ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

༢༠༡༥ ལོའི་ཤེས་རམས་པའི་ཡིག་ཚད་ཟླ ༡༢/༢༧_༢༩ བར་ལེན་རྒྱུ་རེད།

2014-12-11 ཚེ་རིང་རྣམ་རྒྱལ།
 
  ཟླ ༡༡ པའི་ཚེས ༢༥ ཉིན། རྒྱལ་ཁབ་སློབ་གསོ་སྡེ་ཁག་གིས ༢༠༡༥ ལོའི་རྒྱལ་ཡོངས་ཤེས་རམས་པ་བསྡུ་བའི་ཡིག་ཚད་འཐུས་ཤོར་མེད་པར་བྱ་དགོས་པའི་བརྙན་འཕྲིན་ཚོགས་འདུ་འཚོགས་ཏེ་བྱ་བ་ཕྱོགས་ཀུན་ནས་བཀོད་སྒྲིག་བྱས། ༢༠༡༥ ལོའི་རྒྱལ་ཡོངས་ཤེས་རམས་པ་བསྡུ་བའི་ཡིག་ཚད་ལོ་འདིའི་ཟླ་༡༢པའི་ཚེས ༢༧ ནས་ཚེས ༢༩ བར་ལེན་རྒྱུ་ཡིན་པས། རྒྱལ་ཁབ་སློབ་གསོ་པུའུ་ཏང་ཙུའུ་ཧྲུའུ་ཅིའམ་པུའུ་ཀྲང་གཞོན་པ་ཏུའུ་ཡུ་པའོ་གྲོགས་ཚོགས་སུ་ཞུགས་ཏེ། ཡིག་ཚད་འཐུས་ཤོར་མེད་པར་བྱས་པའི་བྱ་བ་འདི་ནི་འབུར་ཐོན་དང་གཙོས་སུ་འཛིན་དགོས་པར་ནན་གྱིས་བསྟན་པ་མ་ཟད། མུ་མཐུད་དུ་འབྲེལ་ཡོད་རྐྱེན་འགྱུར་ལེགས་བཅོས་དང་ལག་ལེན་བྱས་ནས། ཡིག་ཚད་ཀྱི་གནས་བབ་ཕྱོགས་ཀུན་ནས་དག་སེལ་ནན་མོ་དང་། ནང་ཁུལ་གྱི་ལྟ་རྟོག་ཞིབ་ཚགས་ཤིང་ཕྱི་ནང་གཉིས་ལ་དོ་སྣང་བྱེད་པ། རྩ་ལག་གཉིས་པོ་དག་ཐེར་བྱས་ཏེ། ༢༠༡༥ ལོའི་ཤེས་རམས་པ་བསྡུ་བའི་ཡིག་ཚད་འཐུས་ཤོར་མེད་པ། བརྟན་བརླིང་། བདེ་བླག་ཡོང་བར་བྱ་དགོས་པ་བསྟན།
  ཏུའུ་ཡུ་པའོ་ཡིས། ཞིབ་འཇུག་སློབ་པའི་ཡིག་ཚད་འཐུས་ཤོར་མི་ཡོང་བའི་བྱ་བ་ནི། ཡིད་ཚད་ལེན་པའི་སློབ་མའི་ཁེ་ཕན་དང་སློབ་གསོའི་འདྲ་མཉམ་དྲང་བཞག་ལ་རག་ལས་ཡོད་པས། སློབ་མ་བསྡུ་ལེན་གྱི་བྱ་བའི་ཚེ་སྲོག་ལྟ་བུ་ཡིན། ཞིང་ཆེན་སོ་སོའི་སློབ་གསོ་ཅུས་ཀྱི་སྲིད་དོན་སྡེ་ཁག་དང་རྒྱུགས་ལེན་སྡེ་ཁགའབྲེལ་ཡོད་ལས་ཁུངས་ཀྱིས་ཡིག་ཚད་འཐུས་ཤོར་མེད་པར་བྱས་པའི་བྱ་བ་འདི་ནི་འབུར་ཐོན་དང་གཙོས་སུ་འཛིན་རྒྱུ་འགངས་ཤིན་ཏུ་ཆེ། མུ་མཐུད་དུ་འབྲེལ་ཡོད་རྐྱེན་འགྱུར་ལེགས་བཅོས་དང་ལག་ལེན་བྱས་ནས། ཡིག་ཚད་ཀྱི་གནས་བབ་ཕྱོགས་བསྡུས་ཀྱིས་དག་སེལ་ནན་མོ་དང་། ནང་ཁུལ་གྱི་ལྟ་རྟོག་ཞིབ་ཚགས་ཤིང་ཕྱི་ནང་གཉིས་ལ་དོ་སྣང་བྱེད་པ། རྩ་ལག་གཉིས་པོ་དག་ཐེར་བྱས་ཏེ། ༢༠༡༥ ལོའི་ཞིབ་འཇུག་སློབ་པ་བསྡུ་བའི་ཡིག་ཚད་འཐུས་ཤོར་མེད་པ། བརྟན་བརླིང་། བདེ་བླག་ཡོང་བར་བྱ་དགོས་ཞེས་ཟེར།
  ཏུའུ་ཡུ་པའོ་ཡི་བསྟན་དོན། ཉེ་བའི་ལོ་འགའི་རིང་འབྲེལ་ཡོད་སྡེ་ཁག་གིས་ནུས་ཚོད་ཀྱིས་དག་ཐེར་བྱས་པས། སློབ་གསོའི་ཡིག་ཚད་འཐུས་ཤོར་གྱི་གནད་དོན་མངོན་གསལ་གྱིས་ཇེ་ལེགས་སུ་སོང་འདུག་ཀྱང་། ཡིག་ཚད་འཐུས་ཤོར་འབྱུང་བའི་གནད་དོན་སྔར་བཞིན་གནས་འདུག་ཅིང་། ལྷག་པར་དུ་ཡིག་ཚད་གསབ་སྦྱོང་ལས་ཁུངས་འགའ་རེ་ཡིས་ཐབས་ལམ་སྣ་མང་གིས། “བསྡུ་བརྒལ་ཐག་གཅོད”ཀྱིས་དར་ཆ་བསྒྲེངས་ནས“རྒྱུགས་རོགས”བྱེད་ཀྱིན་པ་འདིས། ཡིག་ཚད་འཐུས་ཤོར་ཡོང་བའི་གནས་བབ་སྡུག་ཐུག་ཅིག་ཏུ་བསྐྱལ་ཀྱིན་འདུག ས་ཁུལ་སོ་སོའི་སློབ་གསོ་ཡིག་ཚད་སྡེ་དག་གིས་སྤྱི་བདེ་ལས་ཁུངས་དང་། བཟོ་ཚོང་སོགས་པུའུ་རིམ་པའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་ཀྱི་ཁོངས་གཏོགས་ལས་ཁུངས་ལ་མཉམ་འབྲེལ་གྱིས། གནས་ཚུལ་གསར་བར་དམིགས་ཏེ། གཞི་གཅིག་ཏུ་དག་སེལ་དང་ལེགས་སྒྲིག། ཡིག་ཚད་ཁྲིམས་མཐུན་མིན་པའི་བྱ་སྤྱོད་ལ་རྒོལ་རྡུག་དྲག་པོ་བྱ་དགོས།
  ཏུའུ་ཡུ་པའོ་ཡིས། སློབ་བསྡུ་ཡིག་ཚད་ཀྱི་ལམ་ཕྱོགས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་མཐུན་དགོས་ཤིང་། ཁྲིམས་ལྟར་རྒྱུགས་ལ་ནན་གྱིས་དག་ཐེར་བྱ་རྒྱུར་སྐུལ་འདེད་བྱས་ཏེ། ཡིག་ཚད་འཐུས་ཤོར་དག་བཅོས་ཀྱི་མ་ལག་དང་དག་སེལ་གྱི་ནུས་པ་བསྐྱེད་བསྲིང་བྱས་ནས། ཞིབ་འཇུག་སློབ་བསྡུ་ཡིག་ཚད་ཚད་ལྡན་བརྟན་བརླིང་ཡོང་བར་བྱ་དགོས་པའི་རེ་བ་བཏོན་འདུག  དེར་གཙོ་བོ་གཤམ་གྱི་ཕྱོགས་བརྒྱད་ནས་བྱ་བ་ལེགས་པོ་བསྒྲུབ་དགོས། གཅིག་ནི་འགོ་ཁྲིད་རྩ་འཛུགས་ལེགས་པོ་བྱས་ཏེ། འགན་འཁྲི་སོ་སོ་གསལ་ཐག་ཆོད་དགོས། གཉིས་ནི་སྡེ་ཁག་མཉམ་འབྲེལ་ཧུར་ཐག་བྱས་ཏེ། ཡིག་ཚད་ཀྱི་གནས་བབ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་རྒྱུ་གལ། གཙོ་བོ་ཡིག་ཚད་གསབ་སྦྱོང་ལས་ཁུངས་དག་སེལ་དང་བཅོས་སྒྲིག་བྱེད་པ། གསུམ་ནི་ཚད་ལྡན་གྱི་དཔུང་སྡེ་བསྒྲིག་པ་སྟེ། ཡིག་ཚད་ལས་དོན་མི་སྣ་འདེམ་བསྐོ་དང་གསབ་སྦྱོང་ཚད་ལྡན་བྱ་དགོས་ལ། ལྟ་རྟོག་ཚད་བཟུང་རྐྱེན་འགྱུར་འཐུས་ཚང་བྱས་ཏེ། ལས་གནས་གལ་ཆེན་དང་བརྒྱད་རིམ་འགངས་ཆེན་ལ་གཟབ་ནན་གྱིས་ལྟ་ཞིབ་བྱ་དགོས། བཞི་ནི་རྒྱུགས་རའི་ལས་དོན་དོ་དམ་སྟེ། བླང་བྱ(ཡིག་ཚད་ཀྱི་བླང་བྱ)་རེ་རེ་བཞིན་ཚད་ལྡན་གྱིས་ལག་ལེན་བྱེད་པ། ཡིག་ཚད་ལྟ་རྟོག་པ་རྒྱན་ཐོབ་པ་ལྟར་ལས་གནས་སུ་ཞུགས་དགོས། ལྔ་ནི་ཁ་རྒྱུགས(བསྐྱར་རྒྱུགས)ལ་ལྟ་རྟོག་ནན་མོ་བྱ་དགོས། ཁ་རྒྱུགས་ཀྱི་མགོ་མཇུག་ཚང་མར་སྒྲ་དང་བརྙན་ལེན་དགོས་པ་མ་ཟད། ཐུན་མོང(ཚོད་ལེན་པ)གྲོས་སྡུར་དང་ཐུན་མོང་གིས་ཐག་གཅོད་པའི་རྐྱེན་འགྱུར་འཐུས་ཚང་དང་། གནས་ཚུལ་གསལ་བསྒྲགས་བྱ་དགོས། དྲུག་ནི་སྣེ་སྟོན་དང་རྟོག་ཞིབ་ནན་མོ་བྱས་ཏེ། འགན་འཁྲི་འདྲི་གཅོད་ལག་ལེན་བྱ་དགོས། བདུན་ནི་མཐུན་རྐྱེན་ལེགས་པོ་བསྐྲུན་དེ། རྒྱུགས་ལེན་སྐབས་གློ་བུར་བའི་དོན་རྐྱེན་ཐག་གཅོད་པའི་ནུས་པ་མཐོར་འདེགས་བྱ་དགོས། བརྒྱད་ནི་སློབ་གསོ་དྲིལ་བསྒྲགས་བྱས་ཏེ། གཡོ་མེད་བསླུ་མེད་ཀྱི་རྒྱུགས་རའི་རྣམ་པ་འབྱུང་བར་བརྩོན་དགོས།
  རྒྱལ་ཁབ་སློབ་གསོའི་ཡིག་ཚད་གཅིག་གྱུར་པུའུ་རིམ་པའི་མཉམ་འབྲེལ་གྲོགས་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་དག་གི་གཙོ་འཛིན་པ་དང་། ས་ཁུལ་སོ་སོའི་སློབ་བསྡུ་སྡེ་ཁག མཉམ་འབྲེལ་གྲོགས་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས། སློབ་གསོ་ཡིག་ཚད་དོ་དམ་སྡེ་དག་གི་འགན་འཛིན་བློ་མཐུན་དང་། ཞིབ་འཇུག་སློབ་མ་བསྡུ་བའི་ལས་ཁུངས་ཀྱི་འགན་འཁྲི་བློ་མཐུན་སོགས་ཚོགས་ར་དངོས་དང་ཡན་ལག་ཚོགས་ར་ནས་གྲོས་ཚོགས་སུ་ཞུགས་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག