ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱ་གར་བུ་མོ་ལོ ༡༥ ཅན་ལ་སྐྱེས་པ ༦ གིས་བཙན་གཡེམ་བྱེད་རྩིས་ཀྱིས་མཐར་མེ་བརྒྱབ་ནས་བསྲེཊ།

2014-11-27 ཟླ་བ།
   རྒྱ་གར་བྱང་ཕྱོགས་ཀྱི་ལོ ༡༥ ཡིན་པའི་བུ་མོ་ཞིག་ལ་སྐྱེས་པ ༦ གིས་བཙན་གཡེམ་བྱེད་རྩིས་བྱས་པར་མོ་ལ་མེ་བརྒྱབ་པ་དང་། རྨས་ཚབས་ཆེ་བས་བདུན་གཅིག་གི་རྗེས་ནས་ཚེ་ལས་འདས། ཡུལ་དེའི་ཉེན་དཔོན་གྱིས་བརྗོད་པ་ལྟར་ན། དོགས་ཡོད་ཉེས་ཅན ༦ གིས་ཚེས ༡༦ ཉིན་ཁྱིམ་ནས་སྒོར་ཕྱིན་མ་ཐག་ཡིན་པའི་བུ་མོ་བཙན་གྱིས་ཁང་པའི་ནང་དྲུད་དེ་འདོད་པ་སྤྱོད་བྱེད་རྩིས་དང་རེག་རྩིས་བྱེད་སྐབས། མོས་འགོག་རྒོལ་དྲག་པོ་བྱས་པ་དང་། དེའི་འཕྲོ་ལ་ཁོ་ཚོས་བུ་མོ་རྡོ་སྣུམ་ནང་དུ་བཞག་ནས་མེ་བརྒྱབ་པ་རེད་འདུག ཉེས་ཅན ༤ ལག་ཏུ་ཚུད་པ་དང་གཞན་པ་གཉིས་ཉེན་རྟོག་པས་སྔོག་བཤེར་བྱེད་བཞིན་པའི་སྒང་རེད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག