ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

པེར་ཀྲེམ་གྱི་པུ་ལུ་སེར་གནམ་གྲུ་ཐང་དུ་འབར་གས་བྱས་པའི་ནང་མི་སྣ་ཤི་རྨས་བྱུང་བ།

2016-03-23

        ཉེས་གསོག་དོགས་ཅན་གཉིས་ས་འོག་ལྕགས་ལམ་ནང་འཛིན་བཟུང་བྱས་པའི་ཚུལ་རེད།

འབར་གས་བྱུང་གནས།

        པེར་ཀྲེམ་གྱི་པུ་ལུ་སེར་གནམ་གྲུ་ཐང་དུ་སྤྱི་ཚེས་༢༢ཉིན་གྱི་ཞོགས་པ་འབར་གས་བྱས་པ་དང་མིག་སྔར་ཉུང་ཤོས་ལའང་མི་༣༤རྐྱེན་ལམ་དུ་ཤོར་ཡོད་པ་རེད།
        ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༢༢ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པའི་གཡས་གཡོན་དུ་པུ་ལུ་སེར་གྲོང་ཁྱེར་ཉེ་འདབས་ཀྱི་ཀྲ་ཧྥིན་ཐེ་མུ་གནམ་གྲུ་ཐང་གི་ཚོམས་ཆེན་དུ་འབར་གས་བྱས་པ་དང་འབར་གས་ནང་མི་༡༤རྐྱེན་ལམ་དུ་ཤོར་བ་དང་མི་༨༡ལ་རྨས་སྐྱོན་ཕོག་པ་རེད།
        དེ་ནས་ཧ་ལམ་ཆུ་ཚོད་གཅིག་སོང་རྗེས་པུ་ལུ་སེར་གྲོང་ཁྱེར་ནང་ཁུལ་གྱི་ཡོ་རོབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའི་ཉེ་འགྲམ་གྱི་མ་ཨེ་ལ་པེ་ཁེ་ས་འོག་ལྕགས་ལམ་གྱི་ས་ཚུགས་སུ་སླར་ཡང་འབར་གས་དོན་རྐྱེན་ཐོན་ནས་མི་༢༠རྐྱེན་ལམ་དུ་ཤོར་བ་དང་མི་༡༠༦ལ་རྨས་སྐྱོན་ཕོག་པ་དང་དེའི་ནང་ནས་མི་༡༧གྱི་ཚེ་སྲོག་ལ་ཉེན་ཁ་བཟོས་ཡོད་པ་རེད།
        ཡོ་རོབ་མནའ་འབྲེལ་གྱིས་ལས་དོན་མི་སྣ་རང་ཁྱིམ་མམ་ཁང་པའི་ནང་སྡོད་དགོས་པ་ལས་ཕྱི་ལ་ཐོན་མི་རུང་བའི་བླང་བྱ་བཏོན་འདུག མིག་སྔར་པུ་ལུ་སེར་གྱི་ས་འོག་ལྕགས་ལམ་དང་སྤྱི་པའི་འགྲིམ་འགྲུལ་སོགས་ཚུད་པའི་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུ་ཁག་ལས་མཚམས་བཞག་ཡོད་པ་རེད།
        འབར་གས་དོན་གཞི་ཐོན་རྗེས། པེར་ཀྲེམ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཧོ་ལན་གྱིས་བྱ་ཐབས་བཟུང་བ་དང་ཉེན་རྟོག་ཕྱོགས་ནས་ཨ་མུ་ས་ཐེ་ཏན་དང་ལུ་ཐེ་ཏན་སོགས་ས་ཁུལ་གྱི་གནམ་གྲུ་ཐང་ལ་ཉེན་ཟོན་སྐོར་གཡེངས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་ལྷོ་རྒྱུད་ཀྱི་མཐའ་མཚམས་སུ་དོ་ནན་ཤོས་ཀྱི་མཐའ་མཚམས་དོ་དམ་ཚོད་འཛིན་བྱས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག