ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

《སྙིང་སྡུག་ལཊ》བླངས་ནས་མཛེས་མ་ས་གྲཊ་གནམ་གྲཊ་ཆཊ།

2015-03-23 ཟླ་བ།
   སྤེན་པ་བདེ་སྐྱིད་ཀྱིས་བརྗོད་ན་མོ་རང་རྣམ་ཀུན་གཞས་གཏོང་རྒྱུར་དགའ་པོ་ཡོད་ཅིང་ཆེས་དགའ་ཤོས་དེBeyond རོལ་ཚོགས་ཀྱི་གླུ་གཞས་ཡིན་ཟེར། མོས་སྨྲས་པ། “གླུ་དབྱངས་ནི་ཀུན་ཁྱབ་ཡིན་པས་ཚང་མས་བོད་སྐད་མི་གོ་ནའང་གཞས་ཀྱིས་སེམས་སྒུལ་གྱི་རེད། ངས་བརྙན་ཐུང་འདི་འདི་འདྲ་འབར་འགྲོ་བ་ཡིད་ལའང་དྲན་མ་མྱོང་། གཙོ་བོ་དེ་བརྙན་ལེན་སྟངས་གསར་ཉམས་ཚ་པོ་ཡོད་པ་དང་གླུ་གཞས་མ་གཞི་ནས་སྐད་གྲགས་ཆེ་བས་ཡིན་པ་རེད”ཟེར།
སྤེན་པ་བདེ་སྐྱིད་ན་རེ། མུ་མཐུད་ནས་བོད་གཞས་མང་པོ་གཏོང་གི་ཡིན།
   སྤེན་པ་བདེ་སྐྱིད་ནི་བོད་རིགས་མི་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་ཨ་མ་ནི་བོད་ཀྱི་ཟློས་གར་ཚོགས་པའི་ཁོངས་མི་ཡིན་ལ། པ་ལགས་ནི་བོད་སྨན་བཟོ་གྲྭར་ལས་ཀ་བྱེད་ཀྱི་ཡོད། མོས་བརྗོད་པ་ལྟར་ན་ལས་ཞོར་གྱི་དུས་ཚོད་མང་ཙམ་བཏང་སྟེ་བོད་གཞས་སྔར་ལས་མང་བ་ལྷན་རྒྱས་ཀྱི་སྤྱན་སྔར་འབུལ་རྒྱུ་ཡིན་ཟེར།
   སྤེན་པ་བདེ་སྐྱིད།  སྔ་རྟིང་སི་ཁྲོན་ཞིང་ཆེན་གྱི་ཟློས་གར་སློབ་གླིང་གི་ཡན་ལག་སློབ་གྲྭ་དང་བོད་ལྗོངས་སློབ་ཆེན་གྱི་སྒྱུ་རྩལ་སྡེ་ཁག་གི་ཟློས་གར་འཛིན་གྲྭ་ནས་སློབ་སྦྱོང་བྱས་མྱོང་ལ། ད་ལྟ་བོད་ཀྱི་ཟློས་གར་ཚོགས་པའི་ཁོངས་མི་ཡིན།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག