ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

མི་དམངས་ཤོག་སྒོར་བཟོ་བའི་གོ་རིམ་ཆ་ཚང་།

2014-12-23 ཟླ་བ།

མི་དམངས་ཤོག་སྒོར་དཔར་རྒྱུ་དེ་ཀྲུང་གོའི་མི་དམངས་དངུལ་ཁང་གིས་ཐད་ཀར་དབུ་ཁྲིད་བྱེད་བཞིན་པའི་ཀྲུང་གོའི་དངུལ་ལོར་དཔར་བཟོ་སྤྱི་ཁྱབ་ཀུང་སིའི་མངའ་འོག་གི་ཁེ་ལས ༡༡ གིས་ཁག་བགོས་ཏེ་སྒྲུབ་ཀྱི་ཡོད་ཅིང་། ཤོག་དངུལ་དཔར་ས་དེར་དངུལ་དཔར་ཁང་ཞེས་འབོད། ཤོག་དངུལ་བཟོ་བའི་རྩ་བའི་གོ་རིམ་ནི་གཤམ་གསལ་ལྟར་ཏེ། ཤོག་བུར་བརྟག་ཞིབ། དཔར་སྔོན་སྒྲིག་གཅོད་དང་ལྕགས་པར་བཟོ་བ། ཚོད་དཔར། དངོས་སུ་དཔར་བ། སྤུས་ཀར་བརྟག་དཔྱད། གཏུབ་པ། སྤུས་ཀར་བརྟག་ཞིབ། རྒྱ་སྡོམ་པ་བཅས་སོ། །

མི་དམངས་ཤོག་སྒོར་ནི་ཆེད་དུ་དངུལ་ལོར་བཟོ་བྱེད་ཀྱི་ཆུ་ཚོན་ཤོག་བུས་བཟོས་ཤིང་། ཤོག་བུ་འདི་ཀྲུང་གོའི་དངུལ་ལོར་དཔར་བཟོ་སྤྱི་ཁྱབ་ཀུང་ཟིར་གཏོགས་པའི་དངུལ་ལོར་ཤོག་བུ་བཟོ་བའི་བཟོ་གྲྭ་གསུམ་ཏེ། ཧོ་པེ་ཡི་པོ་ཏེན་གྱི་དངུལ་ཤོག་བཟོ་གྲྭ་དང་། ཅང་སུའུ་ཁོན་ཧྲན་གྱི་དངུལ་ཤོག་བཟོ་གྲྭ  ཁྲིན་ཏུའུ་ཡི་དངུལ་ཤོག་བཟོ་གྲྭ་བཅས་སོ། ། མི་དམངས་ཤོག་སྒོར་མ་དཔར་གོང་ལ་སྤྱིར་བཏང་གི་དཔར་འདེབས་པ་ནང་བཞིན་པར་རྒྱག་དཔེ་པང་བཟོ་དགོས། རིས་དབྱིབས་རྫུས་འགོག་སྤྱད་ཡོད་པས་ཤོག་སྒོར་གྱི་ངོས་བཟོ་དུས་ཀྱང་རྩིས་འཕྲུལ་ལས་དེ་མཐུན་གྱི་ཇུས་འགོད་མཉེན་ཆས་སྤྱོད་དགོས་ལ། ཞིབ་ལ་རྙོག་དྲ་ཆེ་བའི་རྫུས་འགོག་རིས་དབྱིབས་སྣ་ཚོགས་བཟོ་དགོས་པ་མ་ཟད། དེ་འབྲེལ་གྱི་ཡི་གེ་དང་རི་མོ་བཟོས་ཏེ་སྤྱིན་ཤོག་ཏུ་ཕྱིར་འདོན་དགོས།

མ་དཔར་གོང་ལ། ལས་བྱེད་མི་སྣའི་ཤོག་གྲངས་རེ་རེའི་སྤུས་ཀར་བརྟག་ཞིབ་བྱ་དགོས་ཏེ། ཆུ་ཚོན་ལ་ཁ་ཕྱོགས་ཀྱི་སྐྱོན་འབྱུང་སླ་བས། ཤོག་བུ་རེ་རེ་ཆུ་རིས་ཀྱི་ཁ་ཕྱོགས་ལྟར་རྩིག་དགོས་པ་མ་ཟད་མཐའ་ལ་གསོར་གྱིས་ཕུག་སྟེ་མི་འཆོལ་བ་བྱ་དགོས།

ཤོག་བུ་ཆེན་པར་བརྟག་དཔྱད་ཚར་རྗེས་ལས་རིམ་རྗེས་མ་གཏུབ་པར་ཐུག་ཡོད།  དེ་ནི་ཤོག་ཆེན་སྒང་གི་མི་དམངས་ཤོག་སྒོར་རང་ཅག་གིས་རྣམ་ཀུན་སྤྱོད་ཀྱིན་པའི་ཤོག་དངུལ་དང་འདྲ་བ་ཞིག་ཏུ་གཏུབ་དགོས། དེའི་རྗེས་ལ་ཤོག་དངུལ་ཆུང་བར་བརྟག་ཞིབ་བྱ་དགོས་ཏེ། དཔེར་ན་ཨང་གྲངས་ནོར་ཡོད་མེད་དང་། ཚོས་མདོག་སྙོམས་མིན། ཆུ་རིས་མགོ་མཇུག་ལོག་ཡོད་མེད……

མི་དམངས་ཤོག་དངུལ་དཔར་གྲུབ་རྗེས་བཤེར་ཐུམ་བཟོ་ཁང་དུ་བསྐྱལ་ནས། སྤུས་བཤེར་མི་སྣས་གློག་འོད་འོག་ཤོག་དངུལ་རེ་རེའི་སྤུས་ཀར་བརྟག་དགོས། དེ་ལ་གོ་རིམ་གཉིས་ཡོད་དེ། ཐོག་མར་དཔར་ཆས་ལས་ཐོན་པའི་ཤོག་དངུལ་པར་ཆེན་ལ་ཞིབ་བཤེར་བྱ་དགོས། འདིའི་སྐབས་སུ་ཚོན་མདོག་འགྲིག་མིན་དང་རལ་སྐྱོན་ཡོད་མེད། ཆད་ལྷག་ཡོད་མེད་སོགས་ཆེ་ཕྱོགས་ནས་ཞིབ་བཤེར་བྱ་དགོས་ཀྱི་ཡོད། 

དངུལ་དཔར་ཁང་གི་མི་སྣས་བརྗོད་ན། དམངས་སྒོར་གྱི་སྣུམ་སྣག་གི་སྦྱོར་སྡེ་ཁོ་ནར་ཡང་བཅུ་ཕྲག་འགའ་ཡོད་མོད། བཅུ་ཕྲག་དུ་དང་གང་དག་ཡིན་པ་བཤད་མི་ཉན་པའི་གསང་བ་འབའ་ཞིག་རེད།ཤོག་དངུལ་བཟོ་བར་ཐོག་མར་ཤོག་དངུལ་དུ་མ་ངོས་ཆེན་གཅིག་གི་སྟེང་དུ་ཡོད་པའི་པར་ཆེན་དཔར་དགོས་ཤིང་། དེ་འགྲུབ་ནས་སྤུས་བཤེར་ལོངས་མཚམས། གཞི་ནས་ཤོག་དངུལ་རྐྱང་བ་རེ་རེར་གཏུབ་ཀྱི་ཡོད།

དེ་ནས། ཞིབ་བཤེར་མ་ནོར་བའི་ཤོག་དངུལ་ལ་ཐུམ་བརྒྱབ་སྟེ་དངུལ་ཁང་དུ་བསྐྱལ་ནས་སྤྱི་ཚོགས་སུ་འཁོར་རྒྱུག་བྱེད། མི་རྣམས་ཀྱིས་དངུལ་ཁང་ནས་ཤོག་སྒོར་གསར་པ་གསར་རྐྱང་ལག་ཏུ་ལེན་དུས། དེ་ལ་གོ་རིམ་འདི་འདྲའི་རྙོག་དྲ་ཚ་པོ་ཡོད་པ་བློ་ལ་འཁོར་གྱི་མ་རེད།
དངུལ་དཔར་བཟོ་གྲྭས་མི་སྣ་མཚམས་སྦྱོར་གནང་བ་ལྟར་ན། སྐོར་ལྔ་བའི་ཤོག་དངུལ་གྱི་མདུན་ངོས་ཀྱི་རི་མོ་ལ་ཀྲུང་གོའི་ལོ་རྒྱུས་སུ་སྐད་གྲགས་ཆོད་པའི་མི་སྣ་སྟེ་ཁུང་ཙི་དང་ཀྲོང་ཙི། ལི་པའེ། ཡའེ་ཧྥེ། ལི་ཧྲི་ཀྲིན་སོགས་འཇོག་པར་བསམ་བློ་གཏང་མྱོང་ཡང་། བདེ་འཇགས་ཀྱི་ཐད་ནས་བལྟས་ན་ལོ་རྒྱུས་མི་སྣ་འདི་ཚོའི་དབུ་པར་དེ་རྫུས་མ་འགོག་པར་མི་ལེགས་ཏེ། ཤོག་སྒོར་སྟེང་གི་མི་སྣ་མི་སེར་ལ་རྒྱུས་ཇི་ལྟར་ཆེ་ན་དེ་ལྟར་བཟང་། དེའི་རྒྱུ་མཚན་ཡང་ཤོག་སྒོར་སྟེང་གི་མི་སྣའི་གཟུགས་ལ་འགྱུར་བ(དངུལ་རྫུན་ལ་འཕྲད་དུས་ལྟ་བུ)ཕྲན་ཙམ་བྱུང་ན་དེ་མུར་དོགས་ཟོན་བྱེད་པས། ཕར་འདེམས་ཚུར་འདེམས་མང་ཙམ་བྱས་རྗེས་མི་ཚང་མར་རྒྱུས་ཆེ་བའི་མའོ་ཀྲུའུ་ཞིའི་སྣང་བརྙན་ཡག་ཤོས་རེད་སྙམ།

སྐོར་ལྔ་པ་རུ་ཁོ་གཅིག་པུའི་དབུ་པར་བདམས་པ་མ་ཟད་སྔོན་དང་བསྡུར་ན་ལྡབ་འགས་ཆེ་རུ་བཏང་སྟེ་ཤོག་དངུལ་གྱི་མདུན་ངོས་སུ་འཇོག་དོན་ཡང་རྫུས་འགོག་ལ་བསམ་བློ་བཏང་བ་དང་། ཀོང་པར་དུ་བརྐོས་པའི་དབུ་བརྙན་ཆེན་པོ་རྫུས་བཟོ་མཁན་གྱིས་འདྲ་བཟོ་བྱེད་ཤིན་ཏུ་དཀའ། དེ་མིན་མའོ་ཙེ་ཏུང་མི་གཅིག་པུ་སྤྱད་པས་གཞན་འགའ་ཞིག་གི་དབུ་པར་ལས་ངོས་ཟིན་སླ་པོ་ཡོད།
(རྩོམ་འགན་པ། རྟ་མགྲིན)
 
འབྲེལ་ཡོད་རྩོམ་ཡིག