ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་སྐོར་གྱི་འདྲ་པར་བདམས་བཀོད།

2016-03-25 བསོད་ནམས་འཚོ།

དཔྱིད་ཀྱི་དཔལ་ཡོན་ཤར་བ་དང་མཉམ་དུ། ལས་ལ་བརྩོན་པའི་ཞིང་པ་རྣམས་ཀྱང་དཔྱིད་འདེབས་ལ་བྲེལ་འདུག ཉེ་བའི་ལོ་འགར། རང་ལྗོངས་ཀྱིས་ཞིང་པར་ཕན་པའི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བས། ཞིང་འབྲོག་པའི་འཚོ་བའི་ཆ་རྐྱེན་ལ་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་ཐོབ་ཅིང་། འཚོ་སྟངས་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་སྟེ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་བརྩོན་སེམས་སྔར་ལས་ཆེ་རུ་ཕྱིན་པ་དང་། ཞིང་འབྲོག་ཁུལ་ལ་རྣམ་པ་གསར་པ་ཞིག་ཤར་འདུག

ཡང་བསྐྱར་ལོ་གཅིག་གི་དཔྱིད་ཀའི་དུས་ལ་སླེབས་པས། ཟླ3པའི་ཚེས16ཉིན། རང་ལྗོངས་ཀྱི་ས་ཁུལ་སོ་སོའི་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་། ལག་ཏུ་ནས་ཆང་ཐོགས་ཏེ། ལོ་རེར་ཐེངས་རེ་བསྡུ་བའི“གཉའ་གཉའ་གཅོག”པའི་མཛད་སྒོ་བསྡུས་པ་དང་། ད་ནི་མཐོ་སྒང་གི་ག་ས་ཀུན་ཏུ་དཔྱིད་འདེབས་ཀྱི་མགོ་བརྩམས་སོང་།

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆུས་རྒུ་རུམ་ཤང་ལྕགས་རུ་གྲོང་ཚོའི་གྲོང་མི་ཚོ་དཔྱིད་འདེབས་ལ་བྲེལ་བ།

སྟག་རྩེ་རྫོང་བསམ་འགྲུབ་སྡེ་བའི་ཞིང་པས་རྨོ་འདེབས་བྱེད་བཞིན་པ།

གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་རམ་ཁང་གྲོང་ཚོའི་གྲོང་མིས་ཡུར་ལམ་གཙང་སེལ་བྱེད་བཞིན་པ།

འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་དཔྱིད་འདེབས་མཛད་སྒོ་སྤེལ་བའི་ཡུལ་དངོས།

        འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོར་སྡོད་པའི་ལས་བྱེད་རུ་ཁག་གིས་གྲོང་མི་ཉི་མ་དབང་མོ་ཚང་དུ་དཔྱིད་འདེབས་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་ལྟ་བཞིན་པ།

        མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་སྡོང་པོ་སྒང་གྲོང་ཚོ་ཚན་ཆུང3པའི་གྲོང་མིས་ལུས་ལ་གཟབ་མཆོར་སྤྲས་པ་དང་ལག་ཏུ་ནས་ཆང་ཐོགས་ནས། དཔྱིད་འདེབས་མཛད་སྒོ་སྤེལ་བཞིན་པ།

ཆུ་ཤུར་རྫོང་མཉེས་ཐང་ཤང་གི་དཔྱིད་འདེབས་མཛད་སྒོ་སྤེལ་བའི་ཡུལ་དངོས།

ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ལྕང་ར་ཤར་གྲོང་ཚོའི་གྲོང་མིས་དཔྱིད་འདེབས་མཛད་སྒོ་སྤེལ་བཞིན་པ།

ལྷོ་ཁ་ས་ཁུལ་གྱི་ཞིང་པས་འདྲུད་འཐེན་འཁོར་ལོ་བསྐོར་ནས་དཔྱིད་འདེབས་མགོ་རྩོམ་པའི་མཛད་སྒོ་སྤེལ་བ་སྟེ“གཉའ་གཅོག”པ།

འབྲེལ་ཡོད་རྩོམ་ཡིག