ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དངོས་བཤུས་གློག་བརྙན《ལྷ་སའི་གཞོན་ནུ》བརྙན་ཕབ་བྱས་ཚར།

2015-02-13 མེ་ཆ་གློག་བརྙན།
མི་རེ་ལ་འཚོ་བ་རེ།
འཚོ་བའི་ཀློང་ན་གཏམ་རྒྱུད་རེ།
ཟང་ཟིང་གི་གྲོང་ཁྱེར་ན།
ཤེས་རབ་དང་ངལ་རྩོལ་ལ་བརྟེན་ནས།
གཞོན་ནུ་ཚོས།
འཚོ་བ་དང་མི་ཚེ་ཀློག
  མེ་ཆ་གློག་བརྙན་དང་ཐོན་མི་ལོ་ཙཱ་ལས་ཤག་གིས་ཕབ་བསྐྲུན་བྱས་པའི་དངོས་བཤུས་གློག་བརྙན《ལྷ་སའི་གཞོན་ནུ》ཡི་བརྙན་ཕབ་གོ་རིམ་ད་ལྟ་ཡོངས་སུ་མཇུག་རྫོགས་ཏེ། སྒྲིག་སྦྱོར་གྱི་ལས་ལ་བྲེལ་སྒང་ཡིན། མི་འགྱངས་པར་དྲ་ལམ་བརྒྱུད་དེ་རྣམ་པ་ཚོའི་སྤྱན་ལམ་དུ་ཕུལ་རྩིས་ཡོད་པས། རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན།
  དངོས་བཤུས་གློག་བརྙན་འདིར་བོད་ཁུལ་གྱི་ས་གནས་སོ་སོ་ནས་ལྷ་སར་ཕེབས་པའི་ན་གཞོན་འགའ་ཞིག་གི་ཉིན་གཅིག་གི་འཚོ་བ་དངོས་ཁུངས་སྣེར་བྱས་ཏེ། ཁོ་ཚོའི་རྒྱུན་ལྡན་གྱི་འཚོ་བ་ལས་སྟོད་ཉི་མ་ལྷ་ས་ཞེས་པའི་གྲོང་ཁྱེར་དེ་ནས་འབད་འབུངས་ཀྱི་གོ་རིམ་དང་། གྲོང་ཁྱེར་གྱིས་ཁོ་ཚོར་གནང་བའི་སེམས་ཚོར། དེ་མིན་འཚོ་བ་དང་མི་ཚེའི་ལྟ་སྟངས་སོགས་མངོན་པར་བྱས་ཡོད།
མེ་ཆ་གློག་བརྙན།
ཐོན་མི་ལོ་ཙྭ་ལས་ཤག་གིས།
འབྲེལ་ཡོད་རྩོམ་ཡིག