སྤྱི་ཚེས་༡༦ཉིན། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་ཀོ་ལོན་པེ་ཡ་སློབ་གྲྭ་ཆེན་མོའི་སའི་གོ་ལའི་ཞིབ་འཇུག་ཁང་གཉིས་ནས་མཉམ་འབྲེལ་ངང་དཔྱད་འཇོག་གནང་བའི་འཛམ་གླིང་རྒྱལ་ཁབ་ཁག་གི་བདེ་སྐྱིད་ཆེ་ཆུང་གི་ཨང་རིམ་དེ་ཕྱིར་བསྒྲགས་ཡོད་ཅིང་། ཨང་རིམ་དེ་ལྟར་ན། ད་ཆ་འཛམ་གླིང་ཡོངས་ལས་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་དེ་ནི་ཡོ་རོབ་ཀྱི་ཏེན་མག་ཅེས་པའི་རྒྱལ་ཁབ་དེ་ཡིན་ལ། ཨང་གཉིས་པ་ནས་བཅུ་བའི་བར་ནི་རིམ་པ་ལྟར་སུའེ་ཙེར་དང་འཁྱགས་གླིང་། ནོར་ཝེ། ཧྥིན་ལན། ཁ་ན་ཏ། ཧོ་ལན། ནེའུ་ཙི་ལན། ཨོ་སི་ཁྲུ་ལི་ཡ། སུའེ་ཏེན་བཅས་ཡིན་ཞིང་། ཀྲུང་གོའི་སྐམ་ས་ནི་ཨང་༨༣པ་དེ་ཡིན་ལ། ཨ་རི་ཨང་༡༣པ་དང་དབྱིན་ཇི་ཨང་༢༣པ། ཧྥ་རན་སི་ཨང་༣༢བ་བཅས་ཡིན།
ཏེན་མག་རྒྱལ་ཁབ་ཀྱི་སྒི་རེན་ལན་སྒྲི(Greenland)ཞེས་པའི་གླིང་ཕྲན་སྐད་གྲགས་ཅན།
ཆེས་བདེ་སྐྱིད་མི་ལྡན་པའི་རྒྱལ་ཁབ་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་པུའུ་ལུང་ཏི་ཞེས་པ་དེ་ཡིན་ཞིང་། བདེ་སྐྱིད་མེད་པའི་རྒྱལ་ཁབ་བཅུའི་ཁྲོད་ཀྱི་བརྒྱད་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་བཟུང་ཡོད་ཅིང་། ཨ་ཧྥུ་ཀ་ནི་སི་ཐན་ཡང་ཆེས་བདེ་སྐྱིད་མི་ལྡན་པའི་རྒྱལ་ཁབ་བཅུའི་ཨང་རིམ་ནང་ཚུད་འདུག
བདེ་སྐྱིད་ཆེ་ཆུང་གི་དཔྱད་འཇོག་ཚད་གཞི་ལ་རྒྱལ་ཁབ་དེའི་མིའི་སེམས་ཁམས་སྐྱིད་མིན་དང་བདེ་ཐང་ཡིན་མིན་ཕུད། ད་དུང་ཡོང་འབབ་མང་ཉུང་དང་རང་བྱུང་ཁོར་ཡུག་བཟང་མིན། ཚེ་རིང་མིན་སོགས་ཀྱང་ཚུད་ཡོད།
ཏེན་མག་རྒྱལ་ཁབ་ཀྱི་རྒྱལ་ས་ཁོ་ཕེན་ཧ་ཀེན།(Copenhagen)