རྒྱལ་ཕྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་ཚན་རིག་མཁས་པས་ཚེས ༢༧ ཉིན་ཞིབ་འཇུག་འབྲས་བུ་ཞིག་ཏུ། གནོད་པ་ཆུང་ཤོས་སུ་གྲཊ་པའི་གློག་རྡུལ་ཐ་མག་གི་ངན་སྐྲན་སྐྱེད་རྫས་སྤྱིར་བཏང་གི་ཐ་མག་ལས་ལྡབ ༡༠ ཡིས་མཐོ་ཡི་འདུག་ཟེར་གྱི་འདུག་ཅིང་། གློག་རྡུལ་ཐ་མག་དེ་བར་སྐབས་ཤིག་རིང་མི་རྣམས་ཀྱིས་གཟུགས་པོར་གནོད་འཚེ་ཆུང་བའི་ཐ་མག་ཞིག་ཏུ་ངོས་འཛིན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉི་ཧོང་འཕྲོད་བསྟེན་པུའུ་ཡི་བཀའ་མངགས་ལྟར། ཞིབ་འཇུག་ཚོགས་ཆུང་དེས་གློག་རྡུལ་ཐ་མག་གི་དུ་རླངས་ཁྲོད་ཀྱི་སྐྲན་ནད་བཟོ་བའི་དངོས་པོའི་འདུས་ཚད་ལ་ཞིབ་འཇུག་བྱ་རྒྱུའི་འགན་བླངས་བ་རེད། གློག་རྡུལ་ཐ་མག་དེ་དག་འཛམ་གླིང་ཡོངས་སུ་ཉིན་རེ་ལས་ཉིན་རེར་དར་སྲོལ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ན་གཞོན་ཚོས་ཐོན་རྫས་དེ་དག་ལ་དེ་བས་དགའ་པོ་བྱེད་ཀྱི་ཡོད་པ་དང་། ཐོན་རྫས་དེ་རིགས་ལས་ཐོན་པའི་དུ་རླངས་ཀྱིས་སྲོལ་རྒྱུན་གྱི་ཐ་མག་གི་དུ་བའི་ཚབ་བྱེད་ཀྱི་ཡོད།
ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་བར། དུ་རླངས་ཁྲོད་ཡོད་པའི་སྐྱེ་ལྡན་རྫས་འགྱུར་ཆོན་ཀ་བ་དང་ཁ་བ་ཚུད་པའི་རིགས་ཁག་གི་སྐྲན་ནད་བཟོ་བའི་དངོས་བོའི་འདུས་ཚད་དེ་སྤྱིར་བཏང་གི་ཐ་མག་ལས་ལྡབ ༡༠ ཡིས་མཐོ། ཞིབ་འཇུག་མི་སྣས་ཚེས ༢༧ ཉིན་སྙན་ཞུ་ཕུལ་བ་དང་དེའི་དམིགས་ཡུལ་ནི་མང་ཚོགས་ལ་ཡིད་གཟབ་བྱ་དགོས་པའི་དྲན་སྐུལ་བྱ་རྒྱུ་དེ་རེད།
ད་ལོའི་ཟླ ༨ པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ནར་མ་སོན་པའི་མིར་གློག་རྡུལ་ཐ་མག་འཚོང་རྒྱུ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།(རྩོམ་འགན་པ། རྟ་མགྲིན)