ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འཆར་ལྡན་བུ་བཙའ་རྩ་བའི་རྒྱལ་ཇུས་ཡིན་སྐོར་ད་ལོའི་ལི་ཁེ་ཆང་གི་སྲིད་གཞུང་སྙན་ཞུ་རུ་གླེང་མེད།

2015-03-06 ཡུམ་མཚོ་དཔལ་མོ།
  ཟླ ༣ པའི་ཚེས ༥ ཉིན་གྱི་ཞོགས་པའི་ཆུ་ཚོད ༩ སྟེང་། ཀྲུང་གོའི་མི་དམངས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཆེན་ཁང་དུ་དབུ་ཕྱེ་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་ལས་དོན་གྱི་སྙན་ཞུ་ཕུལ། སྙན་ཞུ་རུ་མང་ཚོགས་ཀྱི་རྩ་བའི་དགོས་མཁོ་ནི་བདེ་ཐང་ཡིན་པས་ང་ཚོས་ནད་འགོག་སྔར་ལས་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱིའི་སྨན་བཅོས་དང་མི་རིགས་སྨན་བཅོས་ལས་དོན་ལ་ཆུ་བོའི་རྒྱུན་བཞིན་ཧུར་བརྩོན་བྱེད་པ་དང་། འཆར་ལྡན་བུ་བཙའི་ཞབས་འདེགས་དོ་དམ་གྱི་བསྒྱུར་བཅོས་ཐད་ལ་སྐུལ་འདེད་བཅས་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་གོང་དུ་སྤེལ་ནས་བདེ་ཐང་གི་ཀྲུང་གོ་ཞིག་བསྐྲུན་དགོས་ཞེས་བསྟན།
  ༢༠༡༤ ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་ལས་དོན་སྙན་ཞུ་ཕུལ་སྐབས་འཆར་ལྡན་བུ་བཙའི་སྲིད་ཇུས་གཤམ་གསལ་ལྟར་ཞིབ་གླེང་བྱས་མྱོང་ཡོད། དེ་ནི་འཆར་ལྡན་བུ་བཙའི་རྩ་བའི་རྒྱལ་ཇུས་མི་གཡོ་བ་དང་། མི་དམངས་ཀྱི་ལུས་སེམས་བདེ་ཐང་དང་ཁྱིམ་ཚང་བདེ་སྐྱིད་ཀྱི་ཆེད་དུ་ང་ཚོས་ངེས་པར་དུ་སྨན་ལས་བསྒྱུར་བཅོས་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཐབས་ལམ་སྤྱད་དེ་འཛམ་གླིང་རང་བཞིན་གྱི་དཀའ་གནད་དེ་ཐག་གཅོད་བྱེད་རྒྱུ་དེ་ཡིན།
  འབྲེལ་ཡོད་འཆར་ལྡན་བུ་བཙའི་ནང་དོན་བསྒྱུར་བཅོས་སྐོར་ལ། དཔལ་འབྱོར་རིག་པ་བ་དང་། ཧ་ཝིར་ཌི་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་རམ་འདེགས་པ་ཧོང་བིན་ཀྲུན(黄文政)གྱིས་སྔ་ལོའི་སྙན་ཞུ“འཆར་ལྡན་བུ་བཙའི་རྩ་བའི་རྒྱལ་ཇུས་མི་གཡོ་བ”དང་ད་ལོའི་་“འཆར་ལྡན་བུ་བཙའི་དོ་དམ”གྱི་སྙན་ཞུ་གཉིས་ཀྱི་སྔ་ཕྱིའི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་པ་ལས་མི་འབོར་སྲིད་ཇུས་ནི་ཀྲུང་དབྱང་གི་གལ་ཆེའི་ཆོད་དོན་ཞིག་ཡིན་པས་ཧོལ་རྒྱུག་བྱེད་མི་སྲིད་པའི་སྡོམ་ཚིག་ཐོབ་ཡོད་པ་རེད།
  ཙུང་ལི་ལི་ཁེ་ཆང་གིས་བཤད་རྒྱུར“ལུས་ཕུང་བདེ་ཐང་ནི་འཚོ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། རེ་བ་ཡིན་ན་ཚང་མས་སྨན་བཅོས་བྱེད་སྐབས་རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། ང་ཚོས་དཔུང་བ་མཉམ་ཞིབ་ཀྱིས་བདེ་ཐང་ཅན་གྱི་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུར་འབད་འབུངས་བྱེད་དགོས”
  ཐེངས་འདིར་ཙུང་ལི་ལི་ཁེ་ཆང་གིས་བཏོན་པའི“འཆར་ལྡན་བུ་བཙའི་ཞབས་འདེགས་དོ་དམ་གྱི་བསྒྱུར་པཅོས”ལས་ད་ལོར་མི་འབོར་སྲིད་ཇུས་ལ་སྔར་བཞིན་“བསྒྱུར་བཅོས་”ཡོད་སྲིད་པ་གསལ་བཤད་བྱེད་ཐུབ་པ་རེད།
  ཀྲུང་གོའི་སྨན་ཁང་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་ཀྲུང་དབྱི་ཆང(庄一强)གིས་དབྱེ་ཞིབ་བྱེད་རྒྱུར་སྔོན་གྱི་འཕྲོད་བསྟེན་པུའུ་པུའུ་ཀྲང་ཁྲིན་ཀྲུའུ་(陈竺)ཡིས་“བདེ་ཐང་ཀྲུང་གོ”ཞེས་པའི་ཐ་སྙད་བཏོན་མྱོང་བ་དང་། འོན་ཀྱང་དེ་རིང་ནི་ཐེངས་དང་པོར་སྲིད་གཞུང་གི་ལས་དོན་སྙན་ཞུ་རུ་བཅུག་པ་རེད། སྙན་ཞུ་རུ་མི་རེའི་ཆ་སྙོམས་ཀྱི་འཕྲོད་བསྟེན་ཞབས་འདེགས་རོགས་དངུལ་སྒོར ༣༥ ནས ༤༠ རུ་ཇེ་མཐོར་སོང་བ་དང་། ཕལ་ཆེར ༡༤% འཕར་བ་རེད། སྨན་བཅོས་བསྒྱུར་བཅོས་བྱས་ན་མི་དམངས་ཀྱི་འཚོ་བ་དང་སྤྱི་ཚོགས་ལ་བསྒྱུར་བཅོས་བྱས་པ་དང་གཉིས་སུ་མ་མཆིས། ད་སྐབས་སྨན་བཅོས་བསྒྱུར་བཅོས་རྒྱལ་ཡོངས་ནས་གཅིག་གྱུར་གྱིས་ལག་བསྟར་བྱེད་དགོས་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག་སེམས་ཤུགས་གཅིག་སྒྲིལ་གྱིས་ཧུར་ཐག་བྱས་ན་ད་གཟོད་སྨན་བཅོས་བསྒྱུར་བཅོས་ཀྱི་བྱ་བཞག་འདི་ཡར་ངོའི་ཟླ་བཞིན་འཕེལ་སྲིད་དོ།།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག