ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱ་གར་གྱི་དགོན་པ་ཞིག་ལ་མེ་སྐྱོན་བྱུང་ཞིང་མི་༡༡༠ཙམ་གྲོངས་པ།

2016-04-13
        ས་དེའི་དུས་ཚོད་ཀྱི་སྤྱི་ཟླ་༤ཚེས་༡༠ཉིན་གྱི་ནམ་གུང་གི་ཆུ་ཚོད་༣དང་ཕྱེད་ཀའི་ཐོག རྒྱ་ནར་ལྷོ་ནུབ་ཕྱོགས་སུ་ཡོད་པའི་ཁེ་ར་ལཱ་(Kerala)མངའ་སྡེའི་ཕུའུ་ཐིན་གལ་(Puttingal Temple)ཞེས་པའི་ཧིན་རྡུ་ཆོས་ལུགས་ཀྱི་དགོན་པ་ཞིག་ལ་མེ་སྐྱོན་བྱུང་ནས་མི་༡༡༠ཙམ་འདས་གྲོངས་སུ་ཕྱིན་པ་དང་མི་༣༩༠ལྷག་རྨས་འདུག
        མེ་སྐྱོན་འདིའི་བྱུང་རྐྱེན་ནི་ཤོག་སྦག་བཀད་པས་ཡིན་པ་སྟེ། ཉིན་དེར་ཧིན་རྡུའི་ཆོས་ལུགས་ཀྱི་དུས་ཆེན་ཞིག་ཡིན་ལ་ཧིན་རྡུའི་ཆོས་ལུགས་ཀྱི་དུས་ཆེན་དག་ཏུ་རྒྱུན་པར་ཤོག་སྦག་འགད་པའི་སྲོལ་དར་ཡོད། རྒྱ་གར་ཉེན་རྟོག་ཕྱོགས་ནས་ཚོད་བགམ་བྱས་པ་ལྟར་ན། མེ་སྐྱོན་ཁྲོད་འདས་གྲོངས་སུ་ཕྱིན་པ་དང་རྨས་མཁན་གྱི་གྲངས་འབོར་ད་དུང་ཡར་འཕར་སྲིད་པའི་ངེས་པ་ལྡན་ཡོད།
འབྲེལ་ཡོད་རྩོམ་ཡིག