ཟླ ༡༢ པའི་ཚེས ༢ ཉིན། དབྱིན་ཇིའི 《གྲོང་ཁྱེར་གྱི་ཉིན་རེའི་གསར་འགྱུར》 ཞེས་པའི་ངོས་སུ་བཀོད་པ་ལྟར་ན། ཉེ་སྔོན། རྒྱ་གར་གྱི་ཁྲིམས་ར་ཞིག་ནས་མནར་གཅོད་ཚད་མེད་མྱངས་པའི་གླང་ཆེན་ར་གཅོད (raju〕ཟེར་བ་ཞིག་རང་བྱུང་ཁམས་སུ་གཏང་དགོས་པའི་ཐག་བཅད། ལོ་ངོ་ལྔ་བཅུ་ལྷག་གི་མནར་གཅོད་ཀྱི་འཚོ་བ་མཇུག་རྫོགས་ཏེ། རང་དབང་གི་རྡོག་མགོ་ནོན་དུས། གླང་ཆེན་ངུས་སོང་། དགའ་སྤྲོ་དང་སེམས་འགུལ་གྱི་མིག་ཆུ་དེས་མིའི་རིགས་ལ་ཅི་ཞིག་བརྗོད་བཞིན་འདུག ང་ཚོས་ཞིབ་མོར་བསམ་ན་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་བདུན་པའི་ནང་། གླང་ཆེན་འདི་ནི“རི་དྭགས་གཅེས་སྐྱོབ sos﹙sosནི་མོ་སི་ཁུ་གློག་ཏར་གྱི་སྒྲ་མཚོན་བྱེད་ཀྱི་གསལ་བྱེད་ཅིག་སྟེ། རྒྱལ་སྤྱིའི་གཅིག་སྤྱོད་ཉེན་བརྡ་ཡིན།﹚”དགེ་སྒྲུབ་མི་སྣས་། དགོང་མོ་ཞིག་ལ་སྡུག་རྩུབ་ཆེ་བའི་བདག་པོའི་ལག་ནས་བསྐྱབས་པ་ཡིན་ལ། ཟླ་གཉིས་ལྷག་གི་རྗེས་སུ། བདག་པོས་ཁྲིམས་ཀྱིས་འགྲོ་ལུགས་བསྒྲུབས་ནས་གླང་ཆེན་ཕྱིར་ལེན་པའི་གཡོ་ཇུས་བྱས་ཀྱང་། ངལ་བ་འབྲས་མེད་དུ་གྱུར།
ཐེངས་འདིའི་ཉེན་སྐྱོབ་དབུ་ཁྲིད་ཁར་ཐིས•ས་ཐུས་ཡ་ན་རི་ཡ﹙Kartick Satyanarayan﹚ནི“རི་དྭགས་གཅེས་སྐྱོབsos”ཡི་རྩ་འཛུགས་པ་ཡིན།ཁོས་ཐེངས་ར་གཅོད་གཅིག་པུའི་རྒྱལ་ཁ་ཙམ་མ་ཡིན་པར།སྡུག་བསྔལ་གྱི་མྱགས་སུ་འཕྱངས་པའི་གླང་ཆེན་ཀུན་གྱི་རྒྱལ་ཁ་ཡིན་ཞེས་བརྗོད།
རྒྱ་གར་གྱི་ཁྲིམས་སུ། གླང་ཆེན་ཚང་མ་སྲིད་གཞུང་ལ་དབང་བས།རི་དྭགས་བདག་གཉེར་དབུ་བཞུགས་ཀྱིས་བསྩལ་བའི་བཀའ་རྟགས་མེད་ན་གླང་ཆེན་གཉོར་མི་ཆོག ར་གཅོད་ནི་རྔོན་རྐུན་གྱིས་ཆུང་དུས་གཞན་ལ་བཙོངས་པ་ཡིན་པས།བདག་པོ་སྔ་མ་ཁ་ཤས་ཁྲིམས་འགལ་གྱིས་གླང་ཆེན་གཉོར་བའི་ཁྲིམས་སུ་སྦྱོར་ངེས།(རྩོམ་འགན་པ། ལྷ་དབང)