ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མཚོ་སྔོན་དུ་དུས་རབས་གོང་མའི་ལོ་རབས 90 ཚུན་གྱི་ས་མཐོའི་འདམ་ཉའི་རིགས་ཀྱི་དངོས་རིགས་གསར་དུ་རྙེད།

2015-01-28
  ཉེ་ཆར་གསར་འགོད་པར་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་དུ་ས་མཐོའི་འདམ་ཉའི་རིགས་ཀྱི་དངོས་རིགས་གསར་པ་སྟེ་ཆུ་ལེན་གྱི་ས་མཐོའི་འདམ་ཉ་རྙེད་པ་དེ་ནི་མཚོ་སྔོན་དུ་དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་ས་མཐོའི་འདམ་ཉའི་རིགས་ཀྱི་དངོས་རིགས་གསར་པ་ཐེངས་དང་པོ་རྙེད་སྟབས་མཚོ་སྔོན་དུ་ས་མཐོའི་འདམ་ཉའི་རིགས་23ཟིན་ཡོད།
   ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་འབུམ་རམས་ཞིབ་འཇུག་སློབ་མ་ལི་ཝུན་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཚོལ་བསྡུ་བྱེད་ས་མཚོ་བྱང་ཀྲོའུ་ཆུ་ལེན་རྫོང་རྫ་དམར་ཤང་དུ་གནས་པར་བརྟེན་གསར་རྙེད་བྱུང་བའི་དངོས་རིགས་དེར་ཆུ་ལེན་ས་མཐོའི་འདམ་ཉ་ཞེས་མིང་བཏགས་པ་རེད། ས་མཐོའི་འདམ་ཉའི་རིགས་ཀྱི་ཤེས་རྟོགས་བྱུང་བའི་དངོས་རིགས་དང་བསྡུར་ན་ཆུ་ལེན་གྱི་ས་མཐོའི་འདམ་ཉའི་མགོ་བོ་ཆུང་བ་དང་ཉ་རྐྱལ་རྦད་དེ་ཉམས་པ་དང་རྒྱུ་མ་ཧ་ཅང་ཐུང་བ་ཞིག་ཡོད་པ་རེད། དེའི་དཔྲལ་པ་འབུར་དུ་ཐོན་པ་དང་། གཤོག་པ་མཇུག་མ་ཁ་དབྲག་ཡིན་པ། པ་ལྡེང་ཆུ་རྒྱུག་ཁུལ་གྱི་ཤེས་ཟིན་པའི་ས་མཐོའི་འདམ་ཉའི་རིགས་ཀྱི་དངོས་རིགས་དང་མི་འདྲ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་སོགས་རེད། མཚོ་བོད་ས་མཐོ་དང་དེའི་མཐའ་འཁོར་ས་ཁུལ་དུ་ཆུ་རྒྱུད་མང་ཙམ་ཡོད་པ་དང་། ཆུ་བོ་མང་བ། ཆུ་བོ་འགའ་ཞིག་ལ་ད་དུང་ནང་རྒྱུག་ཆུ་རྒྱུད་ཡོད་པ། ཆུ་ཆེན་གྱེས་པ་དང་ནང་རྒྱུག་ཆུ་རྒྱུད་སོགས་ལས་ཐོན་པའི་གྱེས་ནུས་ནི་ས་མཐོའི་འདམ་ཉ་ལོགས་སུ་གྱེས་པའི་ཆ་རྐྱེན་གལ་ཆེན་ཞིག་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ས་མཐོའི་འདམ་ཉ་ནི་མཚོ་བོད་ས་མཐོའི་ཉའི་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེ་གཙོ་བོ་མཚོ་བོད་ས་མཐོ་དང་དེའི་མཐའ་འཁོར་ས་ཁུལ་དུ་ཁྱབ་པ་དང་ད་བར་སྣ་ཁ་120ལྷག་ཙམ་ཡོད་པའི་སྐོར་བཤད་པ་དེའི་ནང་ནས་དངོས་རིགས་ཕྱེད་ཀ་ཙམ་ནི་ཉེ་བའི་ལོ་སུམ་ཅུའི་ནང་ཤེས་པ་ཞིག་རེད། ད་ཕན་ལོ་ཤས་རིང་རང་རྒྱལ་གྱི་ཡུན་ནན་དང་། ཀུའེ་ཀྲོའུ། ཀོང་ཤིས་སོགས་ས་ཁུལ་དུ་ས་མཐོའི་འདམ་ཉའི་རིགས་གསར་པ་ཤེས་རྟོགས་བྱུང་ཡང་མཚོ་སྔོན་དུ་ཉ་རིགས་དབྱེ་ཚུལ་དང་འཚོལ་བསྡུའི་མ་དཔེ་སོགས་ལ་ཚན་རིག་དང་མཐུན་པའི་རྟོག་ཞིབ་དང་ཞིབ་འཇུག་བྱེད་ཚད་ཉུང་ཙམ་ཡོད་པ་སོགས་ཀྱིས་རྐྱེན་པས་ས་མཐོའི་འདམ་ཉའི་རིགས་རྟོགས་ཚད་ཉུང་ངུ་ཡིན་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག