ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཁོ་རེ་ཡ་ལྷོ་མའི་མི“ཕྲུ་གུ”བཙའ་རྒྱུར་མི་དགའ་བས། སློབ་ཆུང་བདུན་དུ་གསར་ཞུགས་པ་གཅིག་ཀྱང་མ་བྱུང་།

2015-02-11 ཟླ་བ།
  ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ ༢ པའི་ཚེས ༡༡ ཉིན་གྱི་གློག་འཕྲིན། ཁོར་ལྷོའི་སྨྱན་བྱེད་ཁག་གིས་ཚེས ༡༠ ཉིན་བསྒྲགས་པ་ལྟར་ན། ཁོར་ལྷོའི་ཕྲུ་གུ་བཙའ་ཚད་དམའ་བའི་སྣང་ཚུལ་ཇེ་སྡུག་ཏུ་ཕྱིན་ཏེ། ས་ཁུལ་ཁག་ཅིག་ཏུ་སློབ་ཆུང་སློབ་མའི་ཡོང་ཁུངས་མེད་པའི་སྐྱ་ཆད་སྔོ་སྡུག་གི་ཚད་ལ་ལྷུང་ཡོད་པ་རེད།
  ཁོར་ལྷོའི་ཆིན་ཧྲང་ནན་ཏོའི་སློབ་གསོ་ཐིང་གིས་བསྟན་དོན། ས་ཁུལ་འདིར་སློབ་ཆུང ༧ ཡོད་པར་གསར་ཞུགས་པ་གཅིག་ཀྱང་མེད་ཅིང་། ད་ལོར་སློབ་ཕྲུག་གསར་པ་བསྡུ་ཐུབ་པ་བྱུང་ཡོད་པའི་སློབ་ཆུང ༡༦ དང་སློབ་འབྲིང ༡ བཅས་ཁྱོན ༡༧ ཡོད་ལ། ན་ནིང་གི ༨ དང་བསྡུར་ན་ཉིས་འགྱུར་གྱིས་འཕར་ཡོད་པ་རེད། གཞན་ས་ཁུལ་གཞན་གྱི་སློབ་གྲྭས་སློབ་མ་བསྡུ་བའི་གནས་ཚུལ་ཡང་ཡག་པོ་ཡོང་གི་མེད་དེ། ཕྲུ་གུ་བཙའ་དམའ་བ་དེ་རྒྱུ་མཚན་གཙོ་བོ་རེད། ཁོར་ལྷོས་ན་ནིང《༢༠༡༤ ལོའི་བདེ་སྲུང་བདེ་རྩ་སྤྱི་སྡོམ་གྱི་ལོ་འཁོར་སྙན་ཞུ》ལས་མངོན་པ་ལྟར་ན། ༢༠༡༣ ལོར་ཁོར་ལྷོའི་བུད་མེད་དག་གི་སྤྱིའི་ཕྲུ་གུ་བཙའ་ཚད་ནི༡.༡༩ ཡིན་པ་རེད། སྤྱིའི་བཙའ་ཚད་ཟེར་བ་ནི་རྒྱལ་ཁབ་བམ་ཡུལ་གང་གི་བུད་མེད་དག་གིས་སྐྱེ་རན་ལོ་ཚད་ནང་བཙས་པའི་ཕྲུ་གུའི་ཆ་སྙོམས་ཀྱི་གྲངས་ཀ་ལ་ཟེར།
  དེ་ལ་ཁོར་ལྷོ་སྲིད་གཞུང་དང་གྲོང་དམངས་ནས་བཙའ་ཚད་མཐོ་རུ་གཏོང་ཆེད་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་བཏོན་ནས་ཐབས་ཤེས་གང་མང་བྱས་ནའང་། དུས་དེ་རིང་གི་བར། ཕྲུ་གུ་བཙའ་ཚད་དམའ་བ་དེ་ཁོར་ལྷོའི་སྤྱི་ཚོགས་ཀྱི་ཁོང་ནད་ལྟ་བུར་གྱུར་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག