ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལས་ཁུངས་ཀྱི་སྒྲིག་ལམ་དང་སྤྱོད་ཚུལ་ནན་དུ་གཏོང་རྒྱུའི་གཏན་འབེབས》ལ་གྲོས་ཞིབ་གྲོས་འཆམ་བྱས་ནས་སྒྲིག་ལམ་དང་སྤྱོད་ཚུལ་ནན་དུ་གཏོང་རྒྱུའི“བཀག་རྒྱ་དོན་ཚན་15”བཏོན་པ་རེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཚའོ་ཅན་མིང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སློབ་གསོ་གཟབ་ནན་དང་། དོ་དམ་གཟབ་ནན། ལྟ་སྐུལ་གཟབ་ནན་བཅས་དེ་ལས་ཁུངས་ཀྱི་ལས་བྱེད་པར་དོ་དམ་བྱེད་པའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས་སྒྲིག་ལམ་གྱི་ལྡོག་མེད་ཚོད་འཛིན་ཆེ་རུ་གཏོང་བ་དང་སྒྲིག་ལམ་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་སྟེ་སྒྲིག་ལམ་ནི་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ཀྱིས་ནན་སྲུང་བྱེད་དགོས་པའི་དམར་ཐིག་ཅིག་ལ་དངོས་གནས་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཏན་འབེབས་ནང་སྒྲིག་ལམ་དང་སྤྱོད་ཚུལ་ཐད་ཀྱི་འབྲེལ་ཡོད་བླང་བྱ་བསྐྱར་བསྒྲགས་བྱས་པའི་རྨང་གཞིའི་ཐོག་ཆབ་སྲིད་སྒྲིག་ལམ་གྱི་སྤྱོད་ཚུལ་དང་། གྱོད་སྒྲུབ་སྒྲིག་ལམ་གྱི་སྤྱོད་ཚུལ། ལས་ཀའི་སྒྲིག་ལམ་གྱི་སྤྱོད་ཚུལ། འཚོ་བའི་སྒྲིག་ལམ་གྱི་སྤྱོད་ཚུལ། སྲིད་གཙང་སྒྲིག་ལམ་གྱི་སྤྱོད་ཚུལ་སོགས་ཐད་བཀག་འགོག་རང་བཞིན་གྱི་བླང་བྱ་བཏོན་པ་རེད། དཔེར་ན་གཏན་འབེབས་ནང་ཞིབ་དཔྱོད་དཔོན་གཞན་དང་མི་དམངས་ཞིབ་དཔྱོད་ཁང་གཞན་ནམ་ཡང་ན་ཁྲིམས་འཛིན་ལས་ཁུངས་གཞན་གྱིས་བདག་སྤྲོད་བྱེད་བཞིན་ཡོད་པའི་གྱོད་གཞི་གཏན་འབེབས་ལས་བརྒལ་ནས་འདྲི་རྩད་དང་ཐེ་གཏོགས་བྱེད་པ་དང་། གྱོད་གཞིའི་དོ་བདག་ལ་ངོ་ཆེན་ཞུ་རྒྱུ་གཏན་འགོག་དང་། གྱོད་གཞིའི་དོ་བདག་གམ་ཡང་ན་དག་འབུད་པ་དང་། ལས་ཚབ་པ། ཞུ་གཏུག་པ། གཉེན་གྲོགས་བཅས་དང་དེ་བཞིན་དམིགས་བཙུགས་ཀྱི་གནོད་འཚེའི་འབྲེལ་བ་ཡོད་མི་རང་དགར་དུ་ཐུག་རྒྱུ་གཏན་འགོགགཏན་འབེབས་ལས་བརྒལ་ནས་གྱོད་གཞིའི་དོ་བདག་ལ་དམིགས་བཙུགས་ཀྱི་ཁྲིམས་རྩོད་པ་རང་སོ་སོས་བདག་སྤྲོད་བྱེད་བཞིན་ཡོད་པའི་གྱོད་གཞིའི་ཞུ་གཏུག་ལས་ཚབ་པ་དང་དག་འབུད་པ་འོས་སྦྱོར་བྱེད་པའམ་ཡང་ན་དོ་བདག་ལ་ཁྲིམས་རྩོད་པ་བརྗེ་རྒྱུའི་བླང་བྱའམ་ཡང་ན་བརྡ་འདོན་རྒྱུ་གཏན་འགོག་བཅས་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད་པ་རེད། (རྩོམ་འགན་པ། རྟ་མགྲིན)