ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ད་ལོའི་དམག་གཟིགས་ཆེན་མོས་ཉི་ཧོང་ཟིལ་གྱིས་གནོན་ཞེས་གཞུང་ཕྱོཊ་སྨྱན་སྦྱོར་ནས་འགྲེལ་བརྗོད་གནང་འདུག

2015-01-29 བཀྲ་རྒྱལ།
༢༠༠༩ ལོའི་དམག་གཟིགས་ཆེན་མོ།
དམག་གཟིགས་ཆེན་མོ་གནང་པ་དེས་ཉི་ཧོང་ལ་འཇིགས་སྣང་སྐྱེད་སྲིད།
  ཟླ ༡ པོའི་ཚེས ༢༤ ཉིན། མི་དམངས་དྲ་བའི་སྐད་འཕྲིན་དུ་མིང་ལ“ཀྲན་ཧའོ”འབོད་པའི་རྩོམ་པ་པོའི་འགྲེལ་བརྗོད་བརྩམས་ཆོས་སུ་ཀྲུང་གོས་ད་ལོར་ཅིའི་ཕྱིར་དམག་གཟིགས་མཛད་སྒོ་ཆེན་མོ་སྤེལ་བ་རེད་ཅེས་བཀོད་འདུག འདི་ནི་གཞུང་ཕྱོགས་སྨྱན་སྦྱོར་གྱིས་ད་ལོར་དམིགས་གཟིགས་མཛད་སྒོ་ཆེན་མི་སྤེལ་རྒྱུ་ཡིན་པར་ཐོག་མར་དངོས་སུ་ངོས་འཛིན་བྱས་པ་རེད། གཤམ་ནི་བརྩམས་ཆོས་ཀྱི་ནང་དོན་ཆ་ཚང་སྟེ།
  དེ་སྔོན་ཉི་ཧོང་སྨྱན་སྦྱོར་གྱིས་ཀྲུང་གོས་ཧྥ་ཤི་སིའི་དམག་འཁྲུལ་ལ་རྒྱལ་ཁ་ཐོབ་ནས་ལོ ༧༠ འཁོར་བའི་རྗེས་དྲན་ཉིན་མོའི་སྐབས་དམགས་གཟིགས་མཛད་སྒོ་ཆེན་མོ་སྤེལ་རྒྱུ་རེད་ཅེས་བཀོད་འདུག བཤད་རྒྱུན་ལ་སྐབས་དེར་ཀུན་གྱིས་ཡིད་ཆེས་དང་ཐེ་ཚོམ་གྱི་བློ་ཉིས་ཚེ་སྐྱེས་འདུག དེ་ཡང་རང་རྒྱལ་གྱིས༡༩༤༩ལོ་ནས ༡༩༥༩ ལོའི་བར་ལོ་རེར་རྒྱལ་སྟོན་སྐབས་དམག་གཟིགས་མཛད་སྒོ་སྤེལ་བ་དང་། ༡༩༦༠ ལོའི་ཟླ ༩ པར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྲི་ཚགས་གྲོན་ཆུང་དང་། བརྩོན་བསྲིས་རྒྱལ་བཙུགས་ཀྱི་བྱེད་ཐབས་གཞིར་བཟུང་ནས་རྒྱལ་སྟོན་མཛད་སྒོའི་ལམ་ལུགས་ལ་བཅོས་སྒྱུར་བྱེད་པ་ཐག་བཅད་དེ། “ལོ་ལྔ་རེའི་ནང་མཛད་སྒོ་ཆུང་བ་བསྡུ་བ་དང་། ལོ་བཅུ་རེའི་ནང་མཛད་སྒོ་གཟབ་རྒྱས་བསྡུ་བ། ལོ་བཅུ་བའི་མཛད་སྒོའི་སྐབས་དམགས་གཟིགས་མཛད་སྒོ་སྤེལ་བ”ལག་བསྟར་གནང་པ་དང་། ༡༩༦༤ ལོར་རྒྱལ་སྲུང་པུའུ་ཡིས་བསྒྲགས་པའི་དམག་དཔུང་གི་སྒྲིག་སྲོལ་བཀའ་རྒྱའི་ཁྲོད་ཐོག་མར་དམག་གཟིགས་མཛད་སྒོའི་དོན་ཚན་བྱུང་རེད། དེའི་རྗེས་སུ། “རིག་གནས་གསར་བརྗེ་ཆེན་མོ”དང་བཅས་པའི་བགེགས་ཅི་རིགས་ཀྱི་དབང་གིས་ཀྲུང་གོས་བསྟུད་མར་ལོ་ངོ ༢༤ ཡི་རིང་རྒྱལ་སྟོན་དམག་གཟིགས་སྤེལ་མྱོང་མེད། ༡༩༨༡ ལོར་ཏིང་ཞའོ་ཕིང་གིས་གྲོས་འགོ་བཏོན་པ་ལྟར། ཀྲུང་གུང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད་ཀྱིས་དམག་གཟིགས་མཛད་སྒོ་བསྐྱར་གསོ་བྱེད་རྒྱུར་ཐག་བཅད་པ་མ་ཟད། ༡༩༨༤ ལོའི་རྒྱལ་སྟོན་ལོ ༣༥ འཁོར་བའི་དུས་དང་བསྟུན་བསྐྱར་སོན་རྗེས་ཀྱི་རྒྱལ་སྟོན་དམག་གཟིགས་ཐེངས་དང་པོ་སྤེལ། དེའི་རྗེས་ནས་བཟུང་དེ་སྔའི་ལོ་བཅུའི་རིང་ཐེངས་གཅིག་གི་དམག་གཟིགས་སྲོལ་རྒྱུན་རྒྱུན་བསྐྱངས་པ་རེད། ༡༩༩༩ལོའི་རྒྱལ་ཁབ་བཙུགས་ནས་ལོ༥༠འཁོར་བའི་དམག་གཟིགས་མཛད་སྒོ་ཐེངས་གཅིག་སྤེལ་བ་དང་། ༢༠༠༩ལོར་རྒྱལ་ཁབ་བཙུགས་ནས་ལོ༦༠འཁོར་བའི་དམག་གཟིགས་མཛད་སྒོ་ཐེངས་གཅིག་སྤེལ། གལ་ཏེ་ལོ་ངོ་བཅུའི་རིང་ཐེངས་གཅིག་གི་དམག་གཟིགས་གོམས་སྲོལ་ལྟར་གཞིགས་ན། ཐེངས་རྗེས་མའི་དམག་གཟིགས་མཛད་སྒོ་ནི༢༠༡༩ལོར་འཁེལ་ཡོད་པ་རེད། དེ་བས། དེང་ཐོག་ཕྱི་ཕྱོགས་སྨྱན་སྦྱོར་གྱི་གཏམ་ཡན་དེ་དག་གྱར་དུས་རྩོམ་པ་པོར་ཐེ་ཚོམ་ཆེན་པོ་ཡོད།
  མཇུག་མཐར། ཆ་འཕྲིན་དེ་པེ་ཅིང་གི“ཚོགས་ཆེན་གཉིས”སྟེང་གསལ་ཐག་ཆོད་པ་རེད། ཤང་ཀང་གི་སྨྱན་སྦྱོར་གྱིས་ཟླ ༡ པོའི་ཚེས ༢༤ ཉིན་བཀོད་པ་ལྟར་ན། པེ་ཅིང་གི“ཚོགས་ཆེན་གཉིས”འཚོགས་དུས་ཚེས ༢༢ ཉིན་གྱི་དགོང་མོའི་སྲིད་དོན་བློ་འདྲིའི་ཚོགས་འདུའི་སྟེང་། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཟུར་པ། པེ་ཅིང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཧྥུ་ཀྲིང་ཧྭ་ཡིས་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ཆེན་མོར་རྒྱལ་ཁ་ཐོབ་ནས་ལོ ༧༠ འཁོར་བར་རྗེས་དྲན་གྱི་དམག་གཟིགས་མཛད་སྒོ་ཆེན་མོ་པེ་ཅིང་ནས་སྤེལ་རྒྱུ་ཡིན་ཞེས་བསྟན། གསར་ལམ་དུ་བཀོད་པར་གཞིགས་ན། འདི་ནི་ཕྱི་རྒྱལ་གྱི་དབུ་ཁྲིད་དམག་གཟིགས་མཛད་སྒོར་ཐོག་མར་ཞུགས་པ་རེད། ཀྲུང་གོའི་ཕྱོགས་ནས་དེ་སྔོན ཀྲུང་གོ་དང་ཨུ་རུ་སུའི་འགོ་ཁྲིད་ཕྱོགས་གཉིས་ཀའི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ཆེན་མོར་རྒྱལ་ཁ་ཐོབ་ནས་ལོ༧༠འཁོར་བའི་རྗེས་དྲན་བྱེད་སྒོར་ཞུགས་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་བ་ལྟར་ན།ཐེངས་འདིའི་དམག་གཟིགས་མཛད་སྒོར་ཕི་ཅིང་ཞུགས་རྒྱུ་ཡིན་ཚོད་རེད།
  སྔོན་ཆད་ཀྱི་དམག་གཟིགས་ཆེན་མོའི་གོམས་སྲོལ་ལྟར་ན། རེབ་འདིའི་དམག་གཟིགས་མཛད་སྒོ་ཆེན་མོ་ནི་སྐབས་འཕྲལ་བཀོད་སྒྲིག་བྱས་པ་ཞིག་གམ་དམག་གཟིགས་ཀྱི་འབྲེལ་ཡོད་ལམ་ལུགས་ལ་འགྱུར་བ་ཅུང་བཏང་པ་ཞིག་ཡིན་ཡང་སྲིད་མོད། གང་ལྟར་རུང་། འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ནས་རྒྱལ་སྟོན་མ་ཡིན་པའི་དུས་སུ་སྤེལ་བའི་དམག་གཟིགས་མཛད་སྒོ་ཆེན་མོ་ཞིག་ཡིན་ཙང་། དེར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་དང་ཆབ་སྲིད་ཀྱི་དོན་སྙིང་ཡང་གལ་ཆེན་ལྡན།
  འོ་ན། ༢༠༡༥ལོའི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ཆེན་མོར་རྒྱལ་ཁ་ཐོབ་ནས་ལོ༧༠འཁོར་བར་རྗེས་དྲན་གྱི་སྐབས་སུ་དམག་གཟིགས་མཛད་སྒོ་རྒྱ་ཆེན་འདི་འདྲ་བསྡུ་དོན་དང་། འདིའི་རྒྱབ་ཀྱི་ཆབ་སྲིད་ཀྱི་དོན་སྙིང་ག་འདྲ་ཡིན་ནམ་ཞེ་ན། རྩོམ་པ་པོའི་ངོས་ནས་དམིགས་ཡུལ་ཆེན་པོ་བཞི་ཡོད་པར་འདོད།

གཅིག ཀྲུང་གོའི་དམག་སྟོབས་ཕྱིར་ངོམ་པ།
  དམག་དོན་སྟོབས་ཤུགས་ནི་དེང་རབས་རྒྱལ་ཁབ་འགྲན་རྩོད་ཀྱི་ཆེས་མཇུག་མཐའི་སྟོབས་ཤུགས་སྲ་ཞིང་མཁྲེགས་པ་དེ་རེད། རྒྱལ་ཁབ་ཡོངས་ཀྱི་འགྲན་རྩོ་དང་། དཔལ་འབྱོར་འགྲན་རྩོད་བཅས་ལ་མཇུག་མཐར་དམག་དོན་སྟོབས་ཤུགས་ཀྱི་གཞོགས་འདེགས་མཛད་དགོས་ཤིང་། དེ་ལྟར་མིན་ཚེ་རྒྱལ་ཁབ་ཆེན་པོ་དག་གི་འགྲན་ཡར་མི་ཡོང་པས། རྒྱལ་ཁབ་ཆེན་པོ་དག་འགྲན་བསྡུར་ཁྲོད་ཀྱི་འཁྲབ་རོགས་ཙམ་དུ་གྱུར་འགྲོ་གི་རེད།
  མིག་སྔར། རྒྱལ་ཁབ་ཆེན་མོ་དག་གི་འགྲན་བསྡུར་གཏིང་ཟབ་སར་སླེབས་ཡོད་པས། རྒྱལ་ཁབ་ཆེན་མོ་ཁག་དབར་གྱི་འོས་མེད་མཐུན་ཐབས་དང་སྡོད་གནས་སྤྲོད་པའི་བར་སྟོང་སྔར་ལས་ཆུང་ནས་ཆུང་དུ་འགྱུར་པ་སྟེ། དེ་ཡང་རྒྱལ་སྤྱིའི་དོན་དག་ཞིབ་ཕྲ་ཨ་མེ་རི་ཁ་དང་ཨུ་རུ་སི། ཡོ་རོབ་དང་ཨུ་རུ་སི་བཅས་ཀྱིས་ཝུ་ཁུ་ལན་གནད་དོན་ཐད་སོ་སོས་དམ་བཅའ་མ་བརྩིས་པ་ལྟ་བུ་དང་། དངུལ་རྩའི་འཐབ་རྩོད་རིམ་པའི་རྒྱལ་ཁབ་ཁག་དབར་ཕན་ཚུན་ལ་ཁས་ལེན་མི་སྟེར་བ་སོགས་ལྟ་བུ་ལས་མངོན་ཡོང་། རྒྱལ་ལྗོངས་འདི་འདྲའི་འོག འཛམ་གླིང་འགྱིག་གཞོང་གི་འགྱིག་མཁན་གཙོ་བོ་ཞིག་ཡིན་པའི་ཆ་ནས་དམག་དོན་སྟོབས་ཤུགས་ཕྱིན་ངོམ་པའི་དུས་སུ་སླེབས་ཡོད་པ་རེད།
  དམག་གཟིགས་མཛད་སྒོ་བརྒྱུད། རང་རྒྱལ་གྱིས་་མི་དམངས་བཅིང་འགྲོལ་དམག་གི་གཟི་བརྗིད་དང་རྣམ་པ། སེམས་ཤུགས་བཅས་འཛམ་གླིང་དུ་ངོམ་ཐུབ་ཅིང་། ཀྲུང་གོའི་དམག་དོན་སྒྲིག་ཆས་སྟོབས་ཤུགས་ཀྱང་ཕྱིར་ངོམ་ཐུབ། སྲ་མཁྲེགས་ཀྱི་སྟོབས་ཤུགས་འདི་དག་ལྡན་པ་ཡིན་ན། ད་གཟོད་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་འགྲན་ཡའི་བློ་སེལ་ནས་འབྲེལ་འདྲིས་ཕྱོགས་ཀྱིས་སེམས་བརྟན་པོས་ངང་ང་ཚོའི་རྗེས་སུ་ཞུགས་པ་དང་། འཐབ་ཇུས་འགྲན་བསྡུར་སྐབས་གནས་བབ་རང་ཕྱོགས་ལ་དེ་ལས་ཀྱང་ཕན་པའི་ཕྱོགས་སུ་འཕེལ་རྒྱས་འབྱུང་པས། རེབ་འདིར་བསྟུན་ནས་འགྲེམས་སྟོན་གནང་པ་དེར་དོན་སྙིང་ཡང་གཞན་དང་མི་མཚུངས་པ་ལྡན་པ་རེད།

གཉིས། ཉི་ཧོང་ལ་འཇིགས་སྣང་སྐྱེད་པ་དང་་འཛམ་གླིང་ལ་ཀྲུང་གོས་དམག་འཁྲུག་རྗེས་ཀྱི་འཛམ་གླིང་གོ་རིམ་རྒྱུན་འཁྱོངས་བྱེད་འདོད་ཀྱི་ཆོད་སེམས་བརྟན་པོ་བསྒྲགས་པ།
   ལོ་འདི་འགར། ཨ་རི་བསྐྱར་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོར་ཕྱིར་སླེབས་ནས་ཀྲུང་གོའི་འཐབ་ཇུས་བཀག་འགོག་བཟོ་བའི་རོགས་འདེགས་འོག ཉི་ཧོང་གིས་ཀྲུང་གོའི་ཕྱོགས་སྔར་བས་སྨྱོ་ཧམ་ཆེན་པོར་གྱུར་འདུག ཀྲུང་གོའི་ས་ཁོངས་ཀྱི་ཏའོ་ཡིས་གླིང་ཕྲན“རྒྱལ་ཁབ་ཅན་དུ་བསྒྱུར་པ”མ་ཟད། ལོ་རྒྱུས་ངོས་ལེན་མི་བྱེད་པ་དང་། ཀྲུང་གོ་བཙན་འཛུལ་བྱས་པ་ངོས་ལེན་མི་བྱེད་པའི་གཡོ་ཇུས་བཅིངས་ནས་དམག་རྒྱལ་རིང་ལུགས་ཀྱི་ལམ་ཁར་བསྐྱར་དུ་ཞུགས་འདོད་ཀྱི་སྣང་ཚུལ་མང་པོ་མཐོང་ཡོང་། ཨ་རའི་ཕྱོགས་ནས་ཉི་ཧོང་གི་སྨྱོ་ཧམ་ཆེ་བའི་བྱེད་སྤྱོད་ལ་ཁས་ལེན་དང་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་བསྟན་པ་དང་། ཐ་ན་ཉི་ཧོང་ཕྱོགས་ལ་རོགས་སྐྱོར་གྱི་གཅིག་འདུས་རང་སྲུང་དབང་ཆ་ཀློད་པར་བྱས། གལ་ཏེ་གནས་ཚུལ་ལ་འགྱུར་བ་མ་བྱུང་ཚེ། ལས་རིམ་རྗེས་མར་ཉི་ཧོང་ཕྱོགས་ནས་ཞི་བདེ་རྩ་ཁྲིམས་ལ་སྔར་བས་འགྱུར་བཅོས་བཏང་ནས་རྒྱལ་ཁབ་རྒྱུན་ལྡན་ཅན་ལ་སྐུལ་འདེད་གནང་རྒྱུ་རེད།
   བྱེད་སྤྱོད་འདི་དག་ལས་ཉི་ཧོང་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་གོ་རིམ་མགོ་རྟོང་སློག་འདོད་པ་དང་། ཉི་ཧོང་གི་དམག་འཁྲུག་ཕམ་པའི་རྒྱལ་སྤྱིའི་གོ་རིམ་ལ་འགྱུར་བ་གཏོང་འདོད་པ་མཚོན།
  སྨྱོ་ཧམ་ཆེ་བའི་འཆར་གཞི་འདི་རིགས་ཇི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན། དེ་ནི་རང་གི་དམག་དོན་སྟོབས་ཤུགས་ཕྱིར་ངོམ་ནས་ཉི་ཧོང་ཕྱོགས་ལ་ཀྲུང་གོའི་རྣམ་འགྱུར་དང་ཆོད་སེམས་རྟོགས་པར་བྱེད་པ་ལས་མ་འདས་ཤིང་། ཉི་ཧོང་ཕྱོགས་ལ་ཀྲུང་གོའི་དམག་འཁྲུག་རྗེས་ཀྱི་གོ་རིམ་དང་འབྲེལ་བའི་ལས་དོན་ཅི་རིགས་ལ་འགྱུར་བ་གཏན་ནས་བཟོས་མི་ཆོག་པ་དང་། གང་གིས་ཀྲུང་གོའི་དམག་འཁྲུག་རྗེས་ཀྱི་གོ་རིམ་ལ་འགྲན་སློང་པ་ཡིན་ན། དེས་ཀྲུང་གོའི་ལྟེ་བའི་ཁེ་ཕན་སྒུལ་བ་ཡིན་པ་དང། དེ་ནི་ཀྲུང་གོའི་དགྲ་ཡ་ཡིན་པ། གང་དེས་ཀྲུང་གོའི་རྒོལ་ལན་དྲག་པོ་དང་ལེན་བྱེད་པར་གྲ་སྒྲིག་བྱེད་དགོས་པ་བཅས་རྟོགས་པ་བྱེད་དགོས།
   སྐབས་འདིར་དམག་གཟིགས་མཛད་སྒོ་ཆེན་མོ་སྤེལ་བ་ནི་ཀྲུང་གོས་ཉི་ཧོང་ལ་ཀྲུང་གོར་སྟོབས་ཤུགས་དེ་འདྲ་ལྡན་པ་ཕྱིར་ངོམ་ཆེད་ཡིན་ལ། ཉི་ཧོང་གིས་དམག་འཁྲུག་རྗེས་ཀྱི་ཀྲུང་གོའི་གོ་རིམ་སྐོར་ལ་གཏན་ནས་འགྲན་སློང་དུ་མི་འཇུག་པ་མཚོན།

གསུམ། རྒྱལ་དམངས་ལ་རང་དམག་གི་དམག་མིའི་གཟི་བརྗིད་དང་། རྣམ་པ། སེམས་ཤུགས། སྒྲིག་ཆས་བཅས་ངོམ་ནས་རྒྱལ་དམངས་ཀྱི་སེམས་ཤུགས་གཅིག་སྒྲིལ་དང་་། རང་རློམ་ཡིད་ཆེས་མཐོ་རུ་བསྐྱེད་པ།
   རུལ་རྒོལ་ལོ་གཉིས་ལྷག་རིང་གྲུབ་འབྲས་གྱ་ནོམ་པ་ལོན་ཡོད་པ་དང་། སྤྱོད་ལམ་དག་ཐེར་བྱས་པའི་ལོ་ངོ་གཉིས་ལྷག་རིང་གྲུབ་འབྲས་མངོན་གསལ་ལོན་ཡོད། འདས་པའི་ལོ་ངོ་གཉིས་གསུམ་རིང་། རྒྱལ་ཁབ་ཀྱི་རྣམ་པར་འགྱུར་ལྡོག་གསར་པ་བྱུང་ཡོད་ཅིང་། མང་ཚོགས་ཀྱིས་སྲིད་གཞུང་གི་ཡིད་ཆེས་ཀྱང་སྔར་བས་མཐོ་རུ་ཆགས་འདུག རྒྱལབ་ལྗོངས་འདི་འདྲའི་འོག མི་སམས་སྐུལ་བའི་དོན་དག་དོ་སྣང་བྱས་པ་བརྒྱུད་རྒྱལ་དམངས་ཀྱི་སེམས་ཤུགས་གཅིག་སྒྲིལ་བཏང་ནས་རང་རློམ་ཡིད་ཆེས་ཇེ་མཐོར་གཏོང་དགོས། ་མང་ཚོགས་ཀྱིས་ཆེད་ལས་ཀྱི་དམག་དོན་ཤེས་བྱར་གསལ་ཆ་མེད་མོད་ཚང་མས་དམག་གཟིགས་མཛད་སྒོ་ཆེན་མོར་བལྟ་འདོད་ཤིན་ཏུ་ཆེ། དམག་གཟིགས་ཀྱི་མཛད་སྒོ་ལས་རྒྱལ་སྲུང་ཁྱིམ་སྲུང་གི་སྔོན་ཐོན་སྒྲིག་ཆས་དང་སྒྲིག་ཁྲིམས་དམ་ནན་གྱི་དམག་དཔུང་མཐོང་ཐུབ། དམག་དཔུང་འདི་འདྲ་ཞིག་ཡོད་པར་བྱས་ནས་རང་བཞིན་གྱིས་ཡིད་ཆེས་ཇེ་བརྟན་དུ་གྱུར་འགྲོ་བ་རེད། སྐབས་འདིར་དམག་གཟིགས་ཆེན་མོས་མཛད་སྒོ་སྤེལ་བ་དེས་དམག་མའི་གཟི་བརྗིད་དང་། རྣམ་པ། སེམས་ཤུགས། སྒྲིག་ཆས་འགྲེམ་སྟོན་བྱས་པ་ན་རྒྱལ་དམངས་ཀྱི་རང་རློམ་ཡིད་ཆེས་སྔར་བས་མཐོ་རུ་ཆགས་ནས། རྒྱལ་དམངས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཆོད་སེམས་ཀྱང་མཐོ་རུ་སྐྱེད་སྲིད་པ་རེད། ཀྲུང་གོས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་སྤེལ་བ་དང་། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཀྱི་སྐབས་འདིར། རྒྱལ་ཁབ་ཀྱི་ཆོད་སེམས་དང་རང་རློམ་ཡིད་ཆེས་ནི་གལ་ཆེན་པོ་ཆགས་ཡོད་པ་རེད།
  རུལ་སུངས་པ་རྣམས་ལ་སྒྲིག་བཤེར་དང་སྲིད་ཁྲིམས་མ་ལག་གཉིས་ཞེས་པའི་རལ་གྲི་རྣོན་པོ་གཉིས་ལས་གཞན། བཅིངས་འགྲོལ་དམག་མིའི་རལ་གྲི་རྣོན་པོ་འདི་ཡང་ཏང་དང་རྒྱལ་ཁབ་ཀྱི་ལག་ཏུ་དམ་པོར་འཆངས་ཡོད་པ་ངོམ་པ།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་སྔོན་རྒྱལ་ཡོངས་སྲིད་ཁྲིམས་ལས་དོན་ཚོགས་འདུའི་སྟེང་། “ཏང་ལ་བློ་དཀར་པ། རྒྱལ་ཁབ་ལ་བློ་དཀར་པ། མི་དམངས་ལ་བློ་དཀར་པ། ཁྲིམས་ལུགས་བློ་དཀར་པའི་སྲིད་ཁྲིམས་དཔུང་སྡེ་ཞིག་སྐྱེད་བསྲིང་བྱས་ནས། རལ་གྲི་རྣོན་པོ་དེ་ཏང་དང་མི་དམངས་ཀྱི་ལག་ཏུ་དམ་འཛིན་བྱེད་པར་ཁག་ཐེག་བྱེད་དགོས”ཞེས་གསུངས། སྲིད་ཁྲིམས་མ་ལག་དང་། དམག་སྡེ་མ་ལག་ནི་ངོ་བོའི་སྟེང་རལ་གྲི་རྣོན་པོ་ཞིག་ཡིན་ལ། རལ་གྲི་འདིས་མི་དམངས་ལ་ཞབས་ཞུ་བློ་དཀར་གནང་དགོས། མི་དམངས་དམག་དཔུང་ཞེས་པའི་རལ་གྲི་རྣོན་པོ་འདི་རྒྱལ་ཁབ་བདེ་འཇགས་ཀྱི་གནས་བབ་ཧྲིལ་བོར་དམ་དུ་འབྲེལ་ཡོད་ཅིང་། དེ་ལས་ཀྱང་ཏང་དང་མི་དམངས་ཀྱི་ལག་ཏུ་དམ་པོར་འཆང་དགོས། དེ་ལྟར་བྱས་ན་ད་གཟོད་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་པ་དང་། ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་གནས་བབ་ཧྲིལ་པོ་སྒུལ་མི་ནུས་སོ། །
   སྒྲིག་བཤེར་ཞེས་པའི་ཏང་གི་རལ་གྲི་རྣོན་པོ་དང་། སྲིད་ཁྲིམས་སྡེ་ཁག་དང་དམག་དཔུང་ཞེས་པའི་རྒྱལ་ཁབ་ཀྱི་རལ་གྲི་རྣོན་པོ་འདི་གཉིས་ཡོད་ཚེ། དེ་གསུམ་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་ན། ་ད་གཟོད་རྒྱལ་ཁབ་ཀྱི་བདེ་འཇགས་ཧྲིལ་པོ་བརྟན་འཇགས་བཏང་ནས་རྒྱལ་ཁབ་ཀྱི་སྲིན་འབུའི་རིགས་མེད་པར་གཞོམ་ནུས་པ་དང་། རུལ་སུངས་དཔོན་ངན་རིགས་ལ་འཇིགས་སྣང་སྐྱེད་ཐུབ་པ་དང་། ད་གཟོད་རྒྱལ་ཁབ་ཀྱི་ཡུན་རིང་བརྟན་བརླིང་སྲུང་སྐྱོབ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་ཐུབ།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག