ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

རྩོད་གཞིར་གྱུར་བའི《བོད་ཡིག་ཚིག་གཏེར་རྒྱ་མཚོ》ལ་སི་ཁྲོན་ཞིང་ཆེན་སྤྱི་ཚོཊ་ཚན་རིག་བྱ་དགའ་ཐོབ།

2015-01-15
《བོད་ཡིག་ཚིག་གཏེར་རྒྱ་མཚོ》ལ་བྱ་དགའ་ཨང་གསུམ་པ་ཐོབ་པའི་དཔང་ཡིག
  ༡/༡༢ ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་མཛད་པའི《བོད་ཡིག་ཚིག་གཏེར་རྒྱ་མཚོ》ལ་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་བྱ་དགའ་ཨང་གསུམ་པ་ཐོབ།
  《བོད་ཡིག་ཚིག་གཏེར་རྒྱ་མཚོ》ནི ༢༠༠༤ ལོ་ནས་བཟུང་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས་ཤིང་ལས་རོགས་མང་པོ་ཞིག་གི་རོགས་རམ་དང་རྒྱབ་སྐྱོར་ལ་བརྟེན་ནས་ཡོངས་སུ་འགྲུབ་བྱས་པའི་དཀའ་སྤྱད་ཀྱི་འབྲས་བུ་ཡིན། ཚིག་མཛོད་འདི་ནི་སྔར་ཡོད་ཀྱི་མིང་མཛོད་རྙིང་པ་དང་མདོ་རྒྱུད་གཞུང་ལུགས་རྣམས་ཀྱི་ཐ་སྙད་བསྡུ་རུབ་བྱས་པའི་རྨང་གཞའི་ཐོག བོད་ཀྱི་དམངས་ཁྲོད་ཐ་སྙད་མང་པོ་གཅིག་ཏུ་བསྡུས་ཤིང་དེ་དག་ལ་གང་འཚམས་ཀྱི་འགྲེལ་བརྗོད་བྱས་ཏེ་གྲུབ་པའི་དཔེ་དེབ་སྟོད་སྨད་བར་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་ལ། ༢༠༡༢ ལོའི་ཟླ ༧ པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་བཀྲམས་པ་རེད།
དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའམ་བསྒྲིགས་པའི་དེབ་དག
  ཡང་མིང་མཛོད་འདི་གཉིས་གྲགས་ཆེ་བའི་རྒྱུ་མཚན་གཞན་ཞིག་ནི་མིང་མཛོད་འདི་ལས་འཕྲོས་པའི་ཀློག་མཁན་དང་རྩོམ་མཁན་བར་གྱི་བགྲོ་གླེང་ལས་བྱུང་བ་ཡིན་ཞིང་། དུས་སྐབས་ཤིག་གི་རིང་བོད་ཡིག་གི་དྲ་ལམ་དུ་རྩོད་གཞི་ཚ་ཤོས་ཤིག་ཏུ་གྱུར་བ་མ་ཟད། དགེ་རྒན་ཆེན་མོ་ཡིན་པའི་ཁོང་གིས་དུས་ཐོག་ཏུ་ཀློག་མཁན་ལ་ཨ་ལན་བསློགས་རེས་བྱས་པས་ཀྱང་མི་སྨྲ་བའི་བརྟུལ་ཞུགས་འཛིན་མཁན་གྱི་དགེ་རྒན་ཆེན་མོའམ་མཁས་པ་གཞན་དག་ལ་མིག་ལྟོས་ཤིག་བསྟན་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག