའ་སྡེའི་སྤྱི་མཐུན་ཏང་དང་དམངས་གཙོའི་ཏང་གི་སྲིད་འཛིན་གྱི་གྲ་སྒྲིག་འདེམས་བསྐོ་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་རེད། 
        མིག་སྔར་ཨ་རིའི་སྲིད་འཛིན་གྲ་སྒྲིག་འདེམས་བསྐོའི་བྱ་བཞག་འདི་ཀོ་ཨེ་ཨོ་བ་མངའ་སྡེས་ཨ་རིའི་འདེམས་བསྐོའི་དམིགས་འབེན་གཙོ་བོ་ཞིག་ཏུ་བཟུང་ཡོད།  ཡིན་ན་ཡང་ད་ལོ་ཏང་ཁག་གཉིས་ཀྱི་ནང་ཁུལ་གྱི་འདེམས་བསྐོའི་གནས་ཚུལ་དེ་འདྲའི་ལེགས་པོ་ཞིག་གཏན་ནས་མིན་ལ།  ཏང་ཁག་གཉིས་ཀྱི་གྲ་སྒྲིག་གི་གནས་སྟངས་ཀྱང་ཚོད་དཔག་དཀའ་བ་ཞིག་ཏུ་གྱུར་ཡོད། 

        【འདེམས་བསྐོ་མི་སྣ་གཙོ་བོ་མིན་པ་དག་ཅི་ལྟར་སྔོན་དུ་བསྐྱོད་པ་ཡིན།】
        ཞི་ཧན་པུའུ་ཧྲིན་ཨར་མངའ་སྡེའི་ས་གནས་ཀྱི་འདེམས་བསྐོའི་བྱ་འགུལ་སྤྱི་ཚེས9ཉིན་གྱི་དགུང་མོའི་དུས་ཚོད8སྟེང་འདེམས་ཤོག་འཕེན་མཚམས་བཞག་ཡོད་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན། དམངས་གཙོ་ཏང་གི་སིང་ཏེ་ཟི་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚད་རིམ60%ལ་སླེབས་པ་དང་། ཞི་ལ་ལིས.ཁུ་ལིན་ཏོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚད་རིམ38.3%ལ་སླེབས་ཡོད་པ་རེད། སྤྱི་མཐུན་ཏང་གི་ཐུ་ལིང་ཕུ་ལ་རྒྱབ་སྐྱོར་བྱེད་མཁན35.2%ལ་སླེབས་ཡོད་པས་མིག་སྔར་ཨང་དང་བོ་ཟིན་ལ། ཨང་གཉིས་པ་ནི་ཨོ་ནཱེ་ཨོ་མངའ་སྡེའི་གཙོ་འཛིན་ཡོ་ཧན.ཁཱ་ཞིས་ཨར་ཡིན། རྒྱབ་སྐྱོར་གྱི་ཚད་རིམ15.8%ལ་སླེབས་ཡོད།  
        དབྱེ་ཞིབ་མི་སྣས་དཔྱད་བརྗོད་དང་ཐུ་ལིང་ཕུ་དང་སིང་ཏེ་ཟི་གཉིས་ལ་ཞི་ཧན་པུའུ་ཧྲིན་ཨར་མངའ་སྡེའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་གཞིར་བཟུང་ཚེ། སྤྱིར་བཏང་གི་འདེམས་དམངས་ཀྱིས་མིག་སྔར་གྱི་ཨ་རིའི་སྲིད་དོན་གྱི་རྣམ་པ་ལ་འདོད་བློ་ཚིམ་ཀྱིན་མེད་པ་དང་ཏང་ཁག་གཉིས་ཀྱི་ནང་ཁུལ་ཡང་ཛ་དྲག་གིས་སོ་སོར་གྱེས་པར་འབྲེལ་བ་ཁ་ཚ་དགོས་གཏུགས་སུ་ཡོད་པ་རེད།   
        ཨ་རིའི་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་ཆེད་མཁས་པ་ཁཱེ་ཨར• ཁང་ཏིས་ཁི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཐུ་ལིང་ཕུ་དང་སིང་ཏེ་ཟི་གཉིས་མིག་སྔར་འདེམས་བསྐོའི་ཆ་ནས་སྔོན་བསྐྱོད་བྱས་ཡོད་ལ། རྒྱུ་རྐྱེན་གཙོ་བོ་ནི་འདེམས་བསྐོ་མི་སྣ་འདི་གཉིས་ཀྱིས་སྤྱི་དམངས་ཁྲོད་ཀྱི་སྲིད་དོན་མི་སྣ་དང་ཕྱུག་པོ་སོགས་མཐོ་རིམ་དུས་རིམ་གྱིས་སྲིད་ཕྱོགས་ལ་འདོད་བློ་ཚིམ་ཀྱིན་མེད་པའི་གནས་ཚུལ་འོག་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཨ་རིའི་མིག་སྔར་གྱི་དཔལ་འབྱོར་གྲངས་འབོར་ཁྱོན་ཡོངས་ནས་བཟང་ན་ཡང་། ཨ་རིའི་མི་མང་བོ་ཞིག 2008ལོའི་དཔལ་འབྱོར་ཉམས་ཉེན་ཁྲོད་སླར་གསོ་གཙང་མ་བྱས་མེད་པ་དང་། སྤྱིར་བཏང་གི་དུས་རིམ་གྱི་མི་འབོར་མང་བོས་ལས་ཤོར་ཚད་རིམ་དམའ་བ་དངGDPདཔལ་འབྱོར་གསར་གཏོད་ཀྱི་འཕར་རིམ་གྲོན་དངུལ་ལོངས་སུ་སྤྱོད་ཐུབ་ཀྱིན་མེད།

        ཨེ་ཏིན་ཧྲིན་ཞིབ་འཇུག་སྤྱི་གཉེར་ཁང་གིས་དམངས་སེམས་ཚོད་ལྟའི་དཔྱད་འབྲས་གཞིར་བཟུང་ན། ཞི་ཧན་པུའུ་ཧྲིན་ཨར་མངའ་སྡེའི་དམངས་གཙོ་ཏང་གི་འདེམས་བསྐོའི་སྤྱི་དམངས་མཉམ་འབྲེལ་སྲིད་གཞུང་གི་རྣམ་འགྱུར་ལ་འདོད་བློ་གཏན་ནས་ཚིམ་ཀྱིན་མེད་པ་དང་། སྤྱི་མཐུན་ཏང་གི་འདེམས་བསྐོའི་སྤྱི་དམངས་ཀྱང་མཉམ་འབྲེལ་སྲིད་གཞུང་གི་རྣམ་འགྱུར་ལ་ཁོང་ཁྲོ་དང་བློ་ཕམ་ཆེན་པོ་བྱུང་ཡོད། རྟོག་དཔྱོད་བྱས་པ་ལྟར་ན། ཞི་ཧན་པུའུ་ཧྲིན་ཨར་མངའ་སྡེའི་དམངས་གཙོ་ཏང་གིས་ཞི་ལ་ལིས་སོགས་ཏང་གི་ནང་ཁུལ་གྱི་མི་སྣ་གཙོ་བོ་དག་ལ་འདེམས་ཤོག་འཕངས་མེད་པ་རེད། སྤྱི་མཐུན་ཏང་གི་འདེམས་བསྐོ་བ་མང་བོ་ཞིག་གིས་སྲིད་ཕྱོགས་ཀྱི་མི་སྣ་མ་ཡིན་པ་ཞིག་ཐེངས་འདིའི་སྲིད་འཛིན་ལ་འདེམས་བསྐོ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། ཚོང་བའི་འཐུས་ཚབ་པ་ཐུ་ལིང་ཕུ་ལ་རྒྱབ་སྐྱོར་ཚད་མེད་ཐོབ་ཡོད།  
        ཞི་ཧན་པུའུ་ཧྲིན་ཨར་སློབ་ཆེན་གྱི་དྲི་ཤོག་རྟོག་དཔྱོད་ལྟེ་གནས་ཀྱི་འགན་གཙོ། སྲིད་དོན་རིག་པའི་སློབ་དཔོན་ཟུར་བ་ཨན་ཏི་ལུའུ•ཧྲི་མེ་ཟི་ཡིས་བཤད་རྒྱུར།  ཨེ་ཨོ་བ་མངའ་སྡེ་དང་ཞི་ཧན་པུའུ་ཧྲིན་ཨར་མངའ་སྡེ་ཡིས་ཐོག་མའི་དཔྱད་འདེམས་ལ་འཐུས་ཤོར་ཏོག་ཙམ་བྱུང་ཡོད་པས། ཏང་གི་ནང་ཁུལ་ནས་འདེམས་བསྐོ་བྱེད་པའི་མི་སྣར་ཤུགས་རྐྱེན་དང་འདེམས་བསྐོའི་གར་སྟེགས་ལེགས་པོ་ཞིག་བསྐྲུན་མ་ཐུབ་པ་རེད། འོན་ཀྱང་མངའ་སྡེ་འདི་གཉིས་ཀྱིས་འདེམས་བསྐོ་གྲ་སྒྲིག་བྱེད་པ་ཧ་ཅང་སྔ་བར་མ་ཟད།  འདེམས་བསྐོ་མི་སྣའི་འགྲན་ཞུགས་བྱ་འགུལ་འཐུས་ཚང་ཡིན་པས། རྗེས་ཕྱོགས་ཀྱི་འདེམས་བསྐོ་ལ་སྟོབས་ཤུགས་མི་དམན་པ་ཞིག་བསྐྲུན་ཡོད་པ་རེད། ཨ་རིའི་མངའ་སྡེ་སོ་སོའི་འདེམས་བསྐོའི་གྲ་སྒྲིག་གི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་། འདེམས་བསྐོ་མི་སྣས་མངའ་སྡེ་འདི་གཉིས་ཀྱི་ཉམས་མྱོང་གཞིར་བཟུང་སྟེ་སྟོབས་ཤུགས་དང་རྒྱུ་ཤུགས་མང་བོ་བེད་སྤྱོད་བཏང་ནས་འགྲན་ཞུགས་འདེམས་བསྐོའི་བྱ་འགུལ་དང་འདེམས་བསྐོའི་སྤྱི་དམངས་ལ་ཁ་གཏད་དེ་ཕན་ཚུན་ལ་རྒྱུས་ལོན་བཟང་བོ་བྱེད་པའི་ཁོར་ཡུག་བསྐྲུན་ཡོད། 

        【 འདེམས་བསྐོ་ཛ་དྲག་ཅན་དུ་གྱུར་བ།】
        མིག་སྔར་སྤྱི་མཐུན་ཏང་གི་མི་སྐོར་ཞིག་གིས་དཀའ་ངལ་ལ་མ་འཛེམས་པར་བདམ་ཐོན་མི་སྣ་གཙོ་བོ་ཞིག་འཚོལ་བཞིན་པའི་སྒང་ཡིན། འདི་ནི་ཐུ་ལིང་ཕུ་དང་མཉམ་པོར་འགྲན་རྩོད་བྱ་རྒྱུ་དེ་རེད། སྤྱི་མཐུན་ཏང་གི་བདམ་ཐོན་མི་སྣ་གཙོ་བོ་ཨོ་ནཱེ་ཨོ་མངའ་སྡེའི་གཙོ་འཛིན་ཡོ་ཧན.ཁཱ་ཞིས་ཨར་དང་ཧྥོ་ལོ་ལིས་ཏ་མངའ་སྡེའི་སྔོན་མའི་མངའ་སྡེའི་གཙོ་འཛིན་ཅེ་པུའུ.པུའུ་ཧྲི་དང་ཧྥོ་ལོ་ལིས་ཏ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མི་མཱ་ཁུ་ཨར•ལུའུ་པིས་ཨོ་བཅས་མི་གསུམ་པོ་ཡིན་པ་རེད།
        ཨོ་པིས་ཨོ་དབྱིན་ཨེ་བ་ཨོ་མངའ་སྡེའི་འདེམས་བསྐོའི་གྲ་སྒྲིག་གི་སྟོབས་ཤུགས་གཙོ་བོ་སྤྱི་མཐུན་ཏང་གི་མི་ཁག་ཅིག་ལ་རེ་བཅོལ་བྱས་ཡོད་པ་རེད། འོན་ཀྱང་ཉེ་ཆར་གྱི་ཐོག་མའི་འདེམས་བསྐོའི་དཔྱད་གླེང་ཞིག་གི་ཁྲོད་འཐུས་ཤོར་བྱུང་སྟེ་སྤྱི་དམངས་ཀྱིས་རྒྱབ་སྐྱོར་གྱི་ཚད་རིམ་མར་ཆགས་ཏེ་ཨང་ལྔ་བར་སླེབས། ཁཱ་ཞིས་ཨར་གྱིས་ཞི་ཧན་པུའུ་ཧྲིན་ཨར་མངའ་སྡེའི་མི་རྣམས་ཀྱིས་རྒྱབ་སྐྱོར་འོག རང་ཉིད་ཏང་ནང་ཁུལ་གྱི་འཐུས་ཚབ་བར་མ་ཞིག་བྱེད་འདོད་ཡོད་པ་རེད། སྤྱི་མཐུན་ཏང་གིས་ཁྱོན་ཡོངས་ནས་འདེམས་བསྐོའི་བྱ་བར་རྒྱལ་ཁ་ཐོབ་རྗེས། ཁོས་མུ་མཐུད་མངའ་སྡེ་ཁག་གཅིག་ལ་གདོང་གཏད་ཚོད་བགམ་བྱེད་དགོས། ཅེ་པུའུ.པུའུ་ཧྲི་ཡིས་ཐེངས་འདིར་འདེམས་བསྐོའི་ཁྲོད་རང་ཉིད་རྒྱལ་བྱེད་ཀྱི་གྲུབ་འབྲས་ལེགས་པོ་ཞིག་རེག་ཐུབ་མེད་པ་རེད།  

        དམངས་གཙོ་ཏང་གི་ཕྱོགས་ནས་སིང་ཏེ་ཟི་ལ་ཨེ་ཨོ་བ་མངའ་སྡེ་ནས་ཞི་ལ་ལིས་དང་འདེམས་བསྐོ་ཧ་ལམ་མཉམ་པོ་བྱུང་ཡོད་ན་ཡང་། ཞི་ཧན་པུའུ་ཧྲིན་ཨར་མངའ་སྡེ་ནས་ཞི་ལ་ལིས་ལ་རྒྱལ་ཁ་ཐོབ་ཡོད་པས། མུ་མཐུད་འདེམས་བསྐོའི་གྲ་སྒྲིག་ནཱ་ཧྭ་ཏ་མངའ་སྡེ་དང་ཁཱ་ལའོ་ལེ་ནཱ་མངའ་སྡེའི་འདེམས་བསྐོ་ལ་རང་ཉིད་ཀྱི་འགྲན་རྩོད་སྟོབས་ཤུགས་ངོམས་རྒྱུ་དེ་རེད།
        འོན་ཀྱང་མི་དཀར་གྱིས་ཁྱབ་པའི་ཨེ་ཨོ་བ་མངའ་སྡེ་དང་ཞི་ཧན་པུའུ་ཧྲིན་ཨར་མངའ་སྡེ་གཉིས་དང་གཏན་ནས་མི་འདྲ་བ་ནི་ནཱ་ཧྭ་ཏ་མངའ་སྡེ་དང་ཁཱ་ལའོ་ལེ་ནཱ་མངའ་སྡེ་རུ་རིགས་རྒྱུད་འདེམས་བསྐོ་བ་མང་བོ་ཞིག་ཁྱབ་ཡོད་ལ། སིང་ཏེ་ཟི་ལ་རིགས་རྒྱུད་གཞན་དག་གི་འདེམས་བསྐོའི་ཁྲོད་རྒྱབ་སྐྱོར་གྱི་ཚད་རིམ་ཞི་ལ་ལིས་ལས་དམའ་ཞིང་ལྷག་པར་དུ་མི་ནག་དང་ལ་ཏིང་རིགས་རྒྱུད་ཀྱིས་ཐེངས་མང་བོའི་འདེམས་བསྐོའི་ཁྲོད། འདེམས་བསྐོའི་མཇུག་འབྲས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཡོད།
        རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་དམངས་ཀྱི་ཆ་ནས་ཞི་ལ་ལིས་ལ་སྟོབས་ཤུགས་ཆེས་ཆེ་བ་རེད། ཨ་རིའི་རྒྱལ་ཡོངས་རྒྱང་སྒྲོག་སྤྱི་གཉེར་ཁང་གི་ཟླ1བོར་ཡོངས་འགྲུབ་བྱེད་པའི་སྤྱི་དམངས་རྟོག་དཔྱོད་ལྟར་ན། ཞི་ལ་ལིས་ལ་མི་ནག་དང་ལ་ཏིང་རིགས་རྒྱུད་ཀྱི་འདེམས་བསྐོའི་ཁྲོད་རྒྱབ་སྐྱོར་བྱེད་མཁན་གྱི་ཚད་རིམ63%ནས54%སླེབས་ཡོད་ལ། སིང་ཏེ་ཟི་ལ་རྒྱབ་སྐྱོར་བྱེད་མཁན་ཚད་རིམ20%ནས33%ལ་སླེབས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག