འདི་ག་ཚགས་པར་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཧ་ཏི་ཡ་ཐེ་ལོ ༡༢ ལ་སོན་སྐབས་ཞིང་རའི་སྦྱིན་བདག་གིས་ཨ་སྒོར ༢༥༠ སྤྲད་ནས་ཉོས་པ་དང་བྱིས་པ་དེས་སྦྱིན་བདག་གི་ནང་ལས་བྱེད་དགོས་པ་ཕུད་ད་དུང་སྦྱིན་བདག་གི་བཟའ་ཟླ་བཞིར་གཡོག་རྒྱུག་དགོས་ཀྱི་ཡོད། ཧ་ཏི་ཡ་ཐེ་ལ་ཞིང་རའི་སྦྱིན་བདག་གིས་བཙན་གཡེམ་ཐེངས་མང་ཕོག་མྱོང་བ་དང་ཕྲུ་གུ་གཉིས་སྐྱེས་ཡོད། དེ་ནི་སྔར་གྱི་ལོ་རྒྱུས་མིན་ལ་སྒྲུང་གཏམ་ཞིག་མིན་པར། དེ་ནི་དེང་དུས་ནི་ཀྲེར་ཐོན་པའི་གནས་ཚུལ་དངོས་ཤིག་ཡིན།
ཟླ ༡༢ ཚེས ༢ ཉིན་ནི་བྲན་གཡོག་ལམ་ལུགས་མེད་པ་བཟོས་པའི་རྒྱལ་སྤྱིའི་ཉིན་མོ་ཡིན། དུས་རབས ༡༩ པར་ནུབ་རྒྱ་མཚོ་ཆེ་མོ་ལས་བརྒལ་བའི“བྲན་གཡོག་བཙོངས་པའི”བྱེད་སྤྱོད་སྔ་ས་ནས་མེད་པ་བཟོས་རུང་། དེའི་གྲིབ་གཟུགས་སྔར་བཞིན་གནས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་སྐབས་རྣམ་པའི་བྲན་གཡོག་ལམ་ལུགས་མེད་པ་བཟོས་ནས་བྲན་གཡོག་བཙོངས་པའི་བྱེད་སྤྱོད་སྤེལ་མཁན་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པའི་རེ་འབོད་བྱས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན།འཛམ་གླིང་ཐོག་གནོད་འཚེ་ཕོག་མཁན་ཁྲི ༡༨༠༠ ལྷག་ཙམ་ཡོད་པའི་ནང་བྱིས་པ ༦ ཡོད་པའི་ནང་ཕྲུ་གུ་བཟོ་པ ༡ ཡོད་པ་དང་། ཉིན་ལྟར་བུད་མེད་ལྐོག་འཚོང་བྱེད་པ་དང་སྨད་འཚོང་ཁང་དུ་བསྐྱལ་ནས་མི་ལུས་རང་དབང་མེད་པ། བྱིས་པ་གཏེར་ཁྲོན་ནང་ལས་ཀ་བྱེད་དུ་བཅུག་ནས་དུག་ཡོད་ཐལ་རྡུལ་རྔུབས་སུ་བཅུག་པ། སྐྱེས་པ་ཁག་གཅིག་ས་འོག་བཟོ་ཁང་ནང་བཅུག་ནས་གཏའ་ཚབ་ངལ་ནུས་བྱེད་དུ་བཅུག་པ། ཁྱིམ་ཚང་གི་ནང་དུའང་དེང་སྐབས་རྣམ་པའི་བྲན་བཀོལ་བྱེད་པའི་གནས་ཚུལ་བཅས་ཡོད།
འདས་ཟིན་པའི་ལོ ༢༠ ཡི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དེང་སྐབས་རྣམ་པའི་བྲན་གཡོག་ལམ་ལུགས་གནད་དོན་གྱི་རང་མོས་ཡིད་རྟོན་མངགས་བཅོལ་ཐེབས་རྩས་མི་ཆོས་རིང་ལུགས་དང་། ནོར་སྲིད།ཁྲིམས་ལུགས་བཅས་བྱས་ནས་རྒྱལ་ཁབ ༩༠ ལྷག་ཙམ་གྱི་བྲན་གཡོག་ལམ་ལུགས་ཀྱི་གནོད་འཚེ་ཕོག་མཁན་བསྐྱབས་ཡོད།(རྩོམ་འགན་པ། ལྷ་དབང)