སྐྱོ་བའི་མིག་ཆུ་ཤམ་ཤམ་བཞུར་བཞིན་པའི་ཚུལ།
སྐྱོ་བའི་མིག་ཆུ་ཤམ་ཤམ་བཞུར་བཞིན་པའི་ཚུལ།
འཁྲབ་སྟོན་ལ་གཟིགས་བཞིན་པ།
ཁོར་བྱང་དབུས་གཞུང་བརྙན་འཕྲིན་ཁང་གིས་ཉེ་སྔོན་ཀེམ་ཅོང་ཨན་ན་ནིང་གི་ཟླ ༡༡ པར ༥༦༧ ཆུའི་ཐོན་རྫས་ཁང་ལ་གཟིགས་ཞིབ་བྱས་རྗེས་སྒྱུ་རྩལ་འཁྲབ་སྟོན་ལ་བལྟས་པའི་དངོས་ཞུས་གློག་བརྙན་ཕྱིར་བསྒྲགས་པ་དང་། བརྙན་པར་ལས། ཀེམ་ཅོང་ཨན་མ་གཞི་སྤྲོ་སྣང་ཆེན་པོས་འཁྲབ་སྟོན་ལ་ལྟ་བཞིན་ཡོད་མོད། འཁྲབ་སྟོན་པས“གུས་པར་འོས་པའི་དམག་སྤྱི་ཆེན་མོ་ཚོར(སྒྲིག་མཆན། ཀེམ་རེ་སུང་དང་ཀེམ་ཅོང་རེ་ལ་གོ)ཁོང་ཚོའི་དབུ་ཁྲིད་འོག་གི་ཉ་རིགས་ལེགས་པོ་བྱུང་བ་ལྟ་རུ་འཇུག”ལེན་མཚམས་ལ་སླེབས་དུས། ཀེམ་ཅོང་ཨན་དང་འཁྲིས་ཀྱི་ཧོང་པེན་ཧྲི་སོགས་ཀྱི་མིག་ཆུ་དབང་མེད་བཞུར་བ་མ་ཟད། ཀེམ་ཅོང་ཨན་གྱིས་ལག་རས་བླངས་ནས་མིག་ཆུ་ཕྱིས་ཏེ་སྐྱོ་གདུང་གིས་སེམས་ཡུན་རིང་བདེ་ལ་འབབ་མ་ཐུབ།
ཁོར་ལྷོའི་སྨྱན་བྱེད་ནས་བརྗོད་པ་ལྟར་ན། ཀེམ་ཅོང་ཨན་གྱིས་མི་མང་སར་མཆི་མ་བཏོན་པ་ཐོག་མ་མིན་ཏེ། ༢༠༡༡ ལོའི་ཟླ ༡༢ པར་ཀེམ་ཅོང་རེ་གཤེགས་དུས་གདུང་ཁང་དུ་ཀེམ་ཅོང་ཨན་མིག་ཆུ་ཐེངས་མང་ཤོར་བ་དང་། ཡང ༢༠༡༢ ལོར་ཁོར་བྱང་མི་དམངས་དམག་བཙུགས་རྗེས་དྲན་སྐབས། ཀེམ་ཅོང་ཨན་གྱིས་ཀེམ་ཅོང་རེའི་འདྲ་པར་ལ་ལྟ་བཞིན་མིག་ཆུ་ཤོར། ༢༠༡༤ ལོའི་ཟླ ༦ ཀེམ་ཅོང་ཨན་གྱིས་ཝན་ཅིན་ཐེ་གསར་བརྗེ་སློབ་གླིང་དུ་གཟིགས་ཞིབ་སྐབས། སློབ་ཕྲུག་ཚོས“ཨ་ཕ”ཞེས་འབོད་དུས་ཀྱང་མིག་ཆུ་ཤོར་བ་རེད།(རྩོམ་འགན་པ། རྟ་མགྲིན)